ཚོགས་ཆེན་གཉིས་ཀྱི་འཐུས་མི་དང་ཨུ་ཡོན་གྱི་སེམས་སྒྲ་༽རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་པེ་ཅིང་དུ་ལས་སྒྲུབ་ལ་འབྱོར་བ།
སྤེལ་དུས 2019-03-03
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ། བསྟན་འཛིན་དབང་རྒྱལ་གྱིས་བསྒྱུར།
ད་ལོ་ནི་མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བའི་ལོ་རེད། གྲོས་འགོ་བཏོན་པ་དང་གྲོས་མོལ་བྱ་རྒྱུ་ནི་མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་རེད།
ན་ནིང་ནས་བཟུང་ཧུའུ་པེ་ཞིང་ཆེན་གྱིས་ཨུ་ཡོན་གྱི་འགན་སྒྲུབ་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཨུ་ཡོན་སྣེ་ཁྲིད་ནས་ཨུ་ཡོན་གྱི་ལས་ཀ་ཡག་པོ་གཉེར་ཡོད། དེས་སྐབས་འདིའི་གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཡོན་ཀྲི་མིང་ལ། གྲོས་འགོ་བཏོན་པའི་ལས་དོན་ཐད། ལས་ཀ་སྤེལ་རྒྱུ་མང་ཆེ་བ་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་དེ་ཡིན་པའི་མྱོང་ཚོར་བྱུང་ཡོད།
ཁོང་གིས། ཨུ་ཡོན་རེ་རེའི་འགན་སྒྲུབ་དང་འགན་འཁྲི་འཁུར་བའི་གནས་ཚུལ་ལ་དཔྱད་ཞིབ་བྱེད་སྐབས། གྲོས་འགོ་བཏོན་པའི་འབོར་གྲངས་ལ་ལྟ་རྒྱུ་མེད་པ་དང་། དེའི་སྤུས་ཚད་ལ་ལྟ་དགོས། གྲོས་འགོ་བཟོ་རྒྱུ་དེ་ནི་ཨུ་ཡོན་རེ་རེས་རྒྱལ་ཁབ་ཀྱི་རྒྱལ་ཚུལ་ལ་སློབ་སྦྱོང་དང་རྒྱུས་མངའ་སྔར་ལས་ལྷག་པ་བྱེད་པའི་བརྒྱུད་རིམ་ཞིག་རེད་ཅེས་ངོས་འཛིན་བྱས་ཡོད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཧོང་ལིས་མིན་གྱིས། གང་ཞིག་ལ་ཀྲུང་གོའི་སྐད་སྒྲ་ཡག་ཤོས་རེད་ཟེར་ན། དེ་ནི་ལྟེ་བར་གཞིགས་པ་དང་གནས་བབ་ཧྲིལ་པོར་ཞབས་ཞུ་སྒྲུབ་པའི་ཐད་ཁྱེད་ཀྱིས་ཇུས་ཡག་པོ་ཞིག་འདོན་ཐུབ་པ་དང་། རྒྱལ་ཁབ་ཀྱི་ལས་དོན་ཆེན་མོར་སྐུལ་མ་དང་རེ་འབོད་བྱེད་ཐུབ་པ་དེ་ཡིན། རྩ་བའི་ཐོག་ནས་བཤད་ཚེ། འགག་རྩའི་གནད་མཐོང་ཐུབ་པ་ནི། ལས་ཀར་བྱེད་ནུས་ཡོད་པ་དང་། ཕན་འབྲས་ཡོད་པ་ཞིག་རེད་ཅེས་གསུངས་འདུག
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཡང་ཀྲེན་པིང་གིས་སློབ་གསོའི་ལས་དོན་སྤེལ་ནས་ལོ་ངོ་༣༠ལྷག་སོང་ཡོད། ཁོང་གིས། ད་ལོ་སློབ་ཆེན་སློབ་མའི་ནང་གི་ཉམ་ཆུང་ཁྱུ་ཚོགས་ལ་སེམས་འཁུར་བྱ་རྒྱུ་དེ་གཙོ་གནད་ཐོག་བཞག་རྒྱུ་ཡིན་པ་དཔེར་ན། དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མ་དང་། དབང་པོ་སྐྱོན་ཅན་གྱི་སློབ་མ་སོགས་ཀྱི་གསོ་སྦྱོང་དང་སློབ་གསོའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞེས་བསྟན་འདུག
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཝུའུ་ཁྲུན་མའེ་ཡིས། སྔར་ལས་ཆེ་བའི་ཁྱབ་ཁོངས་ནང་ཀུན་ཕན་རང་བཞིན་གྱི་བུ་བཅོལ་ཁང་གོང་འཕེལ་གཏོང་བ་དང་། བྱིས་དུས་སྐབས་སུ་བདེ་སྐྱིད་ལ་རོལ་ཐུབ་རྒྱུར་མངོན་གྱུར་ཡོང་ཐུབ་པ་བྱ་རྒྱུའི་རེ་བ་བསྟན་ཡོད།
རྩོམ་སྒྲིག་པ། སྣང་རྡོ།