ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > 2019ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས། > བརྙན་པར་གཅེས་བསྡུས།

འཐུས་མི་ཝུང་ཤན་ཝུན་གྱིས་བདེ་སྐྱིད་ནི་འབད་འཐབ་བྱས་པ་ལས་འབྱུང་ཞེས་བརྗོད་པ།

སྤེལ་དུས 2019-03-06 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།

       རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལུང་ཤན་ཝུན་ནི་ཧུའུ་ནན་ཤང་ཤིས་ཀུའུ་ཀྲང་རྫོང་མོ་རུང་གྲོང་རྡལ་ཉིའུ་ཅའོ་ཧྲན་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཡིན་པ་དང་། “ཇ་ལོ”དང“དམངས་སྲོལ”གྱི་མིང་བྱང་གཉིས་ལ་དམིགས་ནས་ཁོང་གིས་གྲོང་མིའི་སྣེ་འཁྲིད་དེ་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ་སྟེ་ཤང་ཤིས་ཀྱི་རི་ཁུག་ཏུ་གནས་པའི་མེའོ་རིགས་གྲོང་སྡེར་ལོ་10ཡི་གོང་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་800ཡང་ཟིན་གྱི་མེད་པའི་གྲོང་ཚོ་དབུལ་པོ་དེ་ད་ཆ་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་དཔེ་སྟོན་གྲོང་ཚོ་དང་འབྱོར་འབྲིང་འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་ཚོ་སོགས་ལ་འཛུགས་སྐྲུན་བྱས་ཡོད། “བདེ་སྐྱིད་ནི་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་རེད”“དུས་རབས་གསར་པར་སླེབས་པས་ང་ཚོའི་འཚོ་བ་དེ་བས་ལེགས་སུ་འགྲོ་ངེས་རེད”ཅེས་ལུང་ཤན་ཝུན་གྱིས་གསུངས།

       ད་ཐེངས་པེ་ཅིང་དུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་ནས་ལུང་ཤན་ཝུན་གྱིས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་མགྱོགས་མྱུར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་གྲོས་འགོ་ཞིག་བསྣམས་པ་དང་། ཁོང་གིས་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་བླང་བྱ་གཞིར་བཟུང་གྲོང་གསེབ་ཀྱི་གསང་སྤྱོད་གསར་བརྗེ་གོ་སྐབས་སུ་བྱས་ནས་སྣོད་བཅུད་སྡོད་མལ་ལ་འཚམས་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།
རྩོམ་སྒྲིག་པ། སྣང་རྡོ།