ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > 2019ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས། > བརྙན་པར་གཅེས་བསྡུས།

ཀྲུང་དབྱང་རླུང་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་5Gསྨྱན་སྦྱོར་གསར་པའི་ལས་སྟེགས་ཀྱིས་4Kཅན་གྱི་ཆེས་གསལ་བའི་བརྙན་རིས་སྒྲིག་བཟོ་བྱས་ཏེ་ལེགས་འགྲུབ་བྱུང་བ།

སྤེལ་དུས 2019-03-01 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

             རྒྱལ་ཡོངས་ཚོགས་ཆེན་གཉིས་འཚོག་ལ་ཉེ་བའི་སྐབས་འདིར། ཀྲུང་དབྱང་རླུང་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་5Gསྨྱན་སྦྱོར་གསར་པའི་ལས་སྟེགས་ཀྱིས་སྤྱི་ཟླ་༢པའི་ཚེས་༢༨ཉིན་4Kཅན་གྱི་ཆེས་གསལ་བའི་བརྙན་རིས་སྒྲིག་བཟོ་བྱས་ཏེ་ལེགས་འགྲུབ་བྱུང་ཡོད་པ་རེད། ཕྱོགས་ཀུན་ལ་ཁྱབ་པའི་4Kཅན་གྱི་ཆེས་གསལ་བའི་བརྙན་རིས་ཀྱི་བརྡ་རྟགས་ལམ་ཐིག་༡༦་ཡོད་པ་རྣམས་5Gདྲ་རྒྱ་བརྒྱུད་ནས་དུས་ལྟར་དུ་སྤྱི་ཁྱབ་ལས་ཁུངས་ཀྱི་5Gསྨྱན་སྦྱོར་བཀོལ་སྤྱོད་ཚོད་ལྟ་ཁང་དུ་ཕྱིར་གཏོང་བྱེད་ཐུབ་པ་མ་ཟད། ཧྭ་ཝེ་5Gསྟེབས་བརྩེགས་ལག་ཐོགས་ཁ་པར་གྱི་འཆར་ཤེལ་ལས་4Kཅན་གྱི་ལེ་ཚན་ལྟ་ཐུབ་པ་རེད། འདིས་ཀྲུང་དབྱང་རླུང་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་5Gསྨྱན་སྦྱོར་གསར་པའི་ལས་སྟེགས་ཀྱིས་4Kཅན་གྱི་ཆེས་གསལ་བའི་བརྙན་རིས་ཀྱི་བརྡ་རྟགས་མང་པོ་སྡུད་སྒྲིག་དང་ལེ་ཚན་སྣ་ཚོགས་སྒྲིག་བཟོ་བྱེད་པའི་དགོས་མཁོ་སྐོང་ཐུབ་པ་མ་ཟད། གནས་མི་གཅིག་པ་དང་ས་ཚིགས་མི་གཅིག་པ། གོ་རིམ་ཆ་ཚང་བ་དང་ནུས་པ་ཆ་ཚང་བའི་4Kཅན་གྱི་ཆེས་གསལ་བའི་བརྙན་རིས་ཀྱི་ལེ་ཚན་སྒྲིག་བཟོ་དང་ཁྱབ་བསྒྲགས་གི་ནུས་པ་འཛོམས་ཡོད་པས། ད་ལོའི་ཚོགས་ཆེན་གཉིས་ཀྱི་གནས་ཚུལ་སྤེལ་སྐབས་དངོས་སུ་བེད་སྤྱོད་བྱ་རྒྱུ་ཡིན་པ་མཚོན་ཡོད།
རྩོམ་སྒྲིག་པ། སྣང་རྡོ།