ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་60འཁོར་བ། > ལོ་ངོ་དྲུག་བཅུའི་འཕོ་འགྱུུར།

རང་ལྗོངས་ས་ཁུལ་ཁག་གིས་ཕུན་སུམ་ཚོཌ་པའི་བྱེད་སྒོ་སྤེལ་ཏེ་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་༦༠འཁོར་བར་དྲན་གསོ་ཞུས།

སྤེལ་དུས 2019-03-28 ཡོང་ཁུངས། བོད་ལྗོངས་འཕྲིན་དྲ། རྩོམ་པ་པོ། བློ་གྲོས་ཀྱིས་བསྒྱུར།
    ཉིན་ཤས་བསྟུད་མར།  རང་ལྗོངས་ཀྱི་གྲོང་ཁྱེར༼ས་ཁུལ༽ཁག་དང་ཚན་པ་ཁག་ནས་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ཏེ་ལོ་ངོ་ ༦༠ འཁོར་བར་དྲན་གསོ་ཞུ་ཆེད་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས།  རྒྱ་ཆེའི་ཡར་ལངས་ཞིང་བྲན་དང་རྗེས་རབས་པ་ཚོས་སྤྲོ་སེམས་འཁོལ་པོས་རང་ཉིད་ཀྱི་དུས་ཆེན་ལ་རྟེན་འབྲེལ་ཞུས་ཡོད།

    གཞིས་རྩེ་གྲོང་ཁྱེར་གཉའ་ལམ་རྫོང་གཉའ་ལམ་གྲོང་རྡལ་གཙང་སྟོད་གྲོང་ཚོས་རྒྱལ་དར་གསར་རྐྱང་བརྗེ་བའི་མཛད་སྒོ་གཉེར་བ་དང་།  ས་ཆ་དེ་གའི་དུད་ཁྱིམ ༦༦ གི་མང་ཚོགས་ཚོའི་ལག་ཏུ་ཡང་རྒྱལ་དར་གསར་རྐྱང་རེ་སྤྲད་དེ་སོ་སོའི་ཁང་ཐོག་ཏུ་འཛུགས་སུ་བཅུག་ནས་མི་རིགས་ཁག་གི་མང་ཚོགས་ཚོའི་རྒྱལ་གཅེས་ཀྱི་བསམ་བློ་མུ་མཐུད་གོང་མཐོར་འགྲོ་རྒྱུར་སྐུལ་འདེད་ཐེབས་པ་བྱས་ཡོད།

    ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཞོལ་ཁང་སྡེ་ཁུལ་གྱི་མང་ཚོགས་ཚོས་བོད་གསར་རྙིང་བསྡུར་བའི་པར་རིས་འགྲེམས་སྟོན་ལ་བལྟས་ནས་མུན་ནག་དང་གདུག་རྩུབ་ཅན་གྱི་བོད་རྙིང་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་དབར་གྱི་ཁྱད་པར་དང་འགྱུར་ལྡོག་ལ་ངོས་འཛིན་གསལ་པོ་ཐུབ་པ་བྱས།

    རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞིར་སྐྱོད། སྤྱི་ཚོགས་གསར་རྙིང་མངོན་པའི་པར་རིས་ལྟས།