ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་60འཁོར་བ། > པར་རིས་གསར་འགྱུར།

བོད་ལྗོངས་ཀྱི་མི་རིགས་དང་ཆོས་ལུགས་ལས་རིགས་ཀྱིས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུས་པ།

སྤེལ་དུས 2019-04-03 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།

འདི་ནི་ཚོགས་འདུའི་ཡུལ་དངོས་རེད།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ད་ལོ་ནི་ཀྲུང་ཧྭ་མི་རིགས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ངོ་70འཁོར་བའི་ལོ་ཡིན་ཞིང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བའི་ལོའང་ཡིན། ཟླ3པའི་ཚེས29ཉིན། བོད་ལྗོངས་ཀྱིས་མི་རིགས་དང་ཆོས་ལུགས་ལས་རིགས་ཀྱིས་“བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ60འཁོར་བར་རྟེན་འབྲེལ་ཞུ་བའི”བཞུགས་མོལ་ཚོགས་འདུ་བསྡུས་པ་རེད།
            བོད་ལྗོངས་ཀྱི་ས་གནས་སོ་སོ་ནས་ཕེབས་པའི་མི་རིགས་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་འཐུས་མི་རྣམས་མཉམ་གཅིག་ཏུ་འཛོམས་ཏེ་མཐོང་སྣེ་མི་འདྲ་བ་ནས་བོད་རྙིང་པའི་མུན་ནག་གི་གདུག་རྩུབ་དང་རུལ་སུངས་ཉམས་རྒུད་ཐེར་འདོན་ཟབ་མོ་བྱས་ཏེ།  སྤྱི་ཚོགས་རིང་ལུགས་ཀྱི་མཆོག་གྱུར་བླ་མེད་ལ་བརྩེ་བ་ཟབ་མོས་བསྟོད་བསྔགས་བྱས་པ་དང་། སྤྲོ་སེམས་འཁོལ་པོས་ངང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་ཤེས་ཡོན་ཡར་ཐོན་དང་དར་རྒྱས་ཀྱི་འཕེལ་རྒྱས་ལ་བསྟོད་གླུ་བླངས།
            ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། ལྷ་ས་གྲོང་ཁྱེར་མཚུར་ཕུ་དགོན་པའི་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་དགྲ་འདུལ་གྱིས་བཤད་རྒྱུར། “དེང་གི་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཀྱིས་འཐུང་ཆུ་གཙང་མ་འཐུངས་ཏེ་ཁོད་ཡངས་དག་གཙང་གི་གྲྭ་ཤག་ཏུ་བསྡད་ནས་ནད་གཞིར་དུས་ཐོག་གི་ནད་བཅོས་འཐོབ་ཡོད། དུས་མཚུངས་སུ་དགོན་པའི་འཛུགས་སྐྲུན་གྱི་གོམ་པ་བརྟན་པོས་ངང་ཡར་ཐོན་བྱུང་སྟེ་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཀྱིས་སེམས་གཏིང་ནས་གུང་ཁྲན་ཏང་བཟང་བ་དང་། སྤྱི་ཚོགས་རིང་ལུགས་བཟང་བ། རླབས་ཆེའི་མེས་རྒྱལ་བཟང་བའི་ཚོར་བ་བྱུང”ཞེས་བཤད། 
            མིག་སྔར་བོད་ལྗོངས་སུ་གཏན་སྡོད་བྱས་པའི་མེས་རྒྱལ་དུ་ལོག་པའི་ཕྱིར་སྡོད་བོད་རིགས་སྤུན་ཟླ་མཁན་སྤྲུལ་ཡེ་ཤེས་དཔལ་ལྡན་ནི་སྔོན་ཆད་ཕྱི་རྒྱལ་དུ་འཚོ་བར་དཀའ་ཁག་ཆེན་པོ་བྱུང་བ་དང་། དེའི་སྟེང་ཕ་ཡུལ་དྲན་པའི་གདུང་བ་བཟོད་ཐབས་བྲལ་བར་གྱུར། རྗེས་སུ་ཏང་གི་སྲིད་ཇུས་བཟང་པོའི་འོག་མེས་རྒྱལ་དུ་ལོག་སྟེ་གཏན་སྡོད་བྱས། ཁོས་བཤད་རྒྱུར། “སྔར་ནས་བཟུང་རིམ་པ་སོ་སོའི་ཏང་ཨུ་སྲིད་གཞུང་གིས་ང་ཚོ་མེས་རྒྱལ་དུ་ཕྱིར་ལོག་ནས་གཏན་སྡོད་བྱས་པའི་བོད་རིགས་སྤུན་ཟླར་སེམས་ཁུར་ཆེན་པོ་གནང་ཞིང་། ང་ཚོས་དུས་རྟག་ཏུ་ཏང་གི་བཀའ་དྲིན་མྱངས་ཏེ་བླ་མེད་ཀྱི་བདེ་སྐྱིད་དང་སྤྲོ་སྣང་ཤར” ཞེས་བཤད། 
            ད་ལོར་ལོ་དྲུག་ཅུ་ལྷག་ལ་སོན་པའི་བསོད་ནམས་ནི་སྔར་ཁྱིམ་ཚང་དབུལ་ཕོངས་ཤིག་གི་བྱིས་པ་ཡིན་ཞིང་། ཁོས་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཀྱི་བོད་ལྗོངས་སུ་བྱུང་བའི་འགྱུར་ལྡོག་ཆེན་པོར་བདེན་དཔང་བྱས་པ་སྟེ།ཁོས“ལོ་ངོ་དྲུག་ཅུའི་རིང་བོད་ལྗོངས་སུ་བྱུང་བའི་འགྱུར་ལྡོག་ཆེན་པོ་མིག་ལམ་དུ་གསལ་ལྷང་ངེར་ཤར་ཞིང་། ལྷ་ས་འདི་གྲོང་ཁྱེར་ཆུང་བ་ཞིག་ནས་དེང་གི་ཁ་བའི་ལྗོངས་ཀྱི་མུ་ཏིག་ཅིག་ཏུ་གྱུར་པ་དང་། བོད་ལྗོངས་ཀྱི་མི་གྲངས་དེ་སྔར་གྱི་མི་ཁྲི་བརྒྱ་ཙམ་ནས་ཁྲི་སུམ་བརྒྱ་བཞི་བརྒྱར་འཕེལ་བ་དང་། ནོར་ལུག་མང་སྟེ་ཟས་མི་ཚར་བ་དང་ནས་ཤོང་མི་ཚད་པ་ཞིག་ཏུ་འཕེལ་རྒྱས་བྱུང་ཡོད”ཅེས་བཤད།
            ཁོ་ཚོའི་ལྷག་བསམ་རྣམ་དག་གི་གཏམ་བཤད་ཀྱིས་མིར་སེམས་འགུལ་ཐེབས་སུ་བཅུག་སྟེ་བོད་ལྗོངས་ཀྱི་མི་རིགས་དང་ཆོས་ལུགས་ལས་རིགས་མི་སྣའི་རྒྱལ་གཅེས་ཀྱི་བརྩེ་བ་དང་ཐུན་མོང་གི་བསམ་ཚུལ་གང་ལེགས་སྒོས་མཚོན་ཡོད། 
            བོད་རང་སྐྱོང་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འབྲེལ་ཡོད་འགོ་ཁྲིད་ཀྱིས་བསྟན་དོན། ལོ་ངོ་དྲུག་ཅུའི་དུས་ཡུན་ཐུང་ངུའི་ནང་ལོ་ངོ་སྟོང་ཕྲག་ལྷག་བརྒལ་ཅིང་། བོད་ལྗོངས་ཀྱི་ལོ་ངོ60རིང་གི་འཕོ་འགྱུར་ཆེན་པོས་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་པ་བདེན་དཔང་ར་སྤྲོད་བྱས། བོད་ལྗོངས་ཀྱི་རིགས་སོ་སོའི་ལས་རིགས་ཁག་གི་མི་སྣས་ངེས་པར་དུ་རྒྱལ་གཅེས་ཡར་ཐོན་གྱི་སྲོལ་རྒྱུན་བཟང་པོ་རྒྱུད་འཛིན་དང་དར་སྤེལ་དུ་བཏང་སྟེ། རང་འགན་གྱི་ལས་གནས་སུ་རྐང་བརྟན་པོར་ཚུགས་ནས་རང་ལུས་ཀྱི་ཁྱད་ཆོས་འདོན་སྤེལ་བྱས་ཏེ་བོད་ལྗོངས་ཀྱི་དུས་ཡུན་རིང་པོའི་འཕེལ་རྒྱས་དང་རྒྱུན་མཐུན་བརྟན་ལྷིང་ཡོང་བར་རང་ཉིད་ལ་ཡོད་འོས་པའི་བྱས་རྗེས་འཇོག་དགོས་སོ།།