ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་60འཁོར་བ། > གསར་འགྱུར་གལ་ཆེན།

བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་འཚོགས་པ།

སྤེལ་དུས 2019-03-29 ཡོང་ཁུངས། ཤིན་ཧྭ་དྲ་བ། རྩོམ་པ་པོ།

    ཝུའུ་དབྱིང་ཅེས་གསུང་བཤད་གནང་བ་དང་། ཀྲའོ་ཙུང་ཆི་དང་། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན་སོགས་ཕེབས་པ། བློ་བཟང་རྒྱལ་མཚན་གྱིས་གཙོ་སྐྱོང་གནང་བ།
    བློ་བཟང་ཕུན་ཚོགས་དང་། བློ་བཟང་དཀོན་མཆོག འཇམ་དབྱངས་ཤེས་རབ། པད་མ་གཡུ་སྒྲོན་བཅས་ཀྱིས་སོ་སོར་གཏམ་བཤད་བྱས་པ།
    ཟླ་3ཚེས་28ཉིན་གྱི་སྔ་དྲོ་རང་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲི་1ལྷག་ཙམ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་ཐོག་གཟབ་རྒྱས་ངང་འཛོམས་ནས་སྤྲོ་སེམས་འཁོལ་པོས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝུའུ་དབྱིང་ཅེས་རྟེན་འབྲེལ་ཚོགས་ཆེན་ཐོག་གསུང་བཤད་གནང་བ་རེད།
    བགྲང་བྱ་60ཡི་འཕོ་འགྱུར་ཆེན་པོའི་ནང་ཞུན་བརྡར་སྣ་ཚོགས་ཐེབས་པ་དང་། རབ་བྱུང་གཅིག་རིང་བརྗིད་ཆགས་ཉམས་དང་ལྡན་པའི་འབྲས་བུ་སྣ་ཚོགས་ཐོབ་ཡོད། ཟླ་3ཚེས་28ཉིན་གྱི་སྔ་དྲོ། རང་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲི་1ལྷག་ཙམ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འདུ་འཛོམས་གཟབ་རྒྱས་བྱས་ཏེ་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་རེད།
    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝུའུ་དབྱིང་ཅེས་རྟེན་འབྲེལ་ཚོགས་ཆེན་ཐོག་གསུང་བཤད་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རྟེན་འབྲེལ་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ནུབ་རྒྱུད་འཐབ་ཁུལ་གྱི་སི་ལིང་ཡོན་ཀྲའོ་ཙུང་ཆི་དང་། ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དཔུང་སྡེའི་ཆབ་སྲིད་ཨུ་ཡོན་གཞོན་པ་ཡན་ཞའོ་ཏུང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་སྤྱི་བདེ་པུའི་འབྲེལ་ཡོད་བློ་མཐུན་བཅས་ཚོགས་ཆེན་ལ་ཞུགས་པ་མ་ཟད་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་པ་རེད། ཆེ་དགྲ་ལྷ་དང་། ཏིང་ཡེ་ཤན། ཀྲོང་ཡན། ཞུས་ཡུང་། བསྟན་ཁོ། ཝང་གཡུང་ཅུན། ཅང་ཅེ། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། ཁྲེན་ཡུང་ཆི་བཅས་དང་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་བློ་མཐུན་རྒན་གྲས་ལེགས་མཆོག་དང་པ་སངས་རྟེན་འབྲེལ་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་པ་རེད།
    དར་ཚོན་ལྷབ་ལྷུབ་ཏུ་གཡོ་བ་དང་ངང་དཀར་འཕུར་ལྡིང་བྱེད་ཅིང་། ཚེས་28ཉིན་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དེ་ཨ་སྔོན་སྤྲིན་དཀར་གྱི་མཛེས་རྒྱན་འོག་དེ་བས་སྒམ་བརླིང་ལྡན་ལ་འཁྲུག་ཆ་དོད་པ་ཞིག་ཡོད་པ་དང་། མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཚོས་ལག་ནང་གི་རྒྱལ་དར་གཡུག་གཡུག་བྱེད་པ་དང་དཀར་གཙང་མཇལ་དར་འཁྱེར་ནས་ངོ་གདོང་རེ་རེ་བཞིན་གྱི་འཛུམ་མདངས་ལས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་རིང་གི་འཕོ་འགྱུར་ཆེན་པོ་མངོན་ཐུབ་ལ་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་རིང་གི་བདེ་སྐྱིད་ལྡན་པའི་འཚོ་བའང་མངོན་ཡོད། ཀྲུའུ་ཞི་སྡིངས་ཆའི་ཐོད་དུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས་དང་བོད་རྒྱ་ཤན་སྦྱར་གྱི“བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན”ཞེས་པའི་འཕྲེད་འགེལ་སྦྱར་ཡིག་བཀལ་བ་དེ་ཧ་ཅང་མངོན་གསལ་དོད་པ་དང་། རྒྱབ་ལྗོངས་སྔོན་པོའི་འགྲེམས་པང་དཀྱིལ་ངོས་སུ་གཙོ་འཛིན་ལྔའི་སྐུ་པར་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་སེམས་པ་གཅིག་ཏུ་སྦྲེལ་བའི་སྐུ་པར། “ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་བཏང་བའི་དྲན་གསོའི་ཉིན་མོའི་རྟགས་མ”དང་དེ་བཞིན“1959—2019”ཞེས་པའི་ཨང་ཀི་བཅས་བཀལ་ཡོད།
    སྔ་དྲོའི་ཆུ་ཚོད་བཅུ་པར་བློ་བཟང་རྒྱལ་མཚན་གྱིས་རྟེན་འབྲེལ་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་ཚང་མ་ཡར་ལངས་ནས་རྒྱལ་དར་བསྒྲེངས་པ་དང་རྒྱལ་གླུ་བླངས་ཡོད།
    སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཝུའུ་དབྱིང་ཅེས་གསུང་བཤད་གནང་ཞིང་། ཝུའུ་དབྱིང་ཅེས་དང་ཐོག་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་། རང་སྐྱོང་ལྗོངས་སྲིད་གྲོས་བཅས་ཀྱི་ཚབ་ཞུས་ཏེ་ཚོགས་ཆེན་ལ་མཛུབ་ཁྲིད་གནང་བར་ཕེབས་པའི་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འབྲེལ་ཡོད་འགོ་ཁྲིད་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད། ལྗོངས་ཡོངས་ཀྱི་བཟོ་པ་དང་། ཞིང་འབྲོག་པ། ཤེས་ཡོན་ཅན། ལས་བྱེད་པ། མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་བཅས་དང་དེ་བཞིན་མི་དམངས་བཅིངས་འགྲོལ་དམག་བོད་སྡོད་དཔུང་སྡེའི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་བོད་ལྗོངས་དཔུང་སྡེའི་དཔོན་དམག སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ། བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་གྲོགས་པོ་ཕྱི་རྒྱལ་བ་བཅས་ལ་བྱམས་བརྩེའི་འཚམས་འདྲི་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད།
    ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། བོད་ནི་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད། 1959ལོའི་ཟླ་3ཚེས་10ཉིན། བོད་ཀྱི་མཐོ་རིམ་ལོག་སྤྱོད་ཤོག་ཁག་གིས་དུས་ཡུན་རིང་པོ་ངན་ཇུས་ཞིབ་ཚགས་བཤམས་པ་བརྒྱུད་ཀྲུང་གོར་ངོ་རྒོལ་བྱེད་མཁན་རྒྱལ་སྤྱིའི་ཕྱོགས་གཏོགས་ཀྱི་ངན་སྐུལ་དང་རྒྱབ་སྐྱོར་འོག 《གྲོས་མཐུན་དོན་ཚན་བཅུ་བདུན》མངོན་སུམ་འཛེམས་མེད་ངང་རྩིས་མེད་དུ་བཏང་བ་དང་མངོན་སུམ་འཛེམས་མེད་ངང་དྲག་པོའི་ངོ་ལོག་ཟིང་འཁྲུག་ཕྱོགས་ཡོངས་ནས་བསླངས་ཤིང་། མའོ་ཀྲུའུ་ཞི་དང་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་གཅིག་གྱུར་དང་བོད་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་ཕྱིར། འཕྲལ་ཐག་ཆོད་པོས་ཇུས་ཐག་བཅད་ནས་བོད་ཀྱི་མི་དམངས་ཀྱི་སྣེ་ཁྲིད་དེ་ངོ་ལོག་ཟིང་འཁྲུག་ཞོད་འཇགས་མཐའ་གཅིག་ཏུ་བཏང་ཡོད། ལོ་60ཡི་གོང་གི་དེ་རིང་ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཁྱབ་བསྒྲགས་གནང་སྟེ། བོད་ས་གནས་སྲིད་གཞུང་མེད་པར་བཟོས་ནས་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་ས་གནས་སྲིད་གཞུང་གི་འགན་དབང་ལག་བསྟར་བྱས་ཏེ་བོད་ཀྱི་མི་དམངས་ཀྱིས་དམངས་གཙོ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་འབད་འཐབ་བྱེད་དགོས་པའི་འབོད་སྐུལ་གནང་ཡོད། དུས་དེ་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱིས་ཞིང་བྲན་ལ་བཅིངས་འགྲོལ་གཏོང་རྒྱུ་དམིགས་ཡུལ་གཙོ་བོར་བྱེད་པའི་རླབས་ཆེན་གྱི་གསར་བརྗེ་ཞིག་སྤེལ་འགོ་ཚུགས་པ་རེད། ཚ་ཚ་འུར་འུར་དང་ཟིལ་རླབས་དགུང་འཕྱུར་གྱི་དམངས་གཙོའི་བཅོས་སྒྱུར་གྱི་ལས་འགུལ་ནི་རང་རེའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིག་པ་དང་བོད་ཀྱི་དམིགས་བསལ་ལྗོངས་བབ་ཟུང་དུ་འབྲེལ་བའི་རླབས་ཆེན་གྱི་གསར་གཏོད་བྱེད་ཐབས་ཤིག་དང་། བོད་ཀྱི་ལོ་རྒྱུས་ཐོག་རྒྱ་ཆེ་ཤོས་དང་། གཏིང་ཟབ་ཤོས། རླབས་ཆེ་ཤོས་བཅས་ཀྱི་སྤྱི་ཚོགས་ཀྱི་འཕོ་འགྱུར་ཞིག བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཀྱི་དུས་རབས་འབྱེད་པའི་ལོ་རྒྱུས་ཀྱི་དོན་ཆེན་གལ་ཆེན་ཞིག མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་ལོ་རྒྱུས་དང་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་ལོ་རྒྱུས་ཐོག་གི་དོན་སྙིང་གལ་ཆེན་ལྡན་པའི་ཡར་རྒྱས་ཆེན་པོ་ཞིག་བཅས་ཡིན་པས་འཛམ་གླིང་ཡང་རྩེར་ནམ་ཡང་ཉམས་པ་མེད་པའི་མཛད་རྗེས་རྡོ་རིང་ཞིག་བཙུགས་པ་དང་། བོད་ཀྱི་ལོ་རྒྱུས་ཀྱི་སྲིད་ལོ་གསར་པ་བཏོད་པ། བོད་ཀྱི་མི་དམངས་ཀྱིས་ཡངས་ཤིང་རྒྱ་ཆེ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད་པ་བཅས་རེད། ཞི་བས་བཅིངས་འགྲོལ་དང་། དྲག་པོའི་ངོ་ལོག་ཟིང་འཁྲུག་ཞོད་འཇགས། དམངས་གཙོའི་བཅོས་སྒྱུར་སོགས་དོན་སྙིང་ཟབ་མོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཕོ་འགྱུར་འགངས་ཆེན་བརྒྱུད་མྱོང་བ་དང་ཚེ་སྲོག་གསར་པ་ཐོབ་པའི་ཞིང་བྲན་ཁྲི་ཚོ་བརྒྱ་ཡིས་རང་རེའི་ཏང་ལ་ངོས་འཛིན་ཟབ་མོ་བྱུང་སྟེ་སེམས་གཏིང་ནས་རང་རེའི་ཏང་ལ་གོང་བཀུར་དང་། རང་རེའི་ཏང་ལ་དགའ་གཅེས། རང་རེའི་ཏང་གི་རྗེས་སུ་འབྲངས་བ་བཅས་བྱས་ཡོད། བོད་དུ་རང་རེའི་ཏང་ལ་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་ཡོད་པ་དང་བོད་དུ་སྲིད་སྐྱོང་བའི་གནས་བབ་གཏན་འཁེལ་བྱས་ནས་བོད་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མངོན་འགྱུར་བྱུང་སྟེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བློ་གཏད་བཅོལ་ས་དང་བོད་ཀྱི་བྱ་གཞག་ཁག་དར་རྒྱས་གོང་འཕེལ་གྱི་འགོ་ཁྲིད་ཀྱི་སྲོག་ཤིང་ལ་གྱུར་ཡོད།
    ཝུའུ་དབྱིང་ཅེས་བསྟན་དོན། དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60ཡི་རིང་། ཏང་ཀྲུང་དབྱང་གིས་སྔར་ནས་ད་བར་བོད་ཀྱི་ལས་དོན་ལ་མཐོང་ཆེན་པོ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་གཟབ་བཞེས་གནང་ནས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་འཚོགས་པ་དང་། སྲིད་ཇུས་དང་། མ་དངུལ། རྣམ་གྲངས་སོགས་ཕྱོགས་གང་ས་ཅི་ཐད་ནས་བོད་ལ་དམིགས་བསལ་གཟིགས་སྐྱོང་དང་རྒྱབ་སྐྱོར་ཆེན་པོ་གནང་ཡོད། ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་ཟེར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་སྤུ་ཙམ་མེད་པའི་རོགས་སྐྱོར་འོག སྔ་ཕྱི་བར་གསུམ་དུ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གིས་ཁྲིད་སྟོན་གནང་བའི་ཡང་དག་པའི་ཁ་ཕྱོགས་བརྒྱུད་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་བཏང་ནས་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་བརྗིད་ཆགས་མཛེས་སྡུག་ལྡན་པའི་ལེའུ་བརྩམས་ཡོད།
    ཝུའུ་དབྱིང་ཅེས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་བཅུ་དགུ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ། ལྟ་རེས་སྲུང་རེས་དང་དྲིན་ཚོར་བཞིན་འབད་འཐབ་བྱས་པས་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་དང་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད། ལོ་60ཡི་རིང་ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། མེས་རྒྱལ་གཅིག་གྱུར་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས། བོད་དར་རྒྱས་གོང་འཕེལ་གཏོང་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་ལམ་བུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས། ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བཅས་བྱས་ཏེ་ལས་དོན་ཁག་ལ་སྐུལ་འདེད་བཏང་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད།
    ཝུའུ་དབྱིང་ཅེས་བསྟན་དོན། ཏང་གི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་འགྲུབ་མི་ཐུབ་པ་དེ་བསྒྲུབས་ཐུབ་ནས་དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་ཀྱི་མི་ཡུལ་གྱི་ངོ་མཚར་བཏོད་པ་དང་ད་ཆའི་སྤྲོ་ཉམས་རྒྱས་པ་དང་སྤོབས་པ་ཆེར་བསྐྱེད་ཡོང་དོན་ནི་བོད་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་རླབས་ཆེན་རྒྱལ་ཁ་ཐོབ་པ་དང་། བོད་དུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལ་རླབས་ཆེན་རྒྱལ་ཁ་ཐོབ་པ། བོད་དུ་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ལ་རླབས་ཆེན་རྒྱལ་ཁ་ཐོབ་པ་བཅས་ལས་བྱུང་བ་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་བློ་བརྟན་འགྱུར་མེད་ངང་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས། ཏང་གི་བོད་སྐྱོང་མཛད་ཇུས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་མཐའ་འཁྱོངས་བཅས་བྱས་ཚེ་བོད་ཀྱི་འབྱུང་འགྱུར་དེ་བས་འོད་སྟོང་འབར་བ་ཞིག་ཡོང་ངེས་ཡིན་པ་ལག་ལེན་ལས་ར་སྤྲོད་གང་ལེགས་བྱུང་ཡོད།
    ཝུའུ་དབྱིང་ཅེས་བསྟན་དོན། མིག་སྔར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་བོད་ལ་ཐོབ་པར་དཀའ་བའི་རྩ་ཆེའི་གོ་སྐབས་ཐོབ་ནས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གནས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཕྱོགས་སྟོན་དང་བཀོད་སྒྲིག་རེ་རེ་བཞིན་གནང་ནས་སྔ་རྗེས་སུ་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དང་། མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ། དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་གཏན་ལ་ཕབ་པ། གཙོ་གནད་འཛུགས་སྐྲུན་རྣམ་གྲངས་རབ་དང་རིམ་པ་གཏན་འཁེལ་བཅས་གནང་ནས་ང་ཚོས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་ཆེད་སྒུལ་ཤུགས་ཆེན་པོ་བསྣན་པ་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ང་ཚོས་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་སྐོར་གྱི་བཀའ་མངགས་གལ་ཆེན་སེམས་ནང་བརྟན་པོར་ངེས་པ་དང་། རང་རྟོགས་ངང་བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་དང་འཆར་འགོད་བྱེད་པ། བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་ས་དང་འགོ་འཛུགས་ས་དང་དོན་ལ་བབས་ས་སྟངས་འཛིན་ཡག་པོ་བྱས་ཏེ་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་ཕོད་པའི་སྙིང་སྟོབས་ཆེ་རུ་ཏན་ཏིག་བཏང་ཐོག་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་མཐའ་གཅིག་ཏུ་བྱེད་དགོས་པ་དང་། བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་བྱེད་པ། བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། བློ་བརྟན་འགྱུར་མེད་ངང་མི་རིགས་ཁག་དབར་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། བློ་བརྟན་འགྱུར་མེད་ངང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་བྱས་རྗེས་ཐོབ་པར་ངས་མི་རྩོད་པ་དང་། བྱས་རྗེས་འཇོག་པར་ང་ཡིས་འབད་པའི་དད་སེམས་ཀྱི་ཐོག་ནས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།
    ཝུའུ་དབྱིང་ཅེས་འབོད་སྐུལ་གནང་དོན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བློ་གཅིག་སེམས་གཅིག་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། དཀའ་སྤྱད་སྙིང་རུས་བཅས་བྱས་ཏེ་དུས་རབས་གསར་པའི་འབད་འཐབ་པ་དང་ཕུགས་བསམ་དོན་གཉེར་པ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་པ་བཅས་ཀྱི་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས།
    རྟེན་འབྲེལ་ཚོགས་ཆེན་ཐོག་ཡར་ལངས་ཞིང་བྲན་གྱི་འཐུས་མི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་དངུལ་པར་གྲོང་ཚོ་མཆོད་གསེར་ཚོགས་ཆུང་གི་ཙུའུ་ཀྲང་བློ་བཟང་ཕུན་ཚོགས་དང་། དམངས་གཙོའི་བཅོས་སྒྱུར་ནང་ཞུགས་མྱོང་བའི་ལས་བྱེད་པའི་འཐུས་མི་ལྷོ་ཁ་ས་ཁུལ་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་བློ་བཟང་དཀོན་མཆོག གཞི་རིམ་དཔུང་སྡེའི་དཔོན་དམག་གི་འཐུས་མི་འཇམ་དབྱངས་ཤེས་རབ། གཞོན་ནུ་ལོ་ཆུང་གི་འཐུས་མི་ལྷ་ས་སློབ་འབྲིང་མཐོ་རིམ་ལོ་རིམ་གཉིས་པའི་སློབ་མ་པད་མ་གཡུ་སྒྲོན་བཅས་ཀྱིས་ཁག་སོ་སོར་གཏམ་བཤད་བྱས་པ་རེད།
    ཚེས་28ཉིན་གྱི་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་མཁན་གྲས་སུ་ད་དུང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་དང་། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་། བོད་དམག་ཁུལ་ཁང་དང་། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག མཁའ་དམག་ལྷ་ས་རྟེན་གཞི་བཅས་ཀྱི་ཅུན་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་བློ་མཐུན། དེ་བཞིན་རྒན་ཡོལ་ཞུས་ནས་ལྷ་སར་ཞུགས་པའི་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་བཅས་ཡོད་པ་རེད།
    ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ཀེ་པིན་ཏ·པ་ཧ་ཏུར·ཁར་ཅི་དང་། ལྗོངས་སྤྱི་ཚོགས་ཚན་རིག་ཁང་དང་བོད་ལྗོངས་སློབ་ཆེན་གྱི་ཕྱི་རྒྱལ་དགེ་རྒན་གྱི་འཐུས་མི། བོད་ལྗོངས་སློབ་ཆེན་གྱི་ཕྱི་སྦྱོང་སློབ་མའི་འཐུས་མི་བཅས་གདན་ཞུས་ལྟར་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།
    ལྷ་སར་ཞུགས་པའི་བོད་ཞི་བས་བཅིངས་འགྲོལ་དང་དམངས་གཙོའི་བཅོས་སྒྱུར་སྐབས་ཀྱི་འཐབ་འཛིང་པ་རྒན་གྲས་དང་། ཏང་ཡོན་རྒན་གྲས། ལས་བྱེད་པ་རྒན་གྲས་བཅས་ཀྱི་འཐུས་མི་དང་། བོད་ཞི་བས་བཅིངས་འགྲོལ་དང་དམངས་གཙོའི་བཅོས་སྒྱུར་སོགས་ལོ་རྒྱུས་ཀྱི་དོན་ཆེན་གལ་ཆེན་སྐབས་སྒེར་སེམས་མེད་པར་རོགས་སྐྱོར་དང་ནུས་ཤུགས་ཡོད་རྒུས་རོགས་རམ་བྱེད་མཁན་མང་ཚོགས་དང་དེ་བཞིན་རང་སྲོག་བློས་བཏང་བའི་མང་ཚོགས་ཀྱི་རྗེས་རབས་པའི་འཐུས་མི། རང་ལྗོངས་ཀྱི་རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་བ་དང་གཟི་བརྗིད་མཚན་སྙན་གཞན་དག་ཐོབ་པའི་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་སྔོན་ཐོན་དཔེ་བཟང་བའི་འཐུས་མི། ལྗོངས(ཀྲུང་དབྱང)ཐད་གཏོགས་སྡེ་ཚན་དང་ཚན་པའི་ལས་བྱེད་ལས་བཟོའི་འཐུས་མི། ཞིང་འབྲོག་པ་དང་། དགེ་སློབ། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ། བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་སོགས་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་ཁྲི་1ལྷག་ཙམ་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།
རྩོམ་སྒྲིག་པ། སྣང་རྡོ