ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > 2019ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས། > བརྙན་པར་གཅེས་བསྡུས།

རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་ཆེད་འབད་འཐབ་ཧུར་ཐག་བྱེད།

—— རྒྱལ་ཡོངས“ཚོགས་འདུ་གཉིས”ཀྱི་པར་རིས་བདམསབཀོད།

སྤེལ་དུས 2019-03-06 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
      བགྲང་བྱ་40ལྷག་ཙམ་འབད་འབུངས་ཡར་བརྩོན་དང་། སྒྱུར་བཅོས་སྒོ་དབྱེའི་བརྗིད་ཆེའི་འཕེལ་རིམ་ཁྲོད་དེང་གི་ཀྲུང་གོ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད།
      ལོ་70ཡི་རིང་ངལ་བ་ཁྱད་བསད་དང་། མི་རབས་མང་པོས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོར་ཡར་ལངས་པ་ནས་ཕྱུག་པོ་ཆགས་པ་དང་སྟོབས་ཆེན་ཆགས་པའི་བར་གྱི་མཆོང་སྐྱོད་རླབས་པོ་ཆེ་བྱུང་ཡོད།
      འདས་ཟིན་པའི་ལོ་གཅིག་ལ་ཕྱིར་མིག་ལྟ་སྐབས་ཐོབ་པར་དཀའ་བའི་གྲུབ་འབྲས་ལས་བཀྲག་མདངས་འཚེར་ས་མང་པོ་མངོན་པ་སྟེ།
      རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་6.6%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི་1361གསར་དུ་ལས་ཞུགས་ཐུབ་པ། རྩིས་གཞིའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ཟད་གྲོན་3.1%ཆག་པ། ཁྲོམ་རའི་བྱེད་པོའི་གྲངས་འབོར་ཚོང་དུད་དུང་ཕྱུར་1ལས་བརྒལ་བ། གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་1386ཉུང་དུ་ཕྱིན་པ། གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་6.5%དངོས་སུ་འཕར་བ་སོགས་རེད།
      ལས་དོན་གསར་པ་བཀོད་སྒྲིག་དང་། 2019ལོའི“ལས་འགན་ཡི་གེ”ལས་ཡིད་ཆེས་མངོན།
      བཟོ་སྐྲུན་ལས་རིགས་སོགས་ལས་རིགས་སུ་ད་ཆ་ལག་ལེན་བསྟར་བཞིན་པའི་རིན་ཐང་འཕར་ཁྲལ་གྱི་ཁྲལ་ཚད་16%ནས་13%བར་གཅོག་རྒྱུ་དང་། “གཞུང་གྲོན་གསུམ”སླར་ཡང་3%ཙམ་ཉུང་འཕྲི་བྱ་རྒྱུ། སྒུལ་བདེའི་དྲ་རྒྱའི་རྒྱུག་འབོར་གྱི་ཆ་སྙོམས་རིན་གོང་སླར་ཡང་20%ཡན་གཅོག་རྒྱུ། ཀྲུང་དབྱང་ནོར་སྲིད་ཀྱིས་སློབ་གསོར་སྒོར་དུང་ཕྱུར་ཁྲི་1ལྷག་ཙམ་གཏོང་རྒྱུ། ནད་ཆེན་འགན་བཅོལ་གྱི་སྨན་རིན་རྩིས་ཞུའི་བསྡུར་ཚད་50%ནས་60%བར་མཐོ་རུ་གཏོང་རྒྱུ། རྒན་ཡོལ་ཞུ་མཁན་གྱི་གཞི་རྩའི་རྒན་གསོའི་དངུལ་མུ་མཐུད་མཐོ་རུ་གཏོང་རྒྱུ་སོགས་རེད།
      གྲངས་གཞི་འཕར་ཆག་ལས་མངོན་པ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཡིད་ཆེས་རེད་ལ། དམངས་ཆེད་འཕེལ་རྒྱས་བཏང་བའི་བྱེད་ཐབས་དངོས་དེ་བས་རེད།
      རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་ནི་རང་རྒྱལ་གྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད་ལ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་ལོར་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཀྱང་རེད།
      ད་ཐེངས་ཀྱི་ཚོགས་ཆེན་ཡག་པོ་འཚོག་རྒྱུ་ནི་སྤྱི་ཚོགས་ཡོངས་ལ་ཀྲུང་གོའི་མི་དམངས་དུང་ཕྱུར་14ཙམ་གྱི་ཡིད་ཆེས་བརྟན་པོ་དང་སྟོབས་ཤུགས་ཆེན་པོ་བརྒྱུད་སྤྲོད་བྱ་རྒྱུ་དེ་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དེ་བས་ལེགས་པའི་སྒོ་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ། ཕྱར་བ་གྲུ་འདེགས་ངང་འདི་ལོའི་དམིགས་ཚད་ལས་འགན་ཁག་ལེགས་སྒྲུབ་བྱེད་པ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་བསུ་བ་ཞུ་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།

འདི་ནི་ཚོགས་ཆེན་གྱི་ཚོགས་ར་ཡིན་པ། 
      ཟླ་3ཚེས་5ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། 

འདི་ནི་གནམ་བདེ་སྒོ་མོའི་ཐང་ཆེན་དུ་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་པ།

འདི་ནི་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚེ་རིང་མཚོ་བརྟན་གྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་ནན་ཏན་ངང་གྲོས་ཞིབ་གནང་བཞིན་པ། 

འདི་ནི་འཐུས་མི་ཚོས་ནན་ཏན་ངང་ཚོགས་འདུ་གསན་བཞིན་པ།

འདི་ནི་གསར་འགོད་པས་དྲི་བ་འདོན་བཞིན་པ།

འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མཱ་ཧྲན་ཤང་དང་། ཁྲེང་ཅེ། ཏང་ཡུང་ཧྥུའུ་ཡིས“འཐུས་མིའི་བགྲོད་ལམ”དུ་བཅར་འདྲི་དང་ལེན་གནང་བཞིན་པ།

འདི་ནི་ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་པས་ཚོགས་ཆེན་ཟུར་ཉན་བྱེད་བཞིན་པ།

འདི་ནི་སྨྱན་སྦྱོར་གྱི་གསར་འགོད་པས་ཚོགས་ཆེན་གྱི་དཔྱད་ཡིག་བླངས་རྗེས་གསར་འགྱུར་གང་མགྱོགས་སྤེལ་བཞིན་པ།

འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོགས་རར་ཕེབས་བཞིན་པ།

འདི་ནི་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གསན་རྗེས་བློ་སྟོབས་ཆེར་སྐྱེད་ཀྱིས་མི་དམངས་ཚོགས་ཁང་ཆེ་མོ་ནས་ཕེབས་བཞིན་པ། 
རྩོམ་སྒྲིག་པ། སྣང་རྡོ།