ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་60འཁོར་བ། > པར་རིས་གསར་འགྱུར།

བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་དྲུག་ཅུ་འཁོར་བའི་དཔེ་ཚོགས་འགྲེམས་སྤེལ་དང་རིག་གཞུང་དཔྱད་གླེང་ཚོགས་འདུ་པེ་ཅིང་དུ་སྤེལ་བ།

སྤེལ་དུས 2019-03-27 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
ཚོགས་འདུར་ཞུགས་པའི་སྐུ་མགྲོན།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་3པའི་ཚེས་26ཉིན་ལ་ཀྲུང་གོའི་བོད་ཀྱི་རིག་གནས་རྒྱུན་འཛིན་དར་སྤེལ་མཐུན་ཚོགས་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི་བོད་ལ་དམངས་གཙོ་བཅོས་སྒྱུར་བཏང་ནས་ལོ་དྲུག་ཅུ་འཁོར་བའི་དཔེ་ཚོགས་འགྲེམས་སྤེལ་དང་རིག་གཞུང་དཔྱད་གླེང་ཚོགས་འདུ་དེ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
འགྲེམས་སྤེལ་ཚོགས་འདུའི་ཡུལ་དངོས།
ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་བློ་མཐུན་སྲི་ཐར་གྱིས་གཏམ་བཤད་སྤེལ་བ།
            ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་བློ་མཐུན་སྲི་ཐར་ཚོགས་འདུར་ཞུགས་ཏེ་གཏམ་བཤད་སྤེལ་བ་དང་ཁོ་ན་རེ། ལོ་དྲུག་ཅུའི་སྔོན་གྱི་ཟླ་3པའི་ཚེས་28ཉིན། རྒྱལ་ཁབ་ཀྱི་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་གྱི་ཆེད་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀའ་བསྒྲགས་ཏེ། བོད་ཀྱི་ས་གནས་སྲིད་གཞུང་མཇུག་རྫོགས་པ་དང་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཚོགས་ཀྱིས་བོད་ས་གནས་སྲིད་གཞུང་གི་འགན་དབང་འཁུར་རྒྱུ་ཐག་བཅད། དེ་ནས་བཟུང་བོད་དུ་ཞིང་བྲན་བཅིངས་འགྲོལ་གྱི་ལས་འགུལ་ཚ་ཚ་འུར་འུར་ངང་འཕྱུར་ཞིང་། བོད་ཀྱི་ལོ་རྒྱུས་ལ་དབུ་ཁྱུད་གསར་བ་ཞིག་འབྲི་མགོ་བརྩམས། བོད་དུ་དམངས་གཙོའི་བཅོས་སྒྱུར་བྱེད་པ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་ཀྲུང་གོའི་དམངས་གཙོ་རིང་ལུགས་གསར་བའི་གསར་བརྗེའི་ནང་དོན་གལ་ཆེན་ཞིག་ཡིན་ལ། སྤྱི་ཚོགས་ཀྱི་གྲུབ་ཚུལ་གསར་བས་རྗེས་ལུས་རུལ་སུངས་ཀྱི་སྤྱི་ཚོགས་གྲུབ་ཚུལ་གྱི་ཚབ་བྱེད་པའི་འབྲས་རྟགས་ལྡོག་ཐབས་མེད་པ་ཞིག་ཀྱང་ཡིན། དམངས་གཙོ་བཅོས་སྒྱུར་བདེ་བླག་ངང་འགྲུབ་པ་དེས་བོད་ཀྱི་ལོ་རྒྱུས་སྟེང་གི་ཆེས་རྒྱ་ཆེ་བ་དང་གཏིང་ཟབ་པ་དང་རླབས་ཆེ་བའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཞིག་མངོན་འགྱུར་བྱས་པ་དང་། བོད་ཀྱི་ལོ་རྒྱུས་སྟེང་གི་ནམ་ཡང་འཇིག་པ་མེད་པའི་རྡོ་རིང་ཞིག་ཡིན། 
ཚོགས་འདུར་ཞུགས་པའི་སྐུ་མགྲོན།
            བློ་མཐུན་སྲི་ཐར་གྱིས་བསྟན་དོན། བོད་ཀྱི་ལོ་ངོ་དྲུག་ཅུའི་རླབས་ཆེ་བའི་བརྒལ་སྟབས་འདིས་རང་རྒྱལ་གྱིས་བོད་ཀྱི་གནད་དོན་ཐག་གཅོད་བྱ་བའི་ལམ་བུ་འདི་ནི་ཡང་དག་ཡིན་པ་དང་། ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ཐད་ཀྱི་སྲིད་དོན་ཆེན་པོའི་བྱེད་ཕྱོགས་ཡང་དག་ཡིན་པ། དུས་རབས་འཕེལ་རྒྱས་ཀྱི་འགྲོ་ཕྱོགས་དང་བསྟུན་ལ་བོད་མི་དམངས་ཀྱི་བསམ་འདུན་ངོ་མ་དང་ཡང་མཐུན་པ། བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་དངོས་ཡོད་དགོས་མཁོ་དང་འཚམས་པ་བཅས་ལེགས་པར་ར་སྤྲད་ཅིང་། ང་ཚོས་འཐོབ་དཀའ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་འདི་ལ་ལྷག་ཏུ་གཅེས་སྐྱོང་བྱ་འོས། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས། ཀྲུང་གོའི་ཁྱད་ཆོས་ལྡན་ལ་བོད་ཀྱི་ཁྱད་ཆོས་དང་ཡང་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུ་བཅས་ཁོ་ན་རྒྱུན་འཁྱོངས་བྱས་ཚེ། ད་གཟོད་བོད་ལ་དར་རྒྱས་གོང་འཕེལ་ཡོད་པའི་དེ་རིང་དང་དེ་བས་ཀྱང་མཛེས་སྡུག་ལྡན་པའི་སང་ཉིན་ཡོད་སྲིད། 
བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་དྲུག་ཅུ་འཁོར་བའི་དཔེ་ཚོགས་ཀྱི་རྩོམ་སྒྲིག་ཨུ་ཡོན་ཚོགས་པའི་ཚོགས་མིའི་མཉམ་པར།
            ཟླ་3པའི་ཚེས་4ཉིན་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་རིག་གནས་སྒྱུ་རྩལ་པའི་སྡེ་དང་། སྤྱི་ཚོགས་ཚན་རིག་པའི་སྡེའི་ཨུ་ཡོན་བཅས་ལ་ཐུག་འཕྲད་དུ་སོང་བ་དང་ལྷན་དུ། མཉམ་འབྲེལ་ཚོགས་འདུར་ཞུགས་དུས་བསྟན་དོན། རིག་གནས་རིག་རྩལ་གྱི་ལས་ཀ་དང་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ལས་ཀ་ནི་མི་སེམས་འདུལ་སྦྱོང་གི་ལས་ཀར་གཏོགས་པས། ཏང་དང་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་བྱ་བའི་ཁྲོད་དུ་གོ་གནས་གལ་ཆེན་བཟུང་ཡོད་པ་དང་། དུས་རབས་གསར་བར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བར་བྱེད་ནུས་གལ་ཆེན་ལྡན། རིག་གནས་སྒྱུ་རྩལ་པའི་སྡེ་དང་སྤྱི་ཚོགས་ཚན་རིག་པའི་སྡེ་ཡིས་དུས་རབས་གསར་བ་ཟིན་འགོད་དང་དུས་རབས་གསར་བ་འབྲི་བཞེངས། དུས་རབས་གསར་བའི་ལས་འགན་ལ་བསྟོད་གླུ་འབུལ་བ། དུས་རབས་ལ་གཟུགས་རིས་འབྲི་བ་དང་། དུས་རབས་ལ་རྟོགས་བརྗོད་འབྲི་བ། དུས་རབས་ལ་སྤྱོད་བཟང་སྟོན་པ་བཅས་ལ་འགན་འཁུར་བའི་བླང་བྱ་བཏོན། 
            བློ་མཐུན་སྲི་ཐར་གྱིས་བཤད་རྒྱུར། བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་དྲུག་ཅུ་འཁོར་བའི་དཔེ་ཚོགས་འདི་དུས་རབས་ལ་གཟུགས་རིས་འབྲི་བ་དང་དུས་རབས་ལ་རྟོགས་བརྗོད་འབྲི་བ། དུས་རབས་ལ་སྤྱོད་བཟང་སྟོན་པའི་དཔེ་ཚོགས་ཤིག་ཡིན་པར་མ་ཟད། བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་དྲུག་ཅུ་འཁོར་བའི་བརྒྱུད་རིམ་འོད་སྣང་ལྡན་པ་དང་གྲུབ་འབྲས་རླབས་པོ་ཆེ་ཟིན་ཐོར་བཀོད་ནས། བོད་ཀྱི་ལོ་རྒྱུས་སྟེང་སྔ་ན་མེད་པའི་སྤྱི་ཚོགས་ཀྱི་འཕོ་འགྱུར་རླབས་པོ་ཆེ་འདི་ལྟ་བུ་ཞིག་བདེན་དཔང་བྱས་ཤིང་། བོད་ལ་ཞིབ་འཇུག་བྱེད་པའི་མཁས་པ་དག་ལ་ཁུངས་དག་པའི་ལོ་རྒྱུས་ཡིག་ཆ་ཡང་མཁོ་འདོན་བྱས་ཡོད་པས། ལོ་རྒྱུས་རྒྱུ་ཆའི་རིན་ཐང་དང་དངོས་ཡོད་ཀྱི་དོན་སྙིང་བླ་ན་མེད་པ་ཞིག་ལྡན་འདུག་ཅེས་ཟེར།
འགྲེམས་སྤེལ་ཚོགས་འདུའི་ཡུལ་དངོས་སུ་དཔེ་ཆ་འགྲེམས་སྟོན་བྱེད་པ།
            བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་དྲུག་ཅུ་འཁོར་བའི་རིག་གཞུང་དཔྱད་གླེང་ཚོགས་འདུ་ལ། ཀྲུང་དབྱང་ཏང་གི་སློབ་གྲྭ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་། ཀྲུང་གོའི་རྒྱལ་སྤྱིའི་འབྲེལ་བ་ཞིབ་འཇུག་ཁང་། ཀྲུང་དབྱང་མི་རིགས་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན་སོགས་ཞིབ་འཇུག་ལས་ཁུངས་ཀྱི་ཆེད་མཁས་པ་བརྒྱ་ལྷག་གིས་སྤྱི་ཚོགས་དཔལ་འབྱོར་དང་དམངས་འཚོ་ལེགས་བཅོས། རིག་གནས་སློབ་གསོ། སྐྱེ་ཁམས་ཁོར་ཡུག་སོགས་ཕྱོགས་སོ་སོའི་ཐད་ནས། ལོ་དྲུག་ཅུའི་རིང་གི་བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་བའི་བརྒྱུད་རིམ་དཀྱུས་མ་མ་ཡིན་པར་དཔྱད་གླེང་དང་། ལོ་དྲུག་ཅུའི་ལོ་རྒྱུས་འཕོ་འགྱུར་ཁྲོད་གནས་པའི་ནང་གི་གཏན་ཚིགས་འགྲེལ་བཤད། ལོ་དྲུག་ཅུའི་གྲུབ་འབྲས་རླབས་པོ་ཆེའི་རྒྱབ་ཀྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་དང་རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་ཀྱི་ལེགས་ཆ་བཅས་གསེད་འགྲོལ་བྱས། 
བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་དྲུག་ཅུ་འཁོར་བའི་དཔེ་ཚོགས།