ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་60འཁོར་བ། > པར་རིས་མིག་གི་དགའ་སྟོན།

༢༠༡༩ལོའི་དུས་ཚིགས་དང་པོའི་བོད་ལྗོངས་ཐད་གཏོང་ལེ་ཚན་ནང་༼ ཁེ་གསུམ་གྱི་དཔྱིད་ཀ ༽ཞེས་པ་ཐད་གཏོང་བྱས།

སྤེལ་དུས 2019-03-27 ཡོང་ཁུངས། བོད་ལྗོངས་འཕྲིན་དྲ། རྩོམ་པ་པོ། ཚེ་སྒྲོན་གྱིས་བསྒྱུར།

     སྤྱི་ཟླ ༣ ཚེས ༢༧ ཉིན་གྱི་སྔ་དྲོའི་ཆུ་ཚོད ༩ པར་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་སྤྱི་ལོ ༢༠༡༩ ལོའི་དུས་ཚིགས་དང་པོའི་བོད་ལྗོངས་ཐད་གཏོང་ཞེས་པའི་ལེ་ཚན་གྱིས་ལྷོ་ཁ་གྲོང་ཁྱེར་ཁེ་གསུམ་སྡེ་ཁུལ་གྱི་གྲོང་མི་ཟླ་བའི་ཁྱིམ་ནས༼ཁེ་གསུམ་གྱི་དཔྱིད་ཀ༽ཞེས་བརྗོད་དོན་གཙོ་བོར་བྱས་པའི་ཐད་གཏོང་བྱེད་སྒོ་སྤེལ་ཡོད།  ཐད་གཏོང་ལེ་ཚན་ནང་དུ་ལེ་ཚན་གཙོ་སྐྱོང་པས་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གྲོང་གསེབ་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཞུས་ཝུའུ་ཏ་དང་།  བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་སྐལ་བཟང་ཡེ་ཤེས།  སོ་དྲུག་ཤང་གི་ཤང་ཀྲང་ཀྲང་ཞའོ་པོ།  ཁེ་གསུམ་སྡེ་ཁུལ་གྱི་ཕྱུག་འགྱུར་སྣེ་ཁྲིད་པ་ཟླ་བ་སོགས་སྐུ་མགྲོན་དང་ཕན་ཚུལ་སྤེལ་རེས་གནང་སྟེ།  དམངས་གཙོའི་བཅོས་བསྒྱུར་བྱས་ཚུན་གྱི་ལོ ༦༠ ཡི་རིང་ཁེ་གསུམ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་གླེང་ཡོད། 
     བོད་ལ་དམངས་གཙོའི་བཅོས་བསྒྱུར་མ་བྱས་གོང་ཁེ་གསུམ་གྲོང་ཚོར་ཁེ་གསུམ་གཞིས་ཀ་ཞེས་འབོད་ཅིང་།  བོད་རྙིང་པའི་ཞིང་བྲན་བདག་པོ་ཟུར་ཁང་དབང་ཆེན་དགེ་ལེགས་ཀྱི་ལྷོ་ཁར་ཡོད་པའི་གཞིས་ཀ་ཆེ་གྲས་དྲུག་ནང་གི་གཅིག་ཡིན།  གཞིས་ཀའི་ནང་གི་ཞིང་བྲན་རྣམས་ཁྲལ་པ་དང་དུད་ཆུང་།  ནང་གཟན་བཅས་ཁག་གསུམ་ལ་དབྱེ་སྟེ་ཁོང་ཚོ་ནི་སྐད་ཆ་ཤོད་ཤེས་པའི་རྟ་ཟོག་སེམས་ཅན་གྱི་མཐོང་ལས་མེད་པས།  ལོ་ལྟར་ཁྲལ་དང་འུ་ལག་སྣ་རིགས་འོག་ལྟོ་གོས་མི་འཛོམས་པའི་འཚོ་བ་སྐྱེལ་དགོས་ཀྱི་ཡོད།  སྤྱི་ལོ ༡༩༥༩ ལོའི་ཟླ ༥ པར་བོད་རང་སྐྱོང་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག་ཁེ་གསུམ་གྲོང་ཚོར་དང་ཐོག་དམངས་གཙོའི་བཅོས་བསྒྱུར་བྱས་པས།  བོད་ཀྱི་ལོ་རྒྱུས་ཐོག་གྲོང་གསེབ་ཀྱི་ཏང་ཀྲི་པུའུ་དང་པོ་དང་ཞིང་པའི་མཐུན་ཚོགས་དང་པོ།  མི་དམངས་ཀུང་ཧྲེ་དང་པོ་བཅས་བཙུགས་པ་དེའི་ཐོག་ནས་བོད་ཀྱི་དམངས་གཙོའི་བཅོས་བསྒྱུར་གྱི་གྲོང་ཚོ་དང་པོ་ཞེས་སུ་གྲགས།
     ད་ཆའི་ཁེ་གསུམ་སྡེ་ཁུལ་ལ་དྲོད་ཁང་ཆེན་མོའི་ཚལ་རིགས་འདེབས་གསོ་ལྟེ་གནས་དང་འགྲིམ་འགྲུལ་སྐྱེལ་འདྲེན།  ཞིང་འཕྲུལ་ཞབས་ཞུ་སོགས་དམངས་ཕྱུག་ཐོན་ལས་སྣ་ཚོགས་ཡོད་ལ།  ཞིང་པ་རྣམས་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཁང་པའི་ནང་སྡོད་པ་དང་ལྟོ་གོས་ཐད་སེམས་ཁྲལ་གང་ཡང་མེད།  ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ལོ ༢༠༡༨ ལོར་སྡེ་ཁུལ་ཡོངས་ཀྱི་དཔལ་འབྱོར་ཡོང་འབབ་ཁྱོན་ཁྲི་ཚོ ༣༤༢༧.༤༧ དང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་དངུལ་དམར་ཡོང་འབབ་སྒོར ༡༩༧༣༥ ཟིན་ཡོད།།