ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་60འཁོར་བ། > པར་རིས་གསར་འགྱུར།

བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བར་ས་མཐོའི་བུ་ཕྲུག་གིས《ང་དང་ང་ཡི་མེས་རྒྱལ》ཞེས་པའི་གླུ་དབྱངས་བླངས།

སྤེལ་དུས 2019-03-27 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།

འདི་ནི་ལྷ་མོའི་ཞབས་བྲོ་འཁྲབ་སྟོན་བྱེད་བཞིན་པ།
          “ང་དང་ང་ཡི་མེས་རྒྱལ་ནི། སྐད་ཅིག་ཙམ་ལའང་ཁ་འབྲལ་མི་ཐུབ། ང་རང་གང་དུ་ཕེབས་ཀྱང་། ནམ་ཡང་བསྟོད་གླུ་ཞིག་ལེན། ་་་”ཞེས་ཉེ་ཆར་བོད་ལྗོངས་ཀྱི་གླུ་པ་གྲགས་ཅན་དང་། ལྷ་མོའི་རྒྱུན་འཛིན་པ། རོལ་དགའི་རོལ་དབྱངས་ཚོགས་པའི་འཁྲབ་སྟོན་པ། གྲོང་མི། སློབ་མ་སོགས་མི་300ལྷག་ཙམ་གྱིས་ཐུན་མོང་ཐོག་འཁྲབ་སྟོན་བྱས་པའི《 ང་དང་ང་ཡི་མེས་རྒྱལ》ཞེས་པ་དེ་བོད་ལྗོངས་ཀྱི་དམངས་གཙོའི་བཅོས་སྒྱུར་གྲོང་གསེབ་ཨང་དང་པོ་ལྷོ་ཁ་གྲོང་ཁྱེར་གྱི་ཁེ་གསུམ་གྲོང་ཚོར་འཁྲབ་སྟོན་བྱས་པ་རེད།
འདི་ནི་ཁེ་གསུམ་གྲོང་ཚོའི་ཕྱི་ལྗོངས་རེད། 
          ད་ཐེངས་ཀྱི་བྱེད་སྒོ་འདི་ནི་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་གིས་གཙོ་གཉེར་བྱས་པ་རེད།
འདི་ནི་ཁེ་གསུམ་གྲོང་ཚོའི་གྲོང་མི་ཚོ་མགྱོགས་ཤར་ནང་ཞུགས་པའི་རྣམ་པ་རེད།
འདི་ནི་མགྱོགས་ཤར་ནང་གི་ལྷ་མོའི་འཁྲབ་སྟོན་རེད།
          ཉིན་དེར།  ཁེ་གསུམ་གྲོང་ཚོའི་རྒྱ་ཆེ་ཞིང་ཁོད་ཡངས་པའི་སྲང་ལམ་དུ་གྲོང་མིས་ཁེངས་ཡོད་ཅིང་། ཨོག་ལེན་ཆེ་བ་དང་། ཨོག་ལེན་ཆུང་བ། པི་ཝང་རྒྱུད་དྲུག་མ་སོགས་ཀྱི་མཉམ་སྒྲོག་རོལ་མོ་གྲགས་པ་དང་བསྟུན་ནས། བོད་ལྗོངས་ཀྱི་གཞས་མ་གྲགས་ཅན་ཚེ་རིང་གཡང་འཛོམས་ཀྱིས་ལོ་ན་72ལ་སླེབས་པའི་བགྲེས་སོང་དབྱངས་ཅན་སྐྱོར་བཞིན་མགྱོགས་ཤར་གྱི་གཞས་སྣེ་དྲངས་པ་རེད།
འདི་ནི་མགྱོགས་ཤར་ཕབ་ལེན་གྱི་ཡུལ་དངོས་རེད།
          བོད་རང་སྐྱོང་ལྗོངས་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་གཙོ་དཔལ་ལྡན་དབང་ཕྱུག་གིས་གཞས་སྣེ་དྲངས་པའི་སྲོལ་རྒྱུན་ལྷ་མོའི་ཞབས་བྲོ་རུ་ཁག་གིས་སྔོན་མདུན་བསུས་ཏེ། 《 བཀྲ་ཤིས་ཞོལ་པ》ལྷ་མོའི་དགའ་སྤྲོའི་ཉམས་འགྱུར་གྱིས་འདུ་ཚོགས་ཧྲིལ་པོའི་རྣམ་པ་གསར་བ་ཆགས་རྒྱུར་སྣེ་ཁྲིད་ཐུབ་ཡོད།
འདི་ནི་ཁེ་གསུམ་གྲོང་ཚོའི་གྲོང་མིས་བྱིས་པ་ཁྲིད་ནས་མགྱོགས་ཤར་ཕབ་ལེན་གྱི་གནས་སུ་ཡོང་བའི་རྣམ་པ་རེད།
          དེ་ལས་གཞན། བོད་རང་སྐྱོང་ལྗོངས་རོལ་དགའ་རོལ་དབྱངས་ཚོགས་པའི་བཀོད་འདོམས་པ་སྤེན་པ་དང་། བོད་ལྗོངས་ཀྱི་སྐད་གྲགས་ལྡན་པའི་པར་ལེན་མཁས་ཅན་ཇོ་རྒོད། རྒྱལ་ཡོངས་ཀྱི་དང་བླངས་པ་ཡག་ཤོས་བཀྲ་ཤིས་དོན་གྲུབ་སོགས་བོད་ལྗོངས་ཀྱི་མི་རིགས་སོ་སོའི་ལས་རིགས་ཁག་གི་མི་སྣ་དང་ཁེ་གསུམ་གྲོང་ཚོའི་གྲོང་མི་ཚོ་དང་ལྷན་དུ་ཡར་ལྷ་ཤམ་པོའི་གངས་རིའི་འདབས་ཀྱི་རོལ་དབྱངས་ཀྱི་དགྱེས་སྟོན་གཟབ་རྒྱས་འདིའི་ནང་དུ་ཞུགས།
འདི་ནི་བོད་ལྗོངས་ཀྱི་གཞས་པ་གྲགས་ཅན་ཚེ་རིང་གཡང་འཛོམས་དང་ཁེ་གསུམ་གྲོང་ཚོའི་རྒད་པོ་མགྱོགས་ཤར་ནང་དུ་ཞུགས་པའི་རྣམ་པ་རེད།
          ཁེ་གསུམ་གྲོང་ཚོ་ནི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་དུ་གནས་ཤིང་། 1959ལོར་ཁེ་གསུམ་གཞིས་ཀའི་ནང་གི་བྲན་གཡོག་དང་ཞིང་བྲན་རྣམས་ཀྱིས་རང་འགུལ་ངང་སྒྲིག་འཛུགས་བྱས་ཏེ་བོད་ཀྱི་ལོ་རྒྱུས་སྟེང་མང་ཚོགས་རང་ཉིད་ཀྱི་འདོད་མོས་ལྟར་དམངས་གཙོའི་འདེམས་བསྐོ་བྱས་ནས་ཐོན་པའི་ཞིང་པའི་མཐུན་ཚོགས་ཨང་དང་པོ་དེ་བཙུགས་པ་དང་། ད་ལོ་ནི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བའི་ལོ་རེད།
འདི་ནི་ཁེ་གསུམ་གྲོང་ཚོའི་གྲོང་མིས་ལག་ཏུ་རྒྱལ་དར་བཟུང་ནས་མགྱོགས་ཤར་ནང་དུ་ཞུགས་པའི་རྣམ་པ་རེད། 
          ལོ་80ལ་སླེབས་པའི་བདེ་སྐྱིད་མཚོ་མོ་ནི་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་ཕན་པ་ཐོབ་མཁན་གྱི་གྲས་ཀྱི་གཅིག་ཡིན་ཞིང་། ཁོ་མོས་བཤད་རྒྱུར“ གསར་བརྗེ་འདིས་ང་ཚོའི་མི་རབས་ནས་མི་རབས་བར་གྱི་ཞིང་བྲན་གྱི་ཐོབ་ཐང་བསྒྱུར་བ་དང་། བསྒྱུར་བཅོས་བྱས་རྗེས་ཁྱིམ་མི་དྲུག་ལ་ས་ཞིང་མུའུ་10བགོ་བཤའ་བརྒྱབ་ནས་རག་ཅིང་། དཀའ་སྤྱད་ཀྱི་ངལ་རྩོལ་ལ་བརྟེན་ནས་འཚོ་བ་སྔར་ལས་ཇེ་བཟང་ནས་ཇེ་བཟང་དུ་གྱུར”ཞེས་བཤད།