ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་60འཁོར་བ། > གསར་འགྱུར།

བོད་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣས《རླབས་ཆེན་གྱི་མཆོང་སྐྱོད། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བ》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་བཏོན་པར་བརྩི་བཀུར་ཧུར་ཐག་ཞུས་པ།

སྤེལ་དུས 2019-03-29 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
    2019ལོ་ནི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་ལོ་ཞིག་རེད། ལོ་དྲུག་ཅུ་ལ་རབ་བྱུང་གཅིག་ཡིན་པས་དྲན་གསོ་ཞུ་འོས་པ་ཞིག་རེད། ཟླ་3ཚེས་27ཉིན། 《རླབས་ཆེན་གྱི་མཆོང་སྐྱོད། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བ》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་བཏོན་པར་རང་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣའི་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཞིང་། ཚང་མས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་ལོ་60ཡི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་བའི་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ་ཆེད་མངགས་བཏོན་པ་དེ་ཐོག་ནས་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཚད་མཐོའི་མཐོང་ཆེན་དང་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་དང་བསམ་ཚུལ་གང་ལེགས་མངོན་ཡོད་ཅེས་མགྲིན་གཅིག་ཏུ་བརྗོད།
    རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་དང་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་དང་ཞིབ་འཇུག་པ་ཝང་ཁྲུན་ཧོན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། དུས་རབས་20པའི་ལོ་རབས་50པར་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱིས་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་རྦད་དེ་རྒྱབ་འགལ་བྱས་ཡོད། ལམ་ལུགས་དེ་རིགས་ནི་ཤེས་དཔལ་གྱི་ཞབས་འདྲེན་ཞིག་རང་ཡིན་པས། ལོ་རྒྱུས་ཀྱིས་རྒྱབ་ཏུ་བསྐྱུར་ངེས་རེད། 1959ལོར་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་བོད་ལ་ཤུགས་རྐྱེན་ཟབ་མོ་ལྡན་པའི་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལམ་ལུགས་རྙིང་པ་དང་བྲལ་ཏེ་ལོ་རྒྱུས་ཀྱི་སྲིད་ལོའི་རྩིས་འགོ་གསར་པའི་ཕྱོགས་སུ་བསྐྱོད་པ་དང་། ཞིང་བྲན་ཁྲི་ཚོ་བརྒྱ་ལ་སྒྱུར་བཅོས་དེའི་ཁྲོད་བཅིངས་འགྲོལ་རྦད་དེ་ཐོབ་པ་དང་ཀྲུང་གོ་གསར་པའི་དྲོ་འཇམ་ཉི་འོད་འཕྲོས་ནས་རྒྱལ་ཁབ་དང་། སྤྱི་ཚོགས། རང་ཉིད་བཅས་ཀྱི་ལས་དབང་གི་བདག་པོར་གྱུར་ཡོད། དམངས་གཙོའི་བཅོས་སྒྱུར་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་དངོས་འབྲེལ་བདེ་སྐྱིད་སྐྲུན་པའི་རླབས་ཆེའི་བྱ་སྤྱོད་ཅིག་ཡིན་པ་དང་། བོད་ཀྱི་ས་གནས་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་ངོས་ནས་བརྗོད་ན་ཚེ་སྲོག་གསར་པ་ཐོབ་པ་ཞིག་ཡིན་པས་དེའི་དོན་སྙིང་ཐུན་མོང་མ་ཡིན་པ་ཞིག་རེད་ཅེས་བརྗོད།
    དམངས་གཙོའི་བཅོས་སྒྱུར་བྱེད་པ་དང་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་དུ་བཏང་བ་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཡར་རྒྱས་དང་འཕེལ་རྒྱས་ཀྱི་ལྡོག་མེད་བླང་བྱ་ཞིག་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་མི་དམངས་དམངས་གཙོའི་གསར་བརྗེའི་ལས་འགན་གལ་ཆེན་ཞིག་ཡིན་ལ། བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོ་ལམ་འབའ་ཞིག་དང་བོད་ཀྱི་རྒྱ་ཆེའི་མི་དམངས་གྱི་ཁ་ཚ་དགོས་གཏུག་གི་རེ་འདུན་ཞིག་དེ་བས་ཡིན”ཞེས་བོད་ལྗོངས་སློབ་ཆེན་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་། སློབ་སྤྱི་གཞོན་པ། དགེ་རྒན་ཆེ་མོ་བ་བཅས་ཡིན་པའི་ལོའུ་ཡོན་པིང་གིས་བརྗོད་པ་དང་། ཁོང་གིས“ལོ་60ཡི་རིང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ལྗོངས་སློབ་ཆེན་གྱིས་བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་ཀུན་སྤྱོད་བཟང་པོར་བརྟེན་ནས་མི་སྣ་སྐྱོང་བའི་རྩ་བའི་ལས་འགན་མཐའ་འཁྱོངས་བྱས་ཏེ་ཏང་གིས་སློབ་གྲྭའི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པས་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་ཡོད། 2018ལོར་འཛམ་གླིང་གི་རྩེར་སོན་རིག་ཚན་འཛུགས་སྐྱོང་གི་མཐོ་སློབ་ནང་གྲུབ་འབྲས་ཐོབ་པའི་ངང་ཚུད་རྗེས། སློབ་གྲྭ་འདི་ཉིད་པུའུ་དང་ལྗོངས་མཉམ་སྐྲུན་གྱི་མཐོ་སློབ་ཅིག་ཏུ་གྱུར་ནས་སློབ་གསོ་པུའི་ཐད་གཏོགས་མཐོ་སློབ་ཀྱི་གྲས་སུ་དངོས་སུ་ཚུད་ཡོད། བོད་ལྗོངས་སློབ་ཆེན་གྱི་འཕེལ་རྒྱས་དེ་ནི་ལོ་60ཡི་རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དུས་ཐུང་ལོ་ངོ་བཅུ་གྲངས་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་རེད”ཅེས་བརྗོད།
    བོད་ལྗོངས་མི་རིགས་སློབ་ཆེན་མི་རིགས་ཞིབ་འཇུག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཀྲུའུ་ཡུས་ཕུའུ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། དམངས་གཙོའི་བཅོས་སྒྱུར་བྱས་པ་ལས་བོད་གསར་པ་བྱུང་བ་དང་། ལོ་60ཡི་རིང་རླབས་ཆེན་གྱི་མཆོང་སྐྱོད་བྱུང་བ་དེ་ཐོག་ནས་དམངས་གཙོའི་བཅོས་སྒྱུར་ནི་དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་མཐུན་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་བསམ་འདུན་དང་མཐུན་པ། བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དངོས་དང་འཚམ་པ་བཅས་ཡིན་པས་དེ་ནི་ལོ་རྒྱུས་ཀྱི་ལྡོག་མེད་ཅིག་ཡིན་པ་ར་སྤྲོད་གང་ལེགས་ཐུབ་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་དུས་རབས་གསར་པའི་བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དང་རླབས་ཆེན་གྱི་མཆོང་སྐྱོད་གསར་པའི་འོད་སྟོང་འཕྲོ་བའི་ལེའུ་གསར་པ་མུ་མཐུད་རྩོམ་རྒྱུ་ཡིན་ཞེས་བརྗོད།
རྩོམ་སྒྲིག་པ། སྣང་རྡོ།