ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་60འཁོར་བ། > གསར་འགྱུར།

མི་དམངས་ཀྱི་རླབས་ཆེན་རྒྱལ་ཁ། སྤྱི་ཚོགས་ཀྱི་ཕྱོགས་ཡོངས་ཡར་རྒྱས།

སྤེལ་དུས 2019-04-02 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
    བོད་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གིས《རླབས་ཆེན་གྱི་མཆོང་སྐྱོད། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི》རྒྱབ་ཤ་དཀར་པོའི་དེབ་ལ་གྲོས་བསྡུར་འཁྲུག་པོ་བྱས་པ།
    ཟླ་3ཚེས་27ཉིན། 《རླབས་ཆེན་གྱི་མཆོང་སྐྱོད། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི》རྒྱབ་ཤ་དཀར་པོའི་དེབ་འགྲེམས་སྤེལ་བྱས་རྗེས། རང་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། ཚང་མས་ལོ་60ཡི་གོང་གི་དམངས་གཙོའི་བཅོས་སྒྱུར་ནི་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། ཆོས་ལུགས། རིག་གནས་སོགས་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་ཞིག་དང་། ཀྲུང་གོ་གུང་ཁྲན་ཏང་གིས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་གནང་བའི་རླབས་ཆེན་གྱི་སྤྱི་ཚོགས་བཅོས་སྒྱུར་ཞིག བོད་ཀྱི་མི་དམངས་ལ་ཐོབ་པའི་རླབས་ཆེན་གྱི་རྒྱལ་ཁ་ཞིག་བཅས་རེད་ཅེས་གཅིག་མཇུག་གཉིས་མཐུད་ངང་བརྗོད།
    “བོད་རྙིང་པར་དོན་དངོས་ཐོག་ཆོས་དད་རང་མོས་མེད”ཅེས་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་གནའ་རྫས་རྟོག་ཞིབ་པུའི་དགེ་རྒན་ཆེ་མོ་བ་གཞོན་པ་ཟླ་བ་ཚེ་རིང་གིས་བརྗོད། ཁོང་གིས“དམངས་གཙོའི་བཅོས་སྒྱུར་བྱས་པ་ལས་དགོན་སྡེའི་བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆ་དང་གཉའ་གནོན་དང་བཤུ་གཞོག་ལམ་ལུགས་རྩ་བ་ནས་མེད་པར་བཟོས་ཏེ་བོད་བརྒྱུད་ནང་བསྟན་གྱི་དྭངས་གཙང་ལྷད་མེད་ཀྱི་ཐོག་མའི་རྣམ་པ་སླར་གསོ་ཐུབ་ཡོད”ཅེས་བརྗོད།
    ཟླ་བ་ཚེ་རིང་གིས་དམངས་གཙོའི་བཅོས་སྒྱུར་བྱས་པ་ལས་ནང་བསྟན་གྱིས་དར་སྤེལ་གཏོང་བའི“སེམས་ཅན་ཐམས་ཅད་འདྲ་མཉམ་ཡིན་པའི”ཐོག་མའི་རྣམ་པ་སླར་གསོ་ཐུབ་ནས་གྲུབ་མཐའ་ཁག་འདྲ་མཉམ་དང་ལྷག་པར་དུ་དགེ་འདུན་གྱི་སྡེའི་འདྲ་མཉམ་ལ་སྐུལ་འདེད་བཏང་ཡོད། རྒྱ་ཆེའི་དགེ་འདུན་པ་དཀྱུས་མའི་གནས་བབ་ལ་ཁས་ལེན་དང་བརྩི་འཇོག་ཐེངས་དང་པོ་ཐོབ་སྟེ་བདག་པོའི་རྣམ་པར་བརྟེན་ནས་དགོན་སྡེའི་ལས་དོན་དོ་དམ་ལ་ཐེངས་དང་པོ་ཞུགས་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།
    “ལོ་ངོ་60ཡི་གོང་དམངས་གཙོའི་བཅོས་སྒྱུར་བྱས་པ་ལས་བོད་ཀྱི་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་སྦྱོར་ར་ཤང་གཉན་རྩྭ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་མིའོ་ཐའོ་ཐའོ་ཡིས་ཁ་པར་ནས་གསར་འགོད་པར་དམངས་གཙོའི་བཅོས་སྒྱུར་གོང་གཉན་རྩྭ་གྲོང་ཚོར་དུད་ཚང་80དང་མི་500ལས་མེད་པ་དང་། ལོ་60སོང་རྗེས་ཀྱི་ད་ཆ་གྲོང་ཚོ་ཡོངས་སུ་དུད་ཚང་306དང་མི་907ཡོད་ཅེས་བརྗོད།
    “ན་ནིང་གྲོང་ཚོ་ཡོངས་སུ་བསྡོམས་ཡོང་འབབ་སྒོར་ཁྲི་1158.11དང་མི་རེར་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་10108བྱུང་བ་དང་། གྲོང་ཚོ་ཡོངས་2018ལོའི་ལོ་མཇུག་ཏུ་དབུལ་སྒྲོལ་ཐུབ་ཡོད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་སྟོབས་ཆེའི་བར་འཕེལ་རྒྱས་ཕྱིན་པ་དང་། ཨར་འདམ་ལམ་སྤྱི་ལེ་35བཏིངས་པ། སྤྱི་པའི་གསང་སྤྱོད་13བརྒྱབ་པ། འཐུང་ཆུའི་སྒྲིག་བཀོད་ཁྱོན་ཡོངས་ལ་ཁྱབ་གདལ་བཏང་ཡོད”ཅེས་མིའོ་ཐའོ་ཐའོ་ཡིས་ལོ་གསུམ་རིང་གི་གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་བརྒྱུད། ད་ཆ་གཉན་རྩྭ་གྲོང་ཚོར“སེམས་ཁྲལ་མེད་པ་གཉིས”དང“འགན་ལེན་གསུམ”མངོན་འགྱུར་བྱུང་ནས་ཁྱིམ་ཚང་མི་རེ་ངོ་རེ་ཚང་མར་རྩྭ་ཐང་གི་ཁ་གསབ་དང་། མཐའ་མཚམས་ཀྱི་ཁ་གསབ། ནགས་སྲུང་བའི་ཁ་གསབ་སོགས་དམངས་ཕན་སྲིད་ཇུས་ལོངས་སུ་སྤྱད་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་ཞི་མཐུན་གྱི་རྣམ་པ་གང་ལེགས་མངོན་བཞིན་ཡོད་ཅེས་བརྗོད།
    ཚེས་29ཉིན་གྱི་སྔ་དྲོར། མི་རིགས་ཆོས་ལུགས་ལས་རིགས་ཀྱིས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་60འཁོར་བར་རྟེན་འབྲེལ་ཞུ་བ་དང་རྒྱབ་ཤ་དཀར་པོའི་དེབ་འགྲེམས་སྤེལ་གྱི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་རེད། རང་ལྗོངས་ཀྱི་མི་རིགས་ཁག་གི་འཐུས་མི་དང་། ཆོས་ལུགས་ལས་རིགས་ཀྱི་འཐུས་མི། ཏང་ཕྱིའི་ཤེས་ཡོན་ཅན་གྱི་འཐུས་མི། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣའི་འཐུས་མི། མེས་རྒྱལ་དུ་ཕྱིར་ལོག་པའི་གཏན་སྡོད་བོད་རིགས་སྤུན་ཟླའི་འཐུས་མི། རྒན་ཡོལ་ཞུས་པའི་ལས་བྱེད་པའི་འཐུས་མི་བཅས་ཁྱོན་མི་60བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།
    བཞུགས་མོལ་ཚོགས་འདུའི་ཐོག་ཚང་མས་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱས་པའི་རླབས་ཆེན་གྱི་གྲུབ་འབྲས་ལྷུག་པོར་གླེང་བ་དང་། 《རླབས་ཆེན་གྱི་མཆོང་སྐྱོད། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི》རྒྱབ་ཤ་དཀར་པོའི་དེབ་སློབ་སྦྱོང་གི་མྱོང་ཚོར་སྤེལ་རེས་བྱས་པ་རེད།
    བཞུགས་མོལ་ཚོགས་འདུའི་ཐོག་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་བླང་བྱ་བཏོན་པ་རེད།
རྩོམ་སྒྲིག་པ། སྣང་རྡོ།