ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > 2019ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས། > གསར་འགྱུར།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པ་པེ་ཅིང་དུ་སྐོང་འཚོགས་བྱས་པ་དང་། ལི་ཀྲན་ཧྲུའུ་ཡིས་གཙོ་སྐྱོང་གནང་བ།

སྤེལ་དུས 2019-02-28 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པས་སྤྱི་ཚེས་26ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་སྐོང་འཚོགས་བྱས་པ་དང་། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད་པ་རེད།
          ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་ལས་འགན་གལ་ཆེན་ཞིག་ནི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པ་སྐོང་འཚོགས་བྱ་རྒྱུར་གྲ་སྒྲིག་བྱེད་ཆེད་ཡིན་པ་རེད། གྲོས་ཚོགས་ཀྱི་གྲོས་རིམ་ནང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྙན་ཞུའི་མ་ཟིན་ལ་གྲོས་ཞིབ་བྱ་རྒྱུ་དང་། ཨུ་ཡོན་ཀྲང་གྲོས་ཚོགས་ཀྱིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གྲོས་རིམ་འཆར་ཟིན་དང་། ཀྲུའུ་ཞི་ཚོགས་པ་དང་དྲུང་ཆེའི་མིང་ཐོའི་འཆར་ཟིན། ཟུར་ཞུགས་མི་སྣའི་མིང་ཐོའི་འཆར་ཟིན་སོགས་ཀྱི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ་ཡིན་པ་རེད།
          སྦག་བཙོག་འགོག་བཅོས་ཀྱི་འགག་གཏོར་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་རྒྱུ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་བཀོད་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན། སྤྱི་ལོ་2018ལོའི་ལོ་སྟོད་དུ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རླུང་ཁམས་ཆེན་མོའི་སྦག་བཙོག་འགོག་བཅོས་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་བྱས་ཡོད་པ་དང་། སྤྱི་ཟླ་བདུན་པར་ཆེད་མངག་གྲོས་ཚོགས་ཐོལ་པ་འཚོགས་ནས། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གིས་རླུང་ཁམས་ཆེན་མོའི་སྦག་བཙོག་འགོག་བཅོས་བཅའ་ཁྲིམས་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྙན་ཞུ་ཉན་པ་མ་ཟད་དེར་གྲོས་ཞིབ་བྱས་ཡོད་པ་དང་། ཆེད་དོན་བློ་འདྲི་བྱས་ཏེ། ཁྱོན་ཡོངས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་དང་ཁྲིམས་ལྟར་སྦག་བཙོག་འགོག་བཅོས་ཀྱི་འགག་གཏོར་དམག་འཐབ་ཡག་པོ་རྒྱག་རྒྱུར་སྐུལ་འདེད་གཏོང་རྒྱུའི་གྲོས་ཆོད་བཏོན་ཡོད་པ་རེད། ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐོག སྐྱེ་ཁམས་ཁོར་ཡུག་པུའི་པུའུ་ཀྲང་ལི་ཀན་ཅེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རླུང་ཁམས་ཆེན་མོའི་སྦག་བཙོག་འགོག་བཅོས་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་སྙན་ཞུ་དང་གྲོས་ཞིབ་བསམ་འཆར་ལ་ཞིབ་འཇུག་ཐག་གཅོད་བྱས་པའི་གནས་ཚུལ་དང་། དེ་བཞིན་འབྲེལ་ཡོད་གྲོས་ཆོད་དོན་འཁྱོལ་བྱས་པའི་གནས་ཚུལ་ཐད་སྙན་ཞུ་གནང་ཡོད་པ་རེད།
          དབུལ་གྲོལ་འགག་གཏོར་གྱི་ཆེད་དོན་བརྟག་ཞིབ་བྱ་རྒྱུ་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བར་རྒྱལ་ཁ་ཕུ་ཐག་ཆོད་པའི་ལེན་པའི་འགག་འགྲོལ་དམག་འཐབ་ཆེན་པོ་གསུམ་རྒྱུན་མཐུད་ངང་རྒྱག་རྒྱུར་གཞིགས་པའི་ལྟ་སྐུལ་ལས་དོན་ཞིག་ཡིན། སྤྱི་ལོ་2018ལོའི་ཟླ་5པ་ནས་ཟླ་12པའི་བར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་གསུམ་གྱིས་རུ་སྣེ་ཁྲིད་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཞིང་ལས་ཨུ་ཡོན་ལྷན་ཁང་དང་མི་རིགས་བྱ་དོན་ཨུ་ཡོན་ལྷན་ཁང་གྲུབ་ཆའི་མི་སྣ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཅས་ཞུགས་ཏེ། ཁག་སོ་སོར་སི་ཁྲོན་སོགས་ཞིང་ལྗོངས་བཅུ་དྲུག་ལ་བསྐྱོད་ནས་ས་ཆ་དངོས་སུ་བརྟག་ཞིབ་བྱས་ཡོད་པ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝུ་ཝེ་ཧྭ་ཡིས་གྲོས་ཚོགས་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་བརྟག་ཞིབ་ཚོགས་ཆུང་གིས་དབུལ་གྲོལ་འགག་གཏོར་ལས་དོན་ཐད་ཀྱི་གནས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་བྱས་པའི་སྐོར་གྱི་སྙན་ཞུ་སྤེལ་ཡོད་པ་རེད། སྙན་ཞུའི་ནང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ཚན་པ་དང་ས་གནས་ཁག་གིས་དབུལ་གྲོལ་འགག་གཏོར་གྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་པ་དང་། དབུལ་སྐྱོར་ཐད་མ་འཇོག་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ། ཏན་ཏན་ཏིག་ཏིག་ངང་ཞན་ཆ་གསབ་པའི་ལས་དོན་ལ་སྐུལ་འདེད་བཏང་བ། དབུལ་ཕོངས་མང་ཚོགས་ཀྱི་ནང་སྐྱེས་འགུལ་ཤུགས་སྐུལ་སློང་གང་ལེགས་བྱས་པ། ནན་པོ་དང་དོན་དངོས་ཀྱི་ཐོག་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བྱས་པ་བཅས་ཀྱིས་དབུལ་གྲོལ་འགག་གཏོར་དམག་འཐབ་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རིམ་ཐོན་པ་བྱས་ཡོད། འོན་ཀྱང་དབུལ་གྲོལ་འགག་གཏོར་དམག་འཐབ་ཀྱི་མཐའ་མའི་དམག་འཐབ་དང་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུའི་གནས་བབ་སྔར་བཞིན་ཛ་དྲག་པོ་ཡོད་ཅེས་བསྟན་པ་དང་། སྙན་ཞུའི་ནང་། རྗེས་མཐུད་ཀྱི་དབུལ་གྲོལ་འགག་གཏོར་དམག་འཐབ་ནང་། ཏང་ཀྲུང་དབྱང་གིས་ཁ་གསལ་བཟོས་ཟིན་པའི་དམིགས་འབེན་ཚད་གཞི་དང་སྲིད་ཇུས་བྱེད་ཐབས་ལ་མཐའ་གཅིག་ཏུ་གཞིགས་ནས། དབུལ་ཕོངས་ས་ཁུལ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས། སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ་ལ་ཤུགས་རྐྱེན་ཐེབས་པའི་མངོན་གསལ་དོད་པའི་གནད་དོན་བཅས་ལ་སྔར་བས་གཅིག་བསྡུས་བྱས་ཏེ། རྒྱུན་ལྡན་གྱི་ཚད་གཞི་ལས་བརྒལ་བའི་བྱེད་ཐབས་སྤྱད་པ་དང་། བྱེད་ཐབས་ཏན་ཏིག་བཟུང་བ། རྒྱལ་ཡོངས་ཀྱི་སྟོབས་ཤུགས་སྤྱད་པ་བཅས་བྱས་ནས། དུས་བཀག་ལྟར་དབུལ་གྲོལ་འགག་གཏོར་གྱི་ལས་འགན་ལེགས་གྲུབ་ཐུབ་པའི་འགན་སྲུང་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད་པ་རེད།
          གྲོས་ཚོགས་ཐོག་ད་དུང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝུ་ཡུས་ལེང་གིས་གནང་བའི་འཐུས་མི་རེ་གཉིས་ཀྱི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་ཉན་པ་དང་། འབྲེལ་ཡོད་བསྐོ་འཐེན་གྲོས་ཞིར་གྲོས་ཞིབ་བྱས་ཡོད་པ་རེད།
རྩོམ་སྒྲིག་པ། རྡོ་རྗེ།