ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་60འཁོར་བ། > ལོ་ངོ་དྲུག་བཅུའི་འཕོ་འགྱུུར།

དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་ངོ་དྲུག་ཅུ་ཡི་རིང་བོད་ཀྱི་སློབ་གསོར་གོང་འཕེལ་ཆེན་པོ་བྱུང་ཡོད་པ།

སྤེལ་དུས 2019-03-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
           སློབ་གསོ་ནི་དེང་རབས་ཤེས་དཔལ་གྱི་རྨང་རྡོ་ལྟ་བུ་ཡིན་ལ་མི་རིགས་ཤིག་གི་ཆེས་གཞི་རྩའི་བྱ་གཞག་ཅིག་ཀྱང་རེད།ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བོད་རིགས་ས་ཁུལ་གྱི་རྣམ་པ་བསྒྱུར་པར་རྩ་བའི་སྟེང་ནས་སློབ་གསོར་བརྟེན་དགོས”ཞེས་དང“སློབ་གསོའི་བོད་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྩིས་དངོས་འགྱུར་གསུམ་རིག་གཞུང་ཚན་ཁག་གཙོ་བོར་བྱས་པའི་ནང་སའི་དགེ་རྒན་བོད་དུ་བསྐྱོད་ནས་སློབ་གསོར་རོགས་སྐྱོང་གནང་རྒྱུ་གནད་དུ་བཟུང་ནས་ཤུགས་སྣོན་རྒྱག་དགོས”ཞེས་བསྟན་ཡོད་པ་རེད།ཀུན་གྱིས་མཁྱེན་གསལ་ལྟར། བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་། བོད་ལ་དེང་རབས་ཀྱི་དོན་སྙིང་ལྡན་པའི་ཚད་ལྡན་སློབ་གྲྭ་གཅིག་ཀྱང་ཡོད་པ་མ་རེད། དགོན་པ་དང་གཞུང་བཙུགས། སྒེར་བཙུགས་སློབ་གྲྭ་བཅས་ནི་སློབ་གསོ་རྙིང་པའི་བྱེད་ཐབས་གཙོ་བོ་རེད་དེ། སྐབས་དེའི་སློབ་གསོ་བྱེད་སྟངས་རྙིང་པར་གྲྭ་བཙུན་དང་སྐུ་དྲག  དཔོན་རིགས་ཀྱི་བུ་ཕྲུག་བཅས་ནི་སློབ་མ་བསྡུ་ཡུལ་གཙོ་བོ་ཡིན་ལ། སློབ་ཚན་གྱི་བཀོད་སྒྲིག་ཐད་ཀྱང་། སྐད་ཡིག་དང་ཆོས་ལུགས་ནི་སློབ་གསོའི་ནང་དོན་གཙོ་བོ་ཡིན་ལ་ཉེ་རབས་རང་བྱུང་ཚན་རིག་གི་ཤེས་བྱ་ནི་ཕལ་ཆེར་སྟོང་བ་རེད། སློབ་གསོ་སྤེལ་བའི་གོ་རིམ་ཁྲོད་དུ་ཚད་ལྡན་གྱི་དགེ་རྒན་ཞིག་ཀྱང་མེད་པས་ཚན་རིག་དང་མཐུན་པའི་སློབ་གསོ་ནི་དེ་བས་ཀྱང་གླེང་ཐབས་ཡོད་པ་མ་རེད། སློབ་ཁྲིད་བྱེད་སྟངས་ཀྱང་ཕལ་ཆེར་མི་གཅིག་གིས་སློབ་ཁྲིད་དང་བློར་འཛིན་པའི་ཐབས་གཙོ་བོར་འཛིན་གྱིན་ཡོད་ཅིང་། སློབ་མའི་རིག་སྟོབས་དང་ནུས་རྩལ། ལུས་ཁམས་བདེ་ཐང་སོགས་ཕྱོགས་བསྡུས་ཀྱི་བྱང་ཚད་ཁྱོན་ཡོངས་ནས་འཕེལ་རྒྱས་གཏན་ནས་ཐོབ་ཀྱི་མེད་པ་དང་། སློབ་གསོ་ཁྱབ་གདལ་གཏོང་པར་ཁྱོན་ནས་ཚད་བཀག་ཆེན་པོ་ཐེབས་ཤིང་སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད5%ཡང་ཟིན་མེད་པ་དང་ཡིག་རྨོངས་བ95%ལ་སླེབས་ཡོད། འདི་ལས་བོད་རྙིང་པའི་སློབ་གསོ་ནི་གོང་རིམ་གྲལ་རིམ་ཉུང་ཤོས་ཀྱི་ཆེད་དབང་ཁེ་ཕན་ཞིག་ཡིན་ལ། གྲངས་འབོར་ལ་ཚད་བཀག་ཆེན་པོ་ཡོད་ཕྱིར། རྩ་བའི་སྟེང་ནས་རྒྱ་ཆེའི་མི་དམངས་མང་ཚོགས་དང་ཁོ་ཚོའི་བུ་ཕྲུག་ལ་སློབ་གསོ་ཐོབ་པའི་གོ་སྐབས་འདོན་སྤྲོད་བྱེད་ཀྱི་མེད་པ་མ་ཟད། སློབ་གསོའི་ནང་དོན་གྱི་ཐད་ནས་ཀྱང་དུས་རབས་ཀྱི་རྗེས་སུ་རྒྱང་ཐག་རིང་པོར་ལུས་ནས་དེང་རབས་སློབ་གསོ་དང་ཁྱོན་ནས་མཐུན་གྱི་མེད་པ་དང་། དམངས་ཡོངས་ཀྱི་སློབ་གསོ་ནི་རྩ་བ་ནས་གླེང་ཐབས་བྲལ་བ་རྟོགས་ཐུབ། དོན་དངོས་སུ། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་དབང་སྒྱུར་འོག     བོད་མི་འབོར་གྱི90% ཟིན་པའི་ཞིང་བྲན་ལ་ཐ་ན་ས་ཞིང་གི་རང་བདག་ཁེ་དབང་དང་མི་ལུས་ཀྱི་རང་དབང་ཐོབ་དབང་ཡང་མེད་པས་སློབ་གསོ་ཐོབ་པའི་དབང་ཆ་ནི་དེ་བས་ཀྱང་གླེང་ཐབས་ཡོད་པ་མ་རེད།
           1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་སློབ་གསོའི་བྱ་གཞག་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་ནས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད། 2000ལོར། “ གཉིས་ཡོད་བརྒྱད་ཐིག”ལས་བདེ་བླག་ངང་བརྒལ་པ་དང་། 2011ལོར་སླེབས་སྐབས། བོད་ཀྱི“གཞི་རྩ་གཉིས”ཀྱི་འགག་སྒྲོལ་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་པ། དེ་ནས2012ལོར་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ་དང་། སློབ་གསོ་ནི“རྩ་བའི་ཆར་དྲང་གཞག་མཁོ་སྤྲོད”འཚོལ་སྙེགས་བྱེད་པ་ནས“སྤུས་ལེགས་དོ་སྙོམས”ལ་བསྐྱོད་པ་དང་། ལྗོངས་ཡོངས་ཀྱི་རྫོང(ཆུས)74 ཡིས་ལོ་དགུའི་འོས་འགན་སློབ་གསོ་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་རྒྱུ་ལེགས་གྲུབ་བྱུང་པ། རྫོང(ཆུས) 62ཀྱི་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ལ་རྒྱལ་ཁབ་ཀྱིས་ཁས་ལེན་ཐོབ་པ་བརྒྱུད། རྒྱལ་ཡོངས་ཀྱི་སྔོན་དུ་སློབ་སྔོན་སློབ་གསོ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ།  མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོར་ལོ15ལ་ སློབ་ཡོན་མི་དགོས་པའི་སློབ་གསོ་ལེགས་འགྲུབ་བྱུང་ནས་སློབ་སྔོན་སློབ་གསོ་དང་རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། དར་མའི་སློབ་གསོ། དམིགས་བསལ་སློབ་གསོ་བཅས་ལ་ཁྱབ་པའི་དེང་རབས་ཅན་དུ་འགྱུར་བའི་སློབ་གསོའི་མ་ལག་གྲུབ་པ་དང་། 2018ལོའི་བར།  བོད་ཀྱི་སློབ་སྔོན་སློབ་གསོའི་བུ་བཅོལ་ཁང་དུ་ཞུགས་ཚད་རྐྱང་པ77.9%ལ་སླེབས་པ་དང་།མཐོ་རིམ་སློབ་གསོར་སློབ་ཞུགས་བྱེད་ཚད་རྐྱང་པ39.2%ལ་སླེབས་པ། གཞོན་དར་ཡིག་རྨོངས་ཀྱི་ཚད་མར་ཆག་ནས་0.52%སླེབས་པ། ངལ་རྩོལ་མི་གྲངས་ཀྱིས་སློབ་གསོ་དང་ལེན་བྱེད་པའི་ཆ་སྙོམས་ལོ་ཚད་ལོ8.6ཟིན་པ། བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་ལོ་ངོ60ཡི་རིང་། བོད་ཀྱི་སློབ་གསོའི་བྱ་གཞག་ནི་དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གྲྭ་གཅིག་ཀྱང་མེད་པ་ནས“སློབ་གྲྭར་འགྲོ་རྒྱུ་ཡོད་པ”དང་དེ་ནས“སློབ་གྲྭ་ཡག་པོ་འགྲིམ་པའི”བར་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་ཐེངས་རེ་རེར་བྱེད་འགོ་ཚུགས་ཡོད་པ་དང་། གྲུབ་འབྲས་གཟེངས་སུ་ཐོན་པ་རེ་རེའི་ལྟག་རྒྱབ་ཏུ་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་དམིགས་བསལ་གྱི་ཐུགས་ཁུར་གནང་པ་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་ཡོད་པ། གསར་དུ་བསྐྲུན་པའམ་ཡང་ན་འཛུགས་སྐྲུན་བྱེད་བཞིན་པའི་སློབ་རར་དཔེ་གློག་གི་དབྱངས་རྟ་ལྷང་ངེར་སྒྲོག་ཡོང་པ་དེའི་ཐོག་ནས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་སློབ་གསོ་ནི་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གོ་གནས་སུ་བཞག་པ་དང་། སློབ་གསོ་ནི་དམངས་འཚོའི་ལས་གྲྭ་ཨང་དང་པོར་གྱུར་རྒྱུ་བརྟན་སྲུང་དང་འབད་བརྩོན་གནང་པ། དཀའ་ལས་ལ་གྲུབ་འབྲས་སྨིན་པ་མཚོན་ཡོད།
           བོད་ཀྱི་དེང་རབས་སློབ་གསོ་ནི་ཕྱི་བཀག་ནང་སྡོམ་དང་རྗེས་ལུས་ཡིན་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སློབ་གསོའི་རྨང་གཞིའི་ཐོག་ནས་བྱུང་བ་ཞིག་ཡིན་པར་བརྟེན། རང་རྒྱལ་གྱི་ནང་ལོགས་ས་ཁུལ་དང་མི་རིགས་གཞན་དག་དང་བསྡུར་ན་ད་དུང་ངེས་གཏན་གྱི་ཧེ་བག་ཅིག་ཡོད་ངེས་རེད། ཡིན་ནའང་། ཧེ་བག་དེ་རིགས་བོད་ཀྱི་སློབ་གསོའི་འཕེལ་རྒྱས་དང་བསྟུན་ནས་རིམ་བཞིན་ཆུང་དུ་ཕྱིན་ཡོད་པ་རེད། བཅའ་ཁྲིམས་ཀྱི་འགན་སྲུང་གནང་པ་དང་དེ་བཞིན་གྱི་གཟིགས་སྐྱོང་སྲིད་ཇུས་དང་དམིགས་བསལ་གྱི་བྱེད་ཐབས་སྤྱད་པ་བརྒྱུད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ད་གཟོད་ལོ་རྒྱུས་ཆོས་ལུགས་དང་། རང་བྱུང་ཁོར་ཡུག  དེ་བཞིན་དཔལ་འབྱོར་རྗེས་ལུས་ཡིན་པ་སོགས་ཀྱི་རྒྱུ་རྐྱེན་གྱིས་སློབ་གསོའི་གོ་སྐབས་འདྲ་མཉམ་མིན་པའི་གནས་བབ་ཚབས་ཆེན་སེལ་ཐུབ་པ་དང་། ནང་སའི་ཞིང་ཆེན་དང་གྲོང་ཁྱེར་གྱི་སློབ་གསོའི་ཆུ་ཚད་བར་གྱི་ཧེ་བག་ཆུང་དུ་ཕྱིན་པ་རེད། དོན་དངོས་སུ།  བོད་ཀྱི་ས་ཆ་མང་པོར་སློབ་གསོའི་ཆུ་ཚད་ནི་ནང་སའི་ས་ཁུལ་ཁ་ཤས་ལས་བརྒལ་ཡོད་པ་དང་། མི་རྣམས་ཀྱིས་སློབ་གསོ་ལ་བཟུང་བའི་འདུ་ཤེས་ལའང་འགྱུར་ལྡོག་ཆེས་ཆེར་བྱུང་ཡོད་ལ། དེང་རབས་སློབ་གསོ་མྱོང་རྒྱུ་དེ་ཉིད་མི་རྣམས་ཀྱིས་ཡོངས་ཁྱབ་ཏུ་དོན་གཉེར་བྱེད་པའི་དམིགས་འབེན་དུ་གྱུར་ཡོད་ལ་ནང་སར་སོང་ནས་དཔེ་ཆ་ཀློག་པ་ནི་བོད་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་དང་ཁྱིམ་བདག་ཚོས་རེ་སྨོན་ཆེན་པོ་བྱེད་ཡུལ་ཞིག་ཏུ་གྱུར་ཡོད།   བོད་རིགས་ཉིད་གཙོ་བོར་གྱུར་པའི་མི་རིགས་ཁག་གི་ཕུལ་བྱུང་ཤེས་ལྡན་མི་སྣ་སྐོར་ཞིག་འབུར་དུ་ཐོན་ཡོད་པ་དང་། མི་དམངས་མང་ཚོགས་ཀྱི་ཚན་རིག་རིག་གནས་ཀྱི་བྱང་ཚད་མངོན་གསལ་མཐོ་རུ་ཕྱིན་ཡོད་པ། རྒྱལ་དམངས་ཀྱི་ཕྱོགས་བསྡུས་བྱང་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་སོགས་ཀྱིས་བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་གོང་དུ་སྤེལ་བ་དང་ཁྱོན་ཡོངས་ནས་ཡར་ཐོན་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།
           ཏང་གི་བཀའ་དྲིན་མི་བརྗེད་པ་དང་མེས་རྒྱལ་གྱི་དྲོ་སྐྱིད་བརྗེད་མི་རུང་པ། ང་ཚོས་བསམ་གཞིགས་ནན་གྱིས་བཏང་ནས་བཀའ་དྲིན་རྗེས་སུ་དྲན་དགོས། དེ་ཡང་ཏག་ཏག་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རླབས་ཆེན་གྱི་མེས་རྒྱལ། ཁྱད་དུ་འཕགས་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་འགྲན་ཟླ་དང་བྲལ་བ་དེས་ནི་ད་གཟོད་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཆེས་གཞི་རྩའི་འོས་འགན་སློབ་གསོ་མྱོང་བའི་ཁེ་དབང་སྤྲད་པ་ཡིན་ལ། ད་གཟོད་བོད་ཀྱི་སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་ཐད་གྲུབ་འབྲས་དགའ་འོས་པ་ཞིག་ཐོབ་པ་དང་། ད་གཟོད་མི་རིགས་ཁག་གི་འཛུགས་སྐྲུན་བྱེད་མཁན་དང་རྒྱུན་འཛིན་པ་སྐོར་སྐོར་བྱས་ཏེ་བདེ་བླག་ངང་གསོ་སྐྱོང་འཚར་ལོངས་བྱུང་ཐུབ་པ་རེད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་དུས་ང་ཚོར་སྤྲོ་སེམས་ཆེན་པོ་དང་ཡིད་ཆེས་བརྟན་པོས་ཁེངས་ཡོད་ཅིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རོགས་སྐྱོར་ཤུགས་ཆེན་གནང་བའི་འོག  རང་སྐྱོང་ལྗོངས་ཏང་ཨུད་དང་མི་དམངས་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག  བོད་ཀྱི་སློབ་གསོའི་བྱ་གཞག་གིས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ཐད་ལེགས་སྐྱེས་སྔར་ལས་ལྷག་པ་འབུལ་ངེས་སོ།།