སི་ཁྲོན་འཐུས་མིའི་ཉམས་བཟང་།
སྤེལ་དུས 2019-03-05
ཡོང་ཁུངས། གངས་ལྗོངས་ཉི་གཞོན།
རྩོམ་པ་པོ།
སྤྱི་ཟླ་3པའི་ཚེས་5ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུའི་སྟེང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་གྱི་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ།
སྔ་དྲོའི་ཆུ་ཚོད་8:20ཡས་མས་སུ་སི་ཁྲོན་འཐུས་མི་ཚོགས་པའི་རྒྱལ་ཡོངས་དམངས་ཆེན་འཐུས་མི་རྣམས་ཀྱིས་མི་དམངས་ཀྱི་རེ་བཅོལ་ཕྲག་ཏུ་ཁུར་ཞིང་ཡིད་ཆེས་དང་སྤོབས་པ་ཆེན་པོས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕྱིན་པ་རེད། །