ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་60འཁོར་བ། > ལོ་ངོ་དྲུག་བཅུའི་འཕོ་འགྱུུར།

ས་མཐོའི་གནའ་གྲོང་ཞིག་གི་འཕོ་འགྱུར།

སྤེལ་དུས 2019-03-28 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
             བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བའི་རིང་། ལྗོངས་ཡོངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་ཁྱབ་ཁོངས་སོ་སོར་གནམ་ས་བླ་འོག་བརྗེ་འདྲའི་འགྱུར་ལྡོག་བྱུང་སྟེ། རྒྱ་ཆེའི་མི་དམངས་མང་ཚོགས་རྣམས་དངོས་སུ་བོད་ལྗོངས་ཀྱི་བདག་པོར་གྱུར་ནས་རྨི་ལམ་དུའང་ཤར་མ་མྱོང་བའི་བདེ་སྐྱིད་ཀྱི་འཚོ་བ་རོལ།
            ལྷ་ས་གྲོང་ཁྱེར་གྱི་འཛུགས་སྐྲུན་ཐད་ནས་གླེང་ན། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། ལྷ་སར་གཙུག་ལག་ཁང་མཐའ་འཁོར་གྱི་བར་སྐོར་ལས་གཞན། བཟོ་ལྟ་ཅན་གྱི་སྲང་ལམ་གཅིག་ཀྱང་མེད་ལ་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་གང་ཡང་མེད་པ་སྟེ། ལམ་གློག་དང་། ཆུ་མཁོ་འདོན་དང་ཆུ་འབུད་ཀྱི་སྒྲིག་ཆས་མེད་ཅིང་། བཟོ་ལྟ་ཅན་གྱི་གཞུང་ལམ་ཡང་མེད་པར་མ་ཟད། རྒྱུན་པར་ཁྲོམ་གཞུང་དུ་འཁྱག་ལྟོགས་ཀྱིས་བཟོད་ནས་ནད་ཕོག་སྟེ་འགྱེལ་བའི་མི་དང་། སྤྲང་པོ། བཙོན་མ། ཁྱུ་དང་ཁྱུ་བྱས་པའི་ཁྱི་སོགས་མཐོང་ཐུབ་ཀྱི་ཡོད། གཙུག་ལག་ཁང་གི་ནུབ་ཕྱོགས་ལ “ནུབ་པོའི་སྤང་ཚང”ཞེས་འབོད་དེ། དེ་ནི་སྤྲང་པོ་འཚོགས་པའི་གནས་རེད། ར་མོ་ཆེ་གཙུག་ལག་ཁང་གི་མཐའ་འཁོར་ཡང་སྤྲང་པོ་འདུས་སྡོད་ཀྱི་གནས་ཤིག་རེད། 
            གྲོང་ཁྱེར་ཀྱི་འཛུགས་སྐྲུན་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་རྨང་གཞི་དང་རུས་སྒྲོམ་ཡིན་ཞིང་། ལོ་ངོ་60རིང་། དམངས་གཙོའི་བཅོས་སྒྱུར་གྱིས་ལྷ་སར་སྐྱེ་སྟོབས་ཀྱི་དཔལ་འབར་བར་བཅུག་པ་སྟེ།  གྲོང་ཁུལ་རྙིང་པའི་སྒྱུར་བཀོད་མངོན་འགྱུར་བྱ་ཆེད། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆེད་དུ་མ་དངུལ་འབོར་ཆེན་བཏང་ནས་སྔར་ཡོད་ལྟར་ཞིག་གསོ་ཉམས་གསོ་བྱེད་པའི་རྩ་དོན་གཞིར་བཟུང་སྟེ་གྲོང་ཁུལ་རྙིང་པའི་སྡོད་ཁང་ཉེན་ཅན་དང་། འགྲོ་ལམ། ས་ངོས་གོང་འོག་གི་ཆུ་འབུད་ཀྱི་སྦུགས་མདོང་ལ་བསྒྱུར་བཀོད་བྱས་ཏེ། གནའ་གྲོང་འདིར་གནམ་ས་བླ་འོག་བརྗེ་འདྲའི་འགྱུར་ལྡོག་བྱུང་དུ་བཅུག་པ་དང་།  རྒྱ་ཆེའི་མི་དམངས་མང་ཚོགས་རྣམས་གསལ་ཞིང་ཁོད་ཡངས་པ་དང་གཙང་ཞིང་སྐྱིད་སྣང་དོད་པའི་སྡོད་ཁང་དུ་འདུག་ཐུབ་སོང་།  གྲོང་ཁྱེར་འཛུགས་སྐྲུན་གྱིས་མི་རྣམས“ ཁྲོན་ཆུ་འཐུང་བ་དང་། ཆུ་མེད་གསང་སྤྱོད་བཀོལ་བ། ལྕི་བ་འབུད་རྫས་བྱེད་པའི”ལོ་རྒྱུས་ལས་ཐར་བར་བཅུག 
            2012 ལོའི་ལོ་མཇུག་ཏུ། ཏང་དང་སྲིད་གཞུང་གིས་ཡང་བསྐྱར་མ་དངུལ་སྒོར་དུང་ཕྱུར་15བཏང་ནས་ལྷ་སའི་གྲོང་ཁུལ་རྙིང་པར་སྒྱུར་བཀོད་བྱ་བའི་ལས་གྲྭའི་མགོ་དངོས་སུ་ཚུགས་ཤིང་། དེར་ལམ་ངོས་ཀྱི་རྡོ་པང་སླར་གསོ་དང་།  ཆུ་འབུད་སྦུགས་མདོང་དྲ་བ་འཛུགས་སྐྲུན། ཆུ་འདྲེན་ལས་གྲྭ། ཁྱད་ཆོས་ལྡན་པའི་མཛེས་ལྗོངས་སྲུང་སྐྱོབ་དང་ཨར་སྐྲུན་གྱི་ནུས་རྒྱུ་གྲོན་ཆུང་བྱ་བའི་སྒྱུར་བཀོད་དང་། གློག་ཤུགས་སྒྱུར་བཀོད་སོགས་གྲོང་མིའི་འཚོ་བ་དང་འབྲེལ་བའི་ཕྱོགས་ཡོངས་འདུས་པ་ཡིན།   ཆུ་འབུད་དང་གློག་དྲ་སོགས་ལ་བསྒྱུར་བཀོད་རབ་དང་རིམ་པ་བྱས་པ་བརྒྱུད། སྔོན་ཆད་ཀྱི་གྲོང་ཁུལ་རྙིང་པའི་བཙོག་ཆུ་ལམ་ངོས་སུ་འཕྱུར་བ་དང་། ཆར་དུས་སུ་ས་གཤོང་དུ་པུས་མོར་ཐུག་པའི་ཆར་ཆུ་འཁྱིལ་བ། མཁའ་དབྱིངས་ཀྱི་སྡོམ་དྲ་དང་འདྲ་བའི་གློག་སྐུད་སོགས་ཀྱི་གནད་དོན་འདི་དག་འདས་སོང་དུ་གྱུར་ཅིང་། དེ་དང་ཆབས་ཅིག་ཏུ་བྱུང་བ་ནི་གཡམ་ལེབ་བཏིང་བའི་སྲང་ལམ་དང་། རང་འབབ་ཆུ་དང་རང་བྱུང་སོལ་རླངས་ཡོད་པའི་ཐབ་ཚང་། དགུན་ཁར་ཁྱིམ་དུ་རིན་མི་དགོས་པའི་དྲོད་རླངས་ནང་འཇུག་བྱས་ཏེ་གྲང་སྡུག་རོལ་མི་དགོས་ཤིང་། ཆུ་བཤལ་རྣམ་པའི་གསང་སྤྱོད་དུ་འབུ་སྦྲང་མི་ཡོང་བ། ཁང་པ་གསར་པ་གསར་རྐྱང་ཡིན་ཀྱང་སྲོལ་རྒྱུན་གྱི་སྒོ་དང་སྒེའུ་ཁུང་དང་མེ་ཏོག་གི་མཐའ་རྒྱན་སྤྱོད་པ་དང་། ཚད་གཞི་འདྲ་མིན་སྣ་ཚོགས་ཀྱི་མཚོན་རྟགས་བྱང་བུ་དང་། འཐུས་སྒོ་ཚང་བའི་ཁོར་ཡུག་འཕྲོད་བསྟེན་གྱི་སྒྲིག་ཆས་དག་འཕྲེད་གཞུང་གིས་བསྣོལ་ཡོད་ཅིང་། སྦུག་ཐག་རིང་ཞིང་འཇམ་ཐིང་ངེར་གནས་པའི་སྲང་ལམ་དང་། གནའ་ཉམས་དོད་པའི་བཟོ་བཀོད་རེ་རེར་ཁྱད་ཆོས་ཆེན་པོ་ལྡན་པའི་ལྷ་སའི་གྲོང་ཁུལ་རྙིང་པར་རྒྱུ་ཚེ། མི་རྣམས་ཀྱིས་མཐོང་བ་ནི་ལོ་རྒྱུས་ཀྱི་རི་མོའི་ཁྲོད་ནས་བྱུང་བའི་མཛེས་སྡུག་ལྡན་པའི་གནའ་གྲོང་ཞིག་ཡིན།
འདི་ནི་ལྷ་སའི་སྲང་ལམ་གྱི་མཛེས་ལྗོངས་རེད།
            ལོ་ངོ60རིང་།  འཛུགས་སྐྲུན་ཟིན་པའི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམ་གྲུ་བཞི་མ་77.9རུ་མང་དུ་ཕྱིན་པ་དང་། དཔལ་འབྱོར་གསར་སྤེལ་ཁུལ་དང་། མཐོ་གསར་ལག་རྩལ་ཁུལ། རིག་གནས་ཡུལ་སྐོར་གྱི་གསར་གཏོད་གླིང་ཁུལ། གྲོང་ཁུལ་རྙིང་པ་དང་། ཁུང་ཀང་གཞིས་ཁུལ་གསར་པ་སོགས་གྲོང་ཁྱེར་གྱི་ནུས་པའི་ཁུལ་མགྱོགས་མྱུར་ངང་རྒྱ་བསྐྱེད་དེ། གྲོང་ཁྱེར་གྱི་རུས་སྒྲོམ་ཟམ་མི་ཆད་པར་རྒྱ་ཇེ་ཆེར་སོང་ཞིང་། སྔ་རྗེས་སུ་སྟོད་ལུང་བདེ་ཆེན་རྫོང་དང་། སྟག་རྩེ་རྫོང་གཉིས་རྫོང་ནས་ཆུས་སུ་བསྒྱུར་ཏེ། ཁོད་ཡངས་བདེ་སྙོམ་གྱི་སྣུམ་ནག་གཞུང་ལམ་བཅུ་ཕྲག་ལྷག་གསར་སྐྲུན་དང་རྒྱས་སྐྲུན་བྱས་ཏེ་གནས་གོང་ཆེ་བའི་རླངས་འཁོར་སྣ་ཚོགས་མཚམས་མི་ཆད་པར་རྒྱུག་བཞིན་ཡོད་པ་དང་། གང་ས་གང་དུ་མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་གཙང་སྦྲ་དོད་པའི་དེང་རབས་ཅན་གྱི་གཞིས་ཁུལ་དང་འཛུགས་སྐྲུན་གྱིས་ཁེངས་ཡོད་པར་མ་ཟད། " རི་བོར་སྡོང་བོས་ཁེངས”པ་དང་། " གཙང་ཆུ་མཚོ་མོར་བསྐྱིལ་བ”  " ཁྱིམ་དུ་དྲོད་རླངས་བྱུང”སྟེ་ལུས་རྩལ་གྲོང་དང་། ལྟེ་གནས་སྨན་ཁང་། མཁར་གྲོང་སྐོར་ལམ་སོགས་ག་ལྟ་འདི་ལྟ་མི་ཤེས་པ་ཞིག་ཏུ་གྱུར་ནས “རི་ཆུ་གྲོང་ཁྱེར”ཕན་ཚུན་འོད་མདངས་འཕྲོ་རེས་བྱེད་པ་དང་། " མི་དང་། གླིང་ག མཛེས་ལྗོངས”ཕན་ཚུན་སྤེལ་ཟླ་བྱེད་རེས་ཀྱི་སྣོད་བཅུད་ཤེས་དཔལ་འཕེལ་རྒྱས་ཀྱི་བཀོད་པ་གྲུབ་སྟེ། ལོ་ངོ་སྟོང་ཕྲག་གི་གནའ་གྲོང་ལྷ་སས་ལང་ཚོ་དང་གསོན་ཤུགས་ཀྱི“ངོ་གདོང་གསར་བ”ཞིག་མངོན་པར་བྱས་ཤིང་། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་།  ཐོབ་སེམས།  བདེ་འཇགས་ཀྱི་ཉམས་སྣང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།  ལྷ་སར་འཚོ་བ་སྐྱེལ་བཞིན་པའི་ང་ཚོས་ནང་ལོག་དང་དོ་ཡ་བྱེད་ཆོག་པའི་ས་མཐོའི་གནའ་གྲོང་འདིར་ལྟ་བཞིན་ཉིན་རེ་ལས་ཉིན་རེར་མཛེས་སྡུག་དང་བདེ་སྐྱིད་ལྡན་པ་མྱོང་ཐུབ་པར་མ་ཟད།  སྤོབས་སེམས་དང་ང་རྒྱལ་ཚད་མེད་ཀྱི་མྱོང་ཚོར་ཡང་ཡོད།
འདི་ནི་ལྷ་སའི་སྲང་ལམ་གྱི་མཛེས་ལྗོངས་རེད།
            དུས་རབས་གསར་པར་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་ཞིག་གཏོད་ཅིང་། ས་མཐོའི་གནའ་གྲོང་གིས་རྒྱུན་ཆད་མེད་པར་གསོན་ཤུགས་གསར་པ་ཞིག་གི་འོད་མདངས་འཕྲོ་བཞིན་ཡོད། ལྟེ་བའི་གྲོང་ཁྱེར་ཞིག་ཡིན་པའི་ཆ་ནས། ལྷ་ས་ནི་ལྗོངས་ཡོངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་ཀྱི་ལྟེ་གནས་ཡིན་ཞིང་། དེ་ནི་ལོ་རྒྱུས་རིག་གནས་ཀྱི “གྲོང་ཁྱེར་གྲགས་ཅན”དང་།  མཚོ་བོད་ས་མཐོའི “དག་ཞིང” བསྒྱུར་བཅོས་སྒོ་འབྱེད་ཀྱི“གྲོང་ཁྱེར་གསར་པ”ཡིན།  “ ལོ་ལྔ་ཚན་བཅུ་གསུམ་པའི” རིང་། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ས་མཐོའི་གནའ་གྲོང་འདི་ཉིད་འབད་བརྩོན་ཆེན་པོས་ཨེ་ཤེ་ཡ་ལྷོ་མར་སྒོ་འབྱེད་པའི་ལྟེ་བའི་གྲོང་ཁྱེར་དང་། “ རྒྱུད་གཅིག་ལམ་གཅིག” གི་གཙོ་གནད་འབུར་ཚིགས་སྟེང་གི་གྲོང་ཁྱེར། བོད་དབུས་ལྷོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྣེ་འདྲེན་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་དཔེ་སྟོན་གྲོང་ཁྱེར་དུ་འཛུགས་སྐྲུན་བྱས་པ་དང་། “ ལོ་ལྔ་ཚན་བཅུ་གསུམ་པའི” དུས་མཇུག་ཏུ་སླེབས་སྐབས་ལྷ་སའི་འཛུགས་སྐྲུན་དེ་དཔལ་འབྱོར་ཅུང་དར་རྒྱས་དང་། གྲོང་ཁུལ་གྱི་མི་འབོར་མི་ཁྲི་100ལས་བརྒལ་བའི་མཚོ་བོད་ས་མཐོའི་གྲོང་ཁྱེར་ཆེ་ཤོས་སུ་གྱུར་བར་བརྩོན་ལེན་བྱ་རྒྱུ་རེད། རེས་སྐོར་གསར་པའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་དུང་བརྡ་བཏང་ཟིན་པས།  འཚོ་སྡོད་དང་། ལས་ཞུགས། ཡུལ་སྐོར་བཅས་སུ་འཚམ་པའི་དེང་རབས་ཅན་དུ་འགྱུར་བའི་ས་མཐོའི་གྲོང་ཁྱེར་གསར་པས་གོམ་སྟབས་ཆེན་པོའི་ངང་མ་འོངས་པར་ཕྱོགས་བཞིན་ཡོད་དོ། །