ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་60འཁོར་བ། > ལོ་ངོ་དྲུག་བཅུའི་འཕོ་འགྱུུར།

བདེ་སྐྱིད་འཚོ་བ་རྩམ་པ་རས་ཕད་གང་ནས་འགོ་ཚུགས་པ།

སྤེལ་དུས 2019-03-28 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
      —— ཡར་ལངས་ཞིང་བྲན་འདམ་གཞུང་རྫོང་ཀོང་ཐང་ཤང་ལ་རྒན་གྲོང་ཚོའི་ནོར་རྒྱས་ཀྱི་སྐོར་བཀོད་པ།

འདི་ནི་བགྲེས་སོང་ནོར་རྒྱས(གཡོན་གྱི་དང་པོ)ཀྱིས་གསར་འགོད་པར་བོད་རྙིང་པའི་སྡུག་བསྔལ་བརྗོད་བཞིན་པའི་གནས་ཚུལ་ཡིན་པ།
    མི་སྣའི་རྒྱབ་ལྗོངས།
    1936ལོར་སྐྱེས་པའི་ནོར་རྒྱས་ད་ཆ་ལོ་83ལ་སླེབས་པ་དང་འདམ་གཞུང་རྫོང་ཀོང་ཐང་ཤང་ལ་རྒན་གྲོང་ཚོར་སྡོད་ཀྱི་ཡོད། བོད་དུ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། ནོར་རྒྱས་དང་། ཨ་མ། སྲུ་མོ། སྤུན་གསུམ་བཅས་མི་དྲུག་པོ་སློང་མོ་བྱས་ཏེ་འཚོ་བ་སྐྱེལ་གྱི་ཡོད། 1959ལོར་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ནོར་རྒྱས་ཀྱི་ལས་དབང་ལ་འགྱུར་ལྡོག་ཆེན་པོ་ཕྱིན།
    དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་འདམ་གཞུང་དེ་ཉིད་རྫོང་ཁག་གསུམ་དང་སྡེ་བཞི་སྟེ་འདམ་གཞུང་རྫོང་དང་། པད་ཚང་རྫོང་། ཡངས་ཅན་རྫོང་བཅས་ལ་ཕྱེ་བ་དང་སྡེ་བཞི་རྭ་སྒྲེང་དགོན་གྱི་དོ་དམ་ཁོངས་སུ་གཏོགས་ཀྱི་ཡོད། ནོར་རྒྱས་སློང་མོ་བྱེད་སའི་ལ་རྒན་གྲོང་ཚོ་དེ“ཁང་དམར་སེ་ར་དཔོན་ཚང”གིས་དོ་དམ་བྱེད་པ་དང་སེ་ར་དགོན་གྱི་ཁོངས་སུ་གཏོགས་ཀྱི་ཡོད།
    ད་ཆ་བགྲེས་སོང་ཁོང་གི་འཛུམ་མདངས་ལས་བདེ་སྐྱིད་ཚོར་སྣང་འཕྱུར་ཞིང་། བགྲེས་སོང་ཁོང་གི་བདེ་སྐྱིད་ནི་ལོ་དྲུག་ཅུ་ལྷག་ཙམ་གོང་གི་རྩམ་པ་རས་ཕད་གང་ནས་འགོ་ཚུགས་པ་ཞིག་རེད། ལོ་དེར་ནོར་རྒྱས་ལོ་19ཡིན་པ་དང་བོད་ཞི་བས་བཅིངས་འགྲོལ་བཏང་བའི་ལོ་བཞི་པ་རེད། ལོ་དེར་མཚོ་བོད་གཞུང་ལམ་ཤར་གཏོང་ཐུབ་ཉེར་ཡོད་པ་དང་འདམ་གཞུང་གནམ་ཐང་སྐྲུན་འགོ་ཚུགས་ཡོད། ནོར་རྒྱས་ནི་འཛུགས་སྐྲུན་པ་མང་པོའི་ཁྲོད་ཀྱི་གྲས་ཤིག་རེད།
    ལོ་དྲུག་ཅུ་ལྷག་ཙམ་འདས་ཀྱང་སྐབས་དེ་དུས་ཀྱི་གནས་ཚུལ་དག་གསལ་པོར་ངེས་ནས་ཡོད། ཟླ་གཅིག་ལས་ཀ་བྱས་རྗེས། བཅིངས་འགྲོལ་དམག་མིས་ཁོང་ལ་རྡཱ་ཡང་46དང་། རྩམ་པ་རྒྱ་མ་46 མར་རྒྱ་མ་1ཇ་བག་ཆུང་1བཅས་སྤྲད་ཡོད།
    དེ་ནི་ཁོང་ལ་གླ་ཆ་མང་པོ་རག་ཐེངས་དང་པོ་དེ་རེད།
    ཁོང་གིས་རྡཱ་ཡང་དེ་དག་སྤྱད་དེ་སྒོ་ཟོག་ཁ་ཤས་དང་བྱི་རིལ་ཉོས་པ་མ་ཟད། ཆང་གི་བྲོ་བ་ཐེངས་དང་པོར་མྱོང་ཐུབ་པ་བྱུང་ཡོད།
    “དེ་ནས་བཟུང་། ང་ཚེ་རིང་པོ་སྡོད་རྒྱུའི་བསམ་བློ་འཁོར་བྱུང”ཞེས་སྤྲོ་སྣང་གི་དུས་དེ་དྲན་གསོ་བྱེད་བཞིན་དེ་ལྟར་བརྗོད།
    ལོ་མང་སློང་མོ་བྱས་ཏེ་འཚོ་བ་སྐྱེལ་མཁན་ཁོང་གི་ངོས་ནས་བརྗོད་ན། ངལ་རྩོལ་ལ་བརྟེན་ནས་རང་ཉིད་འཚོ་ཐུབ་པ་དེ་ནི་དེ་འདྲའི་བདེ་སྐྱིད་ལྡན་པའི་བྱ་བ་ཞིག་མ་རེད་དམ།
    ནོར་རྒྱས་ཀྱི་ངེས་གསལ་ལ། ཆུང་དུས་ཁྱིམ་ཟེར་བ་དེ་ཡང་ཚོས་བཞུས་པའི་གུར་ཆུང་ཆུང་དེ་ཡིན་པ་དང་རྒྱང་ནས་བལྟས་ན་བྱིའུ་སྐྱག་ཕུངས་པ་ལྟར་ཡོད་པ་དང་འཁྲིས་ནས་ལྟ་སྐབས་དེ་ནི་རས་ཧྲུལ་ལྷན་པ་ཡོག་ཡོག་གི་གུར་ཞིག་རེད། ནང་མི་དྲུག་པོ་དེའི་ནང་སྡོད་པ་དང་ཧྲལ་ཧྲུལ་གྱི་གུར་གྱིས་ཆར་པ་དང་ལྷགས་པ་ནི་འགོག་ཐུབ་ཀྱི་མེད། ཕྱུ་པ་ཧྲལ་ཧྲུལ་གཅིག་པུ་དེ་སུ་སློང་མོ་བྱེད་པར་བསྐྱོད་ན། དེས་གྱོན་ནས་སློང་མོ་བྱེད་པར་འགྲོ་གི་ཡོད།
    དཔྱིད་ཀར་ནང་མི་ཚང་མ་གྲོ་མ་བརྐོ་ནས་བཟའ་རིགས་ཉུང་ཤས་དང་བརྗེ་བ་དང་ཚོས་རྒྱག་ཆེད་ཀྱི་རྩྭ་བསྔོགས་ནས་ཨ་མས་རས་ཚོས་བརྒྱབ་སྟེ་འཕྱིད་ཐབས་བྱེད་པའམ་ཡང་ན་རྩམ་པ་དང་བརྗེ་ཡི་ཡོད། འོན་ཀྱང་ཁྲལ་འཇལ་རྗེས་ཟ་རྒྱུ་དེ་ཙམ་ལྷག་གི་མེད།
    སྟོན་དུས་བྱང་རྭ་སྒྲེང་དགོན་དུ་སྦྱིན་སྲེག་གི་མཛད་སྒོ་འཚོགས་ཀྱི་ཡོད། སྦྱིན་སྲེག་ཚར་རྗེས་ཁྱི་དང་མཉམ་དུ་གཏོར་མ་ཟ་རྒྱུ་ཡོད་པས། དུས་དེ་ཤར་རྒྱུ་བསྒུགས་ནས་སྡོད་ཀྱི་ཡོད།
    གཏོར་མ་ནི་ལྷ་འདྲེའི་ཟས་སུ་ངོས་འཛིན་པ་དང་ཟས་དེ་རིགས་ཧབ་ཐོབ་བརྒྱབ་ན་ཡག་པོ་མེད་ལུགས་ཤོད་ཀྱང་། གྲོད་པ་ལོང་ལ་སྦྱར་བའི་ནོར་རྒྱས་ཀྱིས་སྐད་ཆ་དེ་དག་ལ་སྣང་འཇོག་མི་བྱེད་པར་རྒྱགས་ཚད་ཟས་རྗེས་ཤི་ཡང་འགྱོད་པ་མེད་སྙམ་མྱོང་ཞེས་གཏོར་མ་བཟས་པའི་སྐོར་བརྗོད།
    བཅིངས་འགྲོལ་དམག་འདམ་གཞུང་དུ་འབྱོར་རྗེས། ནོར་རྒྱས་ནང་མི་ཚང་མའི་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར། བགྲེས་སོང་ཁོང་གིས“སྐབས་དེ་དུས་གསོན་པོར་སྡོད་རྒྱུ་བྱུང་བ་དངོས་གནས་ཡག་པོ་རེད་སྙམ་བྱུང”ཞེས་བརྗོད།
    1959ལོར་བོད་ཀྱི་མཐོ་རིམ་ལོག་སྤྱོད་ཀྱིས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས། ནོར་རྒྱས་ངོ་ལོག་ཟིང་འཁྲུག་ཞོད་འཇགས་ཀྱི་དཔུང་ཁག་ནང་ཞུགས། ཟླ་ཤས་སོང་རྗེས། ཁོང་དང་རོགས་པ་ཚོས་ཐོབ་ཆ་ཇ་རླངས་འཁོར་གང་བླུགས་ནས་ཕ་ཡུལ་དུ་ལོག་སྐབས་ཕ་ཡུལ་ལ་འགྱུར་ལྡོག་ཆེན་པོ་ཕྱིན་པ་མཐོང་།
    དམངས་གཙོའི་བཅོས་སྒྱུར་གྱིས་ནོར་རྒྱས་འདྲ་བའི་ཞིང་བྲན་གྱི་ལས་དབང་ལ་ཁ་ལོ་སྒྱུར་ཞིང་། དམངས་གཙོའི་བཅོས་སྒྱུར་བཏང་རྗེས། ཁོང་གྲོང་ཚོའི་བདེ་སྲུང་ཨུ་ཡོན་ལ་བདམས་པ་དང་གཉེན་སྒྲིག་རྗེས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་འགོ་ཚུགས།
    དུས་ཚོད་ནི་མིག་ཡུག་ཙམ་ཞིག་ལ་ལོ་60འདས་ཟིན། ད་ཆ་བགྲེས་སོང་ནོར་རྒྱས་ལ་བུ་ཕྲུག་5ཡོད་པའི་ནང་ནས་3རང་མགོ་ཐོན་ཟིན་ཞིང་། ད་ཆ་བགྲེས་སོང་ཁོང་དང་བཟའ་ཟླ་དང་། བུ་པ་སངས། བུ་མོ་བསྟན་སྒྲོན། ད་དུང་ཚ་བོ་བཅས་མཉམ་དུ་འཚོ་བ་སྐྱེལ་གྱི་ཡོད།
    རྒྱ་ཆེ་བའི་འབྲོག་ཁྱིམ་སྒོ་རའི་ནང་ཁང་པ་སྟར་པ་གཉིས་ཡོད་པ་དང་ནུབ་ཏུ་ད་དུང་ཁང་པ་གསར་པ་སྟར་པ་ཅིག་ཡོད་པ་དེ་ལོ་ཁ་ཤས་ཀྱི་སྔོན་དུ་སྲིད་གཞུང་གིས་མ་དངུལ་བཏང་ནས་བརྒྱབ་པའི་བདེ་སྡོད་ཁང་པ་རེད། ལོ་གསར་སྐབས་བསྒར་བའི་གཤམ་བུ་རླུང་བུའི་ཁྲོད་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས། “ད་ཆ་ང་ཚོ་ལོ་ན་མཐོ་བ་དང་ཁྱིམ་དུ་ཡང་ཕྱུགས་རིགས་མང་པོ་མེད། འོན་ཀྱང་ཏང་གི་སྲིད་ཇུས་བཟང་པོའི་འོག་ང་ཚོར་རྒན་གསོ་འགན་བཅོལ་གྱི་དངུལ་དང་། རྩྭ་ཐང་སྣོད་བཅུད་ཀྱི་ཁ་གསབ་དངུལ། གྲོང་ཚོའི་མཉམ་སྡེབ་ཡོང་འབབ་བགོ་བཤའི་དངུལ་བཅས་ལེན་རྒྱུ་ཡོད་པས་འཚོ་བ་སྐྱིད་པོ་ཡོད། ཟླ་གཉིས་ཀྱི་རྗེས་ང་ཚོ་དགུན་དུས་ཀྱི་ཕྱུགས་འཚོ་ས་ནས་སྤྱི་ལེ་གཅིག་ཆོད་པའི“ཉི་འོད་སྤྲོ་ཁང”དུ་སྤོ་རྒྱུ་ཡིན། སྡོད་ཁང་དེ་དག་སྲིད་གཞུང་གིས་མ་དངུལ་བཏང་ནས་བརྒྱབ་པ་ཞིག་དང་ཁུལ་ཆུང་གི་སྒྲིག་ཆས་ཆ་ལག་ཚང་ལ་ཁོར་ཡུག་ཧ་ཅང་ཡག་པོ་འདུག ང་ད་དུང་ལོ་60སྡོད་རྒྱུ་བྱུང་ན་སྙམ་གྱི་འདུག”ཅེས་བགྲེས་སོང་ནོར་རྒྱས་ཀྱིས་གྱང་ཐོག་ཏུ་བཀལ་བའི་གཙོ་འཛིན་གྱི་སྐུ་པར་ལ་ལྟ་བཞིན་བཤད།

རྩོམ་སྒྲིག་པ། སྣང་རྡོ།