ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་60འཁོར་བ། > གསར་འགྱུར།

ལུས་ལ་གྱོན་པའི་དྲན་འཆར་དང་རིག་གནས།

སྤེལ་དུས 2019-03-27 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
      —— ལོ་དྲུག་ཅུའི་རིང་གི་བོད་ཆས་ཀྱི་འགྱུར་ལྡོག
      དེང་སྐབས་ལྷ་སའི་ཁྲོམ་གཞུང་དུ་སྐྱོད་སྐབས་གང་ས་ནས་ཐུན་མིན་གྱི་ཉམས་འགྱུར་དང་། བཀྲག་མདངས་ཆེ་བའི་ཚོན་མདོག སྤུས་ཀ་དག་པའི་བཟོ་རྩལ་བཅས་ལས་གྲུབ་པའི་བཟོ་ལྟ་དཔེ་གསར་གྱི་བོད་ཆས་མཐོང་ཐུབ།
      གྱོན་གོས་ནི་རིག་གནས་ཤིག་དང་སྐད་བརྡ་ཞིག་ཡིན་ལ། ཚོགས་སྤྱིའི་རང་བཞིན་གྱི་དྲན་འཆར་ཞིག་ཀྱང་རེད། བོད་ཆས་ལས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་དྲུག་ཅུའི་རིང་མི་རྣམས་ཀྱི་འཚོ་བར་བྱུང་བའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ལེགས་པར་མཚོན་ཐུབ།
      དེང་གི་ཆར་ལྷ་ས་ནས་ཆས་གོས་ལ་བརྟགས་ཏེ་མི་རིགས་གང་ཡིན་དབྱེ་བ་འབྱེད་ཁག་པོ་རེད་དེ། བོད་རིགས་རྣམས་ཀྱིས་དུས་ཆེན་དང་ལོ་གསར་སྐབས་བོད་ཆས་གཙོ་བོར་གྱོན་པ་ལས་དུས་རྒྱུན་གྱི་ལས་ཀ་དང་འཚོ་བར་ནུབ་ཆས་གྱོན་པ་དང་། སྟོད་ཐུང་འབྱར་ཀི གོས་ཐུང་ཉིའུ་ཙེ་སོགས་གཙོ་ཆེར་གྱོན་གྱི་ཡོད་པ་དང་། མཛེས་ཆོས་ལ་དགའ་བའི་རྒྱ་རིགས་གཞོན་མ་ཚོས་བོད་ཆས་དཔེ་གསར་གྱོན་རྒྱུར་དགའ་པོ་བྱེད།
      “ལྗིད་ལ་དྲོད་ཆེ་བ་དང་རིང་ལ་ཆ་ཆེ་བ་ནི་སྲོལ་རྒྱུན་བོད་ཆས་ཀྱི་ཁྱད་ཆོས་གཙོ་བོ་ཡིན་པས། གནམ་གཤིས་དྲོ་དུས་དང་ངལ་རྩོལ་བྱེད་སྐབས་ཀྱི་དགོས་མཁོར་གཞིགས་ནས་ལག་ངར་གཡས་པའམ་གཉིས་ཀ་ཕྱིར་བཏོན་ནས་ཕུ་ཐུང་སྐེད་པར་དཀྲི་བ་དང་། དགོང་མོ་ཉལ་སྐབས་སྐེད་རགས་བཀྲོལ་ནས་ཕུ་ཐུང་གཉིས་ཕུད་དེ་ཕྱེད་གཏིང་ལ་འདིང་བ་དང་ཕྱེད་ལུས་ལ་འགེབས་ཆོག་པས། དྲོད་ཆེ་བའི་ཉལ་ཆས་ཤིག་དང་ཨ་ན་མ་ན་ཡིན་ལ། གཅིག་གོ་ཉིས་ཆོད་རང་རེད”ཅེས་བོད་ལྗོངས་མི་རིགས་རྒྱན་གོས་རིག་གནས་ཞིབ་འཇུག་ཁང་གི་ཡོན་ཀྲང་ལི་མེས་བརྗོད།
      ལྷོ་ཁ་གྲོང་ཁྱེར་ཁེ་གསུམ་སྡེ་ཁུལ་གྱི་ལོ་70ལ་སོན་པའི་རྒད་པོ་རྡོ་རྗེས“བོད་རྙིང་པར་ཞིང་བྲན་ཡིན་པའི་ང་རང་ལ་སྤུས་ཀ་ཞན་པའི་སྣམ་བུའི་བོད་ཆས་ལས་མེད་པ་གང་ཞིག ནང་འཇམ་མེད་པའི་དབང་གིས་ཤ་ལ་ཕྱིད་དེ་མི་བདེ་ཡོང་གི་འདུག དགོང་མོ་ཉལ་སྐབས་ཀྱང་ཕྱུ་པ་བཀབ་ནས་ཐད་ཀར་ས་ཐོག་ཏུ་ཉལ་གྱི་ཡོད”ཅེས་ཕྱིར་དྲན་བྱས་པ་དང་། དཔལ་འབྱོར་འཁོས་ཀ་ཡག་པའི་སྐུ་དྲག་ཚོས་རྒྱུ་སྤུས་ལེགས་པའི་རས་ཆ་སྤྱད་ནས་འཚེམ་བཟོ་ཞིབ་ཚགས་བྱེད་པ་མ་ཟད། དེར་རྩ་ཆེ་བའི་རྒྱན་ཆ་འདོགས་ཀྱི་ཡོད་ཅེས་བརྗོད།
      དུས་རབས་ལ་འཕོ་འགྱུར་བྱུང་བ་དང་བསྟུན་ནས་སྲོལ་རྒྱུན་གྱི་བོད་ཆས་ལའང་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རིང་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད།
      “སྲོལ་རྒྱུན་གྱི་བོད་ཆས་ལུས་ལ་གྱོན་བདེ་པོ་མེད་པས། ན་གཞོན་མང་པོས་དགའ་པོ་མི་བྱེད་པར་ཁྱད་ཆོས་དམིགས་བསལ་ལྡན་པ་དང་དེང་རབས་ཇུས་འགོད་ཀྱི་ཁྱད་ཆོས་ལྡན་པའི་བོད་ཆས་ལ་དགའ་པོ་བྱེད་ཀྱི་འདུག མཛེས་ཆོས་འགྱུར་འགྲོ་བས་གྱོན་གོས་ཀྱི་ཇུས་འགོད་བྱེད་སྟངས་ལའང་འགྱུར་ལྡོག་བཏང་ནས་དུས་རབས་ཀྱི་རྗེས་ཟིན་པ་དགོས”ཞེས་ལྷ་ས་ཧྲན་ལི་ཐང་ཆེན་དུ་ཡོད་པའི་བོད་ཆས་ཚོང་ཁང་གི་ཇུས་འགོད་པ་སྐལ་བཟང་གིས་བརྗོད།
      སྐལ་བཟང་གིས་ཇུས་འགོད་བྱས་པའི་བོད་ཆས་ལས་མི་རིགས་ཀྱི་གཞི་རྒྱུ་རྒྱུན་འཛིན་བྱས་པའི་ཐོག་དར་བཟོ་ཆེ་བའི་གཞི་རྒྱུ་དང་ཡང་ཟུང་འབྲེལ་བྱས་ཡོད་པ་དཔེར་ན། ཨོ་སི་ཁྲུ་ལི་ཡ་ནས་ནང་འདྲེན་བྱས་པའི་ཐེར་མས་བཟོས་པའི་བོད་ཆས་ལ་དགའ་པོ་བྱེད་མཁན་ཧ་ཅང་མང་པོ་ཡོད།
      བོད་ཆས་ལ་འགྱུར་ལྡོག་འགྲོ་བ་ནི་བོད་རིགས་ཀྱི་དཔལ་འབྱོར་འཁོས་ཀ་ལེགས་སུ་འགྲོ་བ་དང་མཛེས་འཆོས་ཀྱི་དགོས་མཁོའི་འགྱུར་བ་དང་འབྲེལ་བ་ཡོད།
      “རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་མི་རྣམས་ཀྱི་བྱང་ཚད་མཐོ་རུ་ཕྱིན་པ་ལས་བོད་ཆས་ལ་འགྱུར་ལྡོག་འགྲོ་བར་སྐུལ་འདེད་ཐེབས་ཡོད། ལག་རྩལ་གསར་གཏོད་བྱས་པ་ལས་རྒྱན་གོས་ལ་རྒྱུ་ཆ་དང་བཟོ་རྩལ་དེ་བས་མང་བ་མཁོ་འདོན་བྱུང་ཡོད་ལ། དངུལ་ཁུག་རྒྱགས་པ་ཆགས་པ་དང་ལྟ་བར་འགྱུར་ལྡོག་ཕྱིན་པ་ལས་རྒྱན་གོས་ཀྱི་དགོས་མཁོར་ཡང་འགྱུར་ལྡོག་བྱུང་ཡོད”ཅེས་ལི་མེས་བརྗོད།
      རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བའི་འཛད་སྤྱོད་པའི་དགོས་མཁོ་དང་འཚམ་པར་བྱེད་པ་ཕུད། བོད་ཆས་ཚོང་ཁང་གིས་གྲགས་རྟགས་ཀྱི་ཕན་ནུས་ལའང་དེ་བས་མཐོང་ཆེན་པོ་བྱེད་ཀྱི་ཡོད། གསར་འགོད་པས་ལྷ་སའི་བར་སྐོར་དུ“ཨ་ཅག་ལྷ་མོ”དང“འདུ་ཤེས་བདུན་པ”སོགས་གྲགས་རྟགས་ཚོང་ཁང་མི་ཉུང་བ་མཐོང་བྱུང་ལ། དེ་དག་གི་གྲགས་རྟགས་ཀྱི་མིང་འདོགས་སྟངས་དང་། ཚོང་རྟགས་ཇུས་འགོད་བྱེད་སྟངས། དེ་བཞིན་རྒྱན་གོས་ཇུས་འགོད་བྱེད་སྟངས་ཚང་མར་རང་རང་གི་ཁྱད་ཆོས་དང་ཉམས་འགྱུར་ལྡན་འདུག
      ད་ཆ་བོད་ཆས་ནི་ལུས་ལ་གྱོན་པ་ཙམ་མིན་པར། ད་དུང་རིག་གནས་ཀྱི་ཁྱད་ཆོས་མངོན་པར་བྱེད་དགོས་པས། བོད་ཆས་དཔེ་གསར་གྱིས་ཏག་ཏག་དེའི་ཐད་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད།
      མཐར་གཏུགས་ནས་བཤད་ན། བོད་ཆས་ཀྱི་འགྱུར་ལྡོག་ནི་ལོ་ངོ་དྲུག་ཅུའི་གོང་དུ་ས་མཐོའི་མི་རྣམས་ཀྱི་ལས་དབང་ལ་འགྱུར་ལྡོག་འབྱུང་བའི་འཕོ་འགྱུར་ཆེན་པོ་སྟེ། དམངས་གཙོའི་བཅོས་སྒྱུར་ལས་བྱུང་བའོ། 
རྩོམ་སྒྲིག་པ། སྣང་རྡོ།