ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་60འཁོར་བ། > པར་རིས་གསར་འགྱུར།

བོད་ལྗོངས་རྒྱ་ཚྭ་རྫོང་གིས“ ལོ་རྒྱུས་བློ་ལ་བརྟན་པོར་བཟུང་སྟེ་ཏང་གི་བཀའ་དྲིན་ལ་བསྟོད་པ”ཞེས་པའི་རིག་རྩལ་འཁྲབ་སྟོན་སྤེལ་བ།

སྤེལ་དུས 2019-03-27 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
              ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  དཔྱིད་ཟླ་གསུམ་པ་ནི་སྐྱེ་དངོས་སྣ་ཚོགས་ལ་བསྐྱར་གསོན་གྱི་མྱུ་གུ་འབུས་ཤིང་། མེ་ཏོག་སྣ་བརྒྱ་བཞད་པའི་དུས་ཤིག་ཡིན་ཞིང་། ཟླ་3པའི་ཚེས་25ཉིན། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚྭ་རྫོང་གིས “ ལོ་རྒྱུས་བློ་ལ་བརྟན་པོར་བཟུང་སྟེ་ཏང་གི་བཀའ་དྲིན་ལ་བསྟོད་པ”ཞེས་པ་བརྗོད་གཞི་བྱས་པའི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བ་དང་། “3 • 28 ” ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཉིན་མོའི་རིག་རྩལ་འཁྲབ་སྟོན་སྤེལ་བ་རེད། ལེ་ཚན་གྱི་ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་འདྲ་མིན་སྣ་ཚོགས་ཡིན་ཞིང་། ལྟད་མོ་བ་མི་ཐེངས་800ལྷག་ཡོད་པ་རེད།
འདི་ནི《 ཡར་ལངས་ཞིང་བྲན་གྱིས་གླུ་དབྱངས་ལེན》 ཞེས་པའི་ཞབས་བྲོས་རིག་རྩལ་འཁྲབ་སྟོན་གྱི་འགོ་ཚུགས་པའི་རྣམ་པ་རེད།
པར་འདི་ནི་གདོད་མའི་ཞབས་བྲོ《 ཡར་འབྲོག་ཁྲོམ་གཞས》ཞེས་པ་རེད།
             གདོད་མའི་ཞབས་བྲོ《ཡར་འབྲོག་ཁྲོམ་གཞས》ཀྱིས་དྭགས་པོ་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་གྱོན་གོས་མངོན་ཏེ། མང་ཚོགས་ཀྱིས་ལག་ཟུང་གཉིས་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པའི་མཛེས་སྡུག་ལྡན་པའི་ཕུགས་འདུན་མཚོན་པར་བྱས་ཡོད། ཞབས་བྲོ་འདི་ལྷོ་ཁ་གྲོང་ཁྱེར་གྱི་བོད་ཀྱི་ལོ་གསར་མཚན་ཚོགས་ཀྱི་གར་སྟེགས་ཐོག་ཐེངས་དང་པོར་ཞུགས་པ་དང་། བོད་རང་སྐྱོང་ལྗོངས“སྐར་ཆེན་བྱ་དགའ”སྐབས་བཅོ་བརྒྱད་པར་ཞུགས་པའི་འོས་སྦྱོར་བརྩམས་ཆོས་ཀྱང་ཡིན།
             སྙིང་རྗེ་ཞིང་སྐྱེན་འགྱུར་ལྡན་པ་དང་། སྐྱེ་སྟོབས་ཀྱིས་དཔལ་འབར་བའི་སློབ་མ་ཚོས“མངོན་མིན་རིག་གནས་ཤུལ་བཞག”གི《འབྲས་པ་བྲོ》ཞེས་པའི་ཞབས་བྲོ་འཁྲབ་ཅིང་། དེས“ མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭའི་ནང་བསྐྱོད་པའི་”བྱ་འགུལ་མཚོན་པར་བྱས་ཡོད། དེ་ནི“གནའ་བོའི་ལོ་རྒྱུས་རྒྱུན་འཛིན་དང་སྒྱུ་རྩལ་ལ་བཀྲག་མདངས་འཕྲོ”ཞེས་པའི་གཏམ་རྒྱུད་དུ་གྱུར་ཡོད།
པར་འདི་ནི《འབྲས་པ་བྲོ》ཡིན།
             རླབས་ཆེ་ཞིང་བརྗེད་པར་དཀའ་བའི་ལོ་ཟླའི་ནང་དུ་ཚོན་མདངས་རྣམ་པར་བཀྲ་བའི་ཁ་བཏགས་རེ་རེས་བོད་ཀྱི་བུ་ཕྲུག་རྣམས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་བཅོལ་ཡོད་ཅིང་། འདས་ཟིན་པར་ཕྱིར་དྲན་བྱས་པ་དེས་ང་ཚོར་ཆུ་འཐུང་དུས་ཆུ་ཕུགས་དྲན་པ་དང་།  མངར་ཟ་སྐྱུར་དྲན་བྱས་ཏེ་སྔོན་བྱོན་པ་རྣམས་ཀྱི་ལྗིད་ཏིག་ཏིག་གི་མངགས་བཅོལ་བློ་ལ་བརྟན་པོར་འཛིན་དགོས་ཤིང་། མ་འོངས་པར་རྒྱང་ལྟ་བྱས་པ་ལས་ང་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ཏང་གི་རྗེས་སུ་འབྲངས་ཏེ་འབད་བརྩོན་ཆེན་པོས་འཕེལ་རྒྱས་དོན་གཉེར་དང་། བློ་གཅིག་སེམས་གཅིག་གིས་བསྐྱར་དུ་འཚོ་བ་གསར་བ་བསྐྲུན་ཏེ་མུ་མཐུད་དུ་དུས་རབས་གསར་པའི་མཛེས་སྡུག་ལྡན་པའི་ལེའུ་ཞིག་འབྲི་དགོས་སོ། །
ཡུལ་དངོས་ཀྱི་ལྟད་མོ་བ།