ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་60འཁོར་བ། > གསར་འགྱུར།

མངའ་བདག་ཆེན་པོ་གསུམ་གྱི་བག་མེད་ལོངས་སྤྱོད་ཀྱི་འཚོ་བ།

སྤེལ་དུས 2019-03-27 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
       མངའ་བདག་ཆེན་པོ་གསུམ་གྱིས་བག་མེད་ལོངས་སྤྱོད་བྱས། རྒྱ་ཆེའི་ཞིང་བྲན་དཀའ་སྡུག་ཁྲོད་དུ་འཚོ་བ་བསྐྱལ།
       བོད་རྙིང་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ལ་འགལ་ཟླ་རྣོ་ངར་ཆེ་བའི་ཞིང་བྲན་བདག་པོ་དང་ཞིང་བྲན་གྲལ་རིམ་ཆེན་པོ་གཉིས་ཡོད་ཅིང་། ཞིང་བྲན་བདག་པོའི་གྲལ་རིམ་ནི་སྡེ་པ་གཞུང་དང་། སྐུ་དྲག དགོན་སྡེའི་མཐོ་རིམ་གྲྭ་བཙུན་བཅས་མངའ་བདག་ཆེན་པོ་གསུམ་ལས་གྲུབ་ཅིང་། བོད་ཀྱི་མི་འབོར་གྱི་5%ཙམ་ལས་བཟུང་མེད་ཀྱང་བོད་ཀྱི་ས་ཞིང་ཡོངས་རྫོགས་དང་། སྒོ་ཕྱུགས། ཐོན་སྐྱེད་ཡོ་ཆས་ཕལ་ཆེ་བ་བཟུང་ནས་བག་མེད་ལོངས་སྤྱོད་ཀྱི་འཚོ་བ་སྐྱེལ་གྱི་ཡོད། བོད་ཀྱི་མི་འབོར་གྱི་95%ཙམ་བཟུང་བའི་ཞིང་བྲན་གྲལ་རིམ་རྣམས་མི་རབས་ནས་མི་རབས་བར་ཞིང་བྲན་བདག་པོའི་ས་ཞིང་ལ་བརྟེན་དགོས་པ་དང་། མི་ལུས་ཀྱང་ཞིང་བྲན་བདག་པོར་དབང་སྟེ་ལྗིད་རྫོབ་ཆེ་བའི་ངལ་རྩོལ་བཙན་ཤེད་ཀྱིས་བསྐུལ་ནས་ཁྲལ་འུ་ལག་ལྕི་པོ་འཇལ་དགོས་སྟབས། ཕ་ཚ་བུ་རྒྱུད་དབུལ་ཕོངས་དང་། བཀྲེས་ལྟོགས། འཆི་ཁར་ཐུག་པ་བཅས་ཀྱི་ཁྲོད་དུ་མི་ཚེ་སྐྱེལ་དགོས་ཀྱི་ཡོད།

གུར་ཧྲུལ་ནང་སྡོད་མཁན་བོད་རྙིང་པའི་དབུལ་པོ་དང་སྤྲང་པོ།

གོས་བཟང་ཟས་མཆོག་གི་འཚོ་བར་རོལ་མཁན་བོད་རྙིང་པའི་སྐུ་དྲག
རྩོམ་སྒྲིག་པ། སྣང་རྡོ།