ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > 2019ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས། > གསར་འགྱུར།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་པ།

སྤེལ་དུས 2019-03-05 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སྐྱོད་པོས་བསྒྱུུར།

      སྤྱི་ཚེས་4ཉིན་གྱི་སྔ་དྲོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་མི་དམངས་ཚོགས་ཁང་ཆེན་མོར་ཚོགས་པ་དང་། ཚོགས་ཆེན་གྱི་མགྲིན་ཚབ་པ་ཀྲང་ཡེ་སུའེ་ཡི་ཀྲུང་ཕྱིའི་གསར་འགོད་པའི་དྲ་བར་ལན་བསྐྱོན་ཡོད།
      ཚོགས་ཆེན་གྱི་མགྲིན་ཚབ་པ་ཀྲང་ཡེ་སུའེ་ཡིས། ད་ཐེངས་ཀྱི་ཚོགས་ཆེན་དེ་སྤྱི་ཟླ་3ཚེས་5ཉིན་གྱི་སྔ་དྲོ་འགོ་ཚུགས་ནས་སྤྱི་ཟླ་3ཚེས་15ཉིན་གྱི་སྔ་དྲོ་མཇུག་སྒྲིལ་རྒྱུ་དང་། ཚོགས་ཡུན་ཉིན་10དང་ཉིན་ཕྱེད་ཡིན་པ་དང་། ཕྱི་རྒྱལ་ཚོང་པའི་མ་འཇོག་བཅའ་ཁྲིམས་ལ་གྲོས་ཞིབ་བྱ་རྒྱུ་དེ་ད་ལོའི་གྲོས་རིམ་གལ་ཆེན་ཞིག་ཡིན་པ་ཁྱབ་བསྒྲགས་བྱས་ཡོད། ཀྲང་ཡེ་སུའེ་ཡིས། ཕྱི་རྒྱལ་ཚོང་པའི་མ་འཇོག་བཅའ་ཁྲིམས་སྒྲིག་བཟོ་བྱ་རྒྱུ་དེ་ནི་ཕྱི་རྒྱལ་ཚོང་པའི་མ་འཇོག་གི་བཅའ་ཁྲིམས་ལམ་ལུགས་གསར་གཏོད་བྱས་ནས་ཕྱི་རྒྱལ་མ་དངུལ་བཅའ་ཁྲིམས་གསུམ་གྱི་ཚབ་བྱས་ཏེ། དུས་རབས་གསར་པའི་རང་རྒྱལ་གྱི་ཕྱི་རྒྱལ་མ་དངུལ་བེད་སྤྱོད་བྱེད་པའི་གཞི་རྩའི་རང་བཞིན་གྱི་ཁྲིམས་ལུགས་སུ་གྱུར་རྒྱུ་ཡིན་པ་སྟོན་ཡོད།
      ཀྲང་ཡེ་སུའེ་ཡིས། ཕྱི་རྒྱལ་ཚོང་པའི་མ་འཇོག་བཅའ་ཁྲིམས་ཀྱི་འཆར་ཟིན་ནང་། རང་རྒྱལ་གྱི་ཕྱི་རྒྱལ་ཚོང་པར་ཆོག་འཐུས་གོང་གི་རྒྱལ་དམངས་ཐོབ་ཐང་དང་། ཞན་ཆ་ཐོ་འགོད་ཀྱི་དོ་དམ་ལམ་ལུགས་ལག་བསྟར་བྱས་ནས་གནད་དོན་རེ་རེ་བཞིན་ཆོག་མཆན་སྤྲོད་པའི་དོ་དམ་ལམ་ལུགས་མེད་པ་བཟོ་རྒྱུ་དང་། ཕྱི་རྒྱལ་ཚོང་པས་མ་འཇོག་བྱེད་མི་ཆོག་པ་དང་། ཚད་བཀག་བཟོས་པའི་ཁྱབ་ཁོངས་ཀྱི་མིང་ཐོ་བཟོས་ནས་མིང་ཐོར་ཚུད་མེད་པ་དག་སྒོ་ཕྱེ་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་མ་འཇོག་བྱེད་མཁན་ལ་གཅིག་མཚུངས་ཀྱི་ཐོབ་ཐང་སྤྲོད་རྒྱུ་ཡིན་པ་གསལ་པོ་གཏན་འབེབ་བྱས་ཡོད། དེ་ནི་རང་རྒྱལ་གྱི་ཕྱི་རྒྱལ་ཚོང་པའི་མ་འཇོག་དོ་དམ་ལམ་ལུགས་ཀྱི་རྩ་བའི་སྒྱུར་བཅོས་ཤིག་རེད་ཅེས་གསུངས་འདུག

      གསར་འགོད་པས་བཏོན་པའི་ད་ལོ་ཀྲུང་གོའི་རྒྱལ་སྲུང་འགྲོ་གྲོན་འཕར་ཚད་ཇི་ཙམ་ཡིན་མིན་ཐད་ཀྱི་དྲི་བར། ཀྲང་ཡེ་སུའེ་ཡིས། རྒྱལ་ཁབ་ཅིག་གིས་རྒྱལ་ཁབ་གཞན་ལ་དམག་དོན་ཉེན་ཁ་བཟོས་ཡོད་མེད་ཀྱི་འགག་རྩ་དེ་རྒྱལ་ཁབ་དེའི་ཕྱི་འབྲེལ་དང་། རྒྱལ་སྲུང་སྲིད་ཇུས་ལ་བལྟ་དགོས་པ་ལས། རྒྱལ་ཁབ་དེའི་རྒྱལ་སྲུང་འགྲོ་གྲོན་འཕར་སྣོན་ག་ཚོད་ཕྱིན་མིན་ལ་བལྟ་མི་རུང་། 2018ལོར་ཀྲུང་གོའི་རྒྱལ་སྲུང་འགྲོ་གྲོན་གྱིས་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་ནང་བཟུང་པའི་བསྡུར་ཚད་དེ་བརྒྱ་ཆ་1.3ཡིན་པ་དང་། གཙོ་གནད་འཕེལ་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་དུས་མཚུངས་པའི་རྒྱལ་སྲུང་འགྲོ་གྲོན་གྱིས་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་ནང་བཟུང་པའི་བསྡུར་ཚད་བརྒྱ་ཆ་2ཡན་ཟིན་པ་ཤ་སྟགས་རེད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཞི་བདེའི་གོང་འཕེལ་གྱི་འགྲོ་ལམ་ཐོག་སྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས་འགོག་སྲུང་རང་བཞིན་གྱི་རྒྱལ་སྲུང་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད། ཀྲུང་གོའི་ཚད་ཡོད་ཀྱི་རྒྱལ་སྲུང་འགྲོ་གྲོན་དེ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། མངའ་ཁོངས་ས་ཆ་ཆ་ཚང་བ་སྲུང་སྐྱོབ་བྱ་ཆེད་ཡིན་པས་རྒྱལ་ཁབ་གཞན་ལ་ཉེན་ཁ་བཟོ་མི་སྲིད་ཅེས་ལན་བཀྱོན་ཡོད།
      སྤྱི་ཚེས་4ཉིན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁབ་ལས་ཁུངས་ཀྲུང་དབྱང་བརྙན་འཕྲིན་གྱི་གསར་འགོད་པས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པ་དང་། དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁྲི་ཁུར་བའི་ལོ་དང་པོ་དེའི་ལྟ་སྐུལ་ལས་དོན་ལ་གདེང་འཇོག་གང་འདྲ་བྱེད་ཀྱི་ཡོད་མིན་ཐད་ལ་མགྲིན་ཚབ་པར་དྲི་བར་བཏོན་པ་དང་། ཀྲང་ཡེ་སུའེ་ཡིས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་ལྟ་སྐུལ་གྱི་འགན་འཁྲི་སྒྲུབ་པ་དང་། ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་རྒྱུན་ཆད་མེད་པར་བྱས་པས་ཕན་འབྲས་བཟང་པོ་ཐོན་ཡོད་ཅེས་སྟོན་ཡོད།
      ཀྲང་ཡེ་སུའེ་ཡིས། ཀྲུང་དབྱང་གི་གལ་ཆེའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུ་སྐུལ་འདེད་བཏང་ནས་འགག་གཏོར་གྱི་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་རྒྱུར་གཞོགས་འདེགས་བྱས་ཡོད། དཔེར་ན། རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་དང་། རྒྱ་མཚོའི་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་ཁྲིམས་སྐྱོང་ཞིབ་བཤེར་སྒྲིག་འཛུགས་བྱས་པ་དང་། ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་སྙན་ཞུ་བཞི་ཉན་པ་དང་གྲོས་ཞིབ་བྱ་རྒྱུ་བཀོད་སྒྲིག་བྱས་ཡོད། གནད་དོན་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ལྟ་སྐུལ་གྱི་ཕན་ནུས་དངོས་ཆེ་རུ་གཏོང་རྒྱུའི་འབད་བརྩོན་བྱས་ཡོད། ན་ནིང་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ཀྱི་ཁྲིམས་སྐྱོང་ཞིབ་བཤེར་བྱེད་པའི་ནང་ཞིབ་བཤེར་དངོས་དང་ཞིབ་བཤེར་བྱེད་ཁག་སར་ཞིབ་བཤེར་བྱས་ཏེ་གང་ཐེབས་འཐེན་བཤེར་བྱས་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལོ་རྒྱུས་ཐོག་ཐེངས་དང་པོར་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་ལ་ཆེད་དོན་སྐད་ཆ་དྲི་ཡོད། དེ་ནི་སྲིད་ཁྲིམས་སྒྱུར་བཅོས་ལ་རྒྱབ་སྐྱོར་དང་འགན་ལེན་བྱེད་པ་དང་། སྲིད་ཁྲིམས་གཞུང་དྲང་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་ཐབས་ཤིག་རེད་ལ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལྟ་སྐུལ་ལས་དོན་སྤེལ་བའི་འཚོལ་ཞིབ་དང་ལག་བསྟར་གསར་གཏོད་ཅིག་ཀྱང་རེད་ཅེས་གསུངས་འདུག