ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་60འཁོར་བ། > གསར་འགྱུར་གལ་ཆེན།

“བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི”ཀྲུང་དབྱང་སྨྱན་སྦྱོར་བཅར་འདྲི་ཚོགས་པའི་ཡན་ལག་རུ་ཁག་གིས་ལྷོ་ཁར་བཅར་འདྲི་བྱེད་འགོ་ཚུགས་པ།

སྤེལ་དུས 2019-03-27 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
      བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60ཡི་རིང་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པའི་གནས་ཚུལ་གཏིང་ཟབ་སྤེལ་ཆེད། མི་དམངས་ཉིན་རེའི་ཚགས་པར་དང་། ཤིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་སོགས་ཀྲུང་དབྱང་སྨྱན་སྦྱོར་གྱིས་མི་སྣ་འཇོན་ཐང་ཅན་བོད་ཀྱི་ས་གནས་ཁག་ཏུ་བཅར་འདྲི་དང་གནས་ཚུལ་སྤེལ་གཏོང་བྱེད་པར་མངགས་ཡོད། ཚེས་17ཉིན། ལྷོ་ཁ་ནས་གཞིས་རྩེ་དང་ལྷ་ས་བར་གྱི་ཡན་ལག་རུ་ཁག་རྩེད་ཐང་དུ་འབྱོར་བ་དང་སྦྲགས། ཚེས་18ཉིན། ཁེ་གསུམ་སྡེ་ཁུལ་དང་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་ལ་བཅར་འདྲི་ཡང་བྱས་པ་རེད།
      བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ་ཡིན་པའི་ཁེ་གསུམ་སྡེ་ཁུལ་འཕེལ་རྒྱས་འགྲོ་ཚུལ་ལ་དོ་ཁུར་ཆེན་པོ་བྱེད་ཅིང་། བཅར་འདྲི་ཚོགས་པས་ཁེ་གསུམ་སྡེ་ཁུལ་དུ་ཡོང་ནས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60ཡི་རིང་གི་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་ཚུལ་ཤེས་རྟོགས་བྱས་པ་དང་སྦྲགས། གྲོང་མི་ཁག་གཅིག་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་དང་བྱས་རྗེས་ཀྱི་འཚོ་བར་འགྱུར་ལྡོག་བྱུང་ཚུལ་གླེང་བར་གདན་ཡང་དྲངས་ཡོད།
      “བོད་ལུགས་ལུམ་བཅོས——ཀྲུང་གོའི་བོད་རིགས་ཀྱི་ཚེ་སྲོག་བདེ་ཐང་དང་ནད་ཡམས་སྔོན་འགོག་སྐོར་གྱི་ཤེས་བྱ་དང་ལག་ལེན”ཞེས་པ་དེ་2018ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་ནང་བཅུག་ཡོད། བཅར་འདྲི་ཚོགས་པས་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་ནས“བོད་ལུགས་ལུམ་བཅོས”ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་སྦྲཌ། འབྲེལ་ཡོད་ཚན་ཁག་གི་འགན་འཁུར་བ་དང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པར་བཅར་འདྲི་ཡང་བྱས་ནས་བོད་ལུགས་གསོ་རིག་སྲུང་སྐྱོང་དང་རྒྱུན་འཛིན་སྐོར་གྱི་གནས་ཚུལ་སྤེལ་གཏོང་བྱས་པ་རེད།
      ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྲུང་དབྱང་སྨྱན་སྦྱོར་བཅར་འདྲི་ཚོགས་པས་རུ་ཁག་གཉིས་སུ་བགོས་ཏེ་ཟླ་3ཚེས་18ནས་ཚེས་28ཉིན་བར་ལྷོ་ཁ་དང་། གཞིས་རྩེ། ཆབ་མདོ། ཉིང་ཁྲི། ལྷ་ས་བཅས་ས་གནས་མང་པོ་ཞིག་ཏུ་བསྐྱོད་དེ་སྣོད་བཅུད་སྲུང་སྐྱོང་དང་། དབུལ་སྒྲོལ་འགག་སྒྲོལ། གྲོང་གསེབ་དར་རྒྱས། འགྲིམ་འགྲུལ་འཕེལ་རྒྱས། སྨན་བཅོས་འཕྲོད་བསྟེན། སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་སོགས་བརྗོད་གཞི་མང་པོའི་ཐོག་ནས་གནས་ཚུལ་སྤེལ་གཏོང་བྱས་ཏེ་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60ཡི་རིང་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་ཕྱོགས་ཡོངས་དང་གསོན་ཉམས་དོད་པོའི་སྒོ་ནས་མངོན་པར་བྱ་རྒྱུ་རེད།
རྩོམ་སྒྲིག་པ། སྣང་རྡོ།