ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་60འཁོར་བ། > པར་རིས་གསར་འགྱུར།

【བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་དྲུག་ཅུ་འཁོར་བ།】ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་རྒྱལ་དར་བསྒྲེངས་བའི་མཛད་སྒོ་འཚོགས་པ།

སྤེལ་དུས 2019-03-29 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སྐྱིད་པོས་བསྒྱུར།

       ད་ལོ་ནི་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་༦༠འཁོར་བའི་ལོ་ཡིན། སྤྱི་ཟླ་༣པའི་ཚེས་༢༨ཉིན་ནི་བོད་ཀྱི་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱ་ལ་བཅིངས་འགྲོལ་ཐོབ་ནས་ལོ་ངོ་༦༠འཁོར་བའི་དྲན་གསོའི་ཉིན་མོ་ཡང་ཡིན། སྔ་དྲོ་ཆུ་ཚོད་༡༠པའི་ཐོག་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་༦༠འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལྷ་སའི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འཚོགས་པ་དང་། ས་ཡུལ་དངོས་སུ་དང་ཐོག་རྒྱལ་དར་བསྒྲེངས་པའི་མཛད་སྒོ་གཟབ་རྒྱས་སྤེལ་ཡོད་པ་རེད།

       བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་མི་ཁྲི་གཅིག་ལྷག་ཙམ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འཚོགས་པའི་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་༦༠འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་ཡོད། སྤྱི་ཟླ་༣པའི་ཚེས་༢༧ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་ནས་རླབས་ཆེན་གྱི་མཆོང་བརྒལ་ཏེ་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་༦༠འཁོར་བའི་རྒྱབ་ཤ་དཀར་པོའི་དེབ་སྤེལ་ཡོད་པ་རེད། རྒྱབ་ཤ་དཀར་པོའི་དེབ་ནང་། སྤྱི་ལོ་༢༠༡༩ལོ་ནི་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་༦༠འཁོར་བའི་ལོ་ཡིན། དམངས་གཙོའི་བཅོས་བསྒྱུར་ནི་བོད་ཀྱི་ལོ་རྒྱུས་ཐོག་རླབས་ཆེ་ཤོས་དང་གཏིང་ཟབ་ཤོས་ཀྱི་སྤྱི་ཚོགས་འཕོ་འགྱུར་ཞིག་ཡིན། ལོ་ངོ་དྲུག་ཅུའི་གོང་གི་དམངས་གཙོའི་བཅོས་བསྒྱུར་དེ། བོད་ས་གནས་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ངོས་ནས་བརྗོད་ན་གསར་སྐྱེས་ཤིག་ཡིན་པ་དང་། སྤྱིར་བཏང་མ་ཡིན་པའི་དོན་སྙིང་ལྡན་ཡོད་ཅེས་འཁོད་ཡོད་པ་རེད།

       སྤྱི་ལོ་༡༩༥༩ལོའི་ཟླ་༣པའི་ཚེས་༢༨ཉིན། ཀྲུང་གོའི་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་འགོ་ཁྲིད་གནང་ནས། གངས་ལྗོངས་ས་མཐོའི་ཐོག་ཟིལ་རླབས་དགུང་དུ་འཕྱུར་བའི་དམངས་གཙོ་བཅོས་བསྒྱུར་གྱི་ལས་འགུལ་སྤེལ་བ་དང་། ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དེ་བོད་ལྗོངས་སུ་མཇུག་སྒྲིལ་བར་བྱས་པ་དང་། དེ་ནས་བཟུང་ཞིང་བྲན་ཁྲི་ཚོ་བརྒྱ་ལ་རང་ཁྱིམ་རང་བདག་གི་ཁེ་དབང་ཐོབ་ཡོད། སྤྱི་ལོ་༢༠༠༩ལོའི་ཟླ་༡པོའི་ཚེས་༡༩ཉིན། བོད་རང་སྐྱོང་ལྗོངས་ཀྱི་སྐབས་དགུ་པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་ལོ་རེའི་སྤྱི་ཟླ་༣པའི་ཚེས་༢༨ཉིན་དེ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་ལ་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་འཇོག་རྒྱུའི་གཏན་འབེབས་བྱས་ཡོད།