ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > 2019ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས། > གསར་འགྱུར།

རྒྱལ་ཁབ་ཀྱི་ཇུས་ཆེན་ལ་ཐུན་མོང་ཐོག་མཐོང་ཆེན་བྱས་ནས་སེམས་ཤུགས་གཅིག་སྒྲིལ་ངང་རླབས་ཆེའི་བྱ་གཞག་སྒྲུབ་པ།

སྤེལ་དུས 2019-03-07 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
—བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་པའི་རགས་བྲིས།
           ཟླ་3ཚེས་5ཉིན་གྱི་སྔ་དྲོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་པ་རེད། འདི་ནི་ཚོགས་ཆེན་གྱི་ཚོགས་ར་ཡིན་པ།
           སླར་ཡང་ལོ་གཅིག་གི་“ཚོགས་འདུ་གཉིས་ཀྱི་དུས་ཚོད་”ཟིན། དུས་ཡུན་ཉིན་བཅུ་ལྷག་གི་ཚོགས་ཡུན་ནང། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱིས་ནན་ཏན་ངང་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གནང་པའི་དབང་ཆ་སྤྱོད་པ་དང་། འཐུས་མི་དང་ཨུ་ཡོན་གྱི་འགན་འཁྲི་བསྒྲུབ་བཞིན་ཡོད་པ་རེད།
           ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཡིན་ལ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ལོ་བརྒྱ་ཨང་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བའི་འགག་རྩའི་ལོ་ཡང་ཡིན། ད་ལོ་ནི་བོད་ལྗོངས་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་ལོ་ཡང་ཡིན་ལ། བོད་ལྗོངས་ལ་ཁྱོན་ཡོངས་ནས་དབུལ་པོ་དབུལ་རྐྱང་མེད་པ་བཟོ་བའི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་ཡིན་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཡིད་ཆེས་བརྟན་པོ་དང་། འབད་འཐབ་ལྷོད་མེད། དཀའ་གནད་ལས་སྒྲོལ་ཕོད་པ། གོ་སྐབས་དམ་འཛིན་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་གསར་པ་རྩོམ་པའི་འགག་རྩའི་ལོ་ཡང་ཡིན། ཚོགས་འདུ་གཉིས་རིང་། བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཏང་དང་རྒྱལ་ཁབ་དང་། མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་དང་བདག་པོའི་སྙིང་སྟོབས་ལ་བརྟེན་ནས། སེམས་སུ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་བརྟན་པོར་བཅངས་ཤིང། བོད་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ། ཚོགས་འདུའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ནས་རང་ཁྱིམ་རང་བདག་གི་དབང་ཆ་སྤྱད་དེ། ཧུར་ཐག་ངང་བློ་འདོན་ཇུས་འདོན་བྱེད་པ་དང་། ནན་ཏན་ངང་འགན་འཁྲི་གཙང་སྒྲུབ་བྱས་པས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱི་བསམ་བློའི་རྣམ་པ་ཡག་པོ་མངོན་ཡོད་པ་རེད།
           ཚོགས་འདུ་གཉིས་ཐོག བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཨུ་ཡོན་གྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱིས་སྒེར་སེམས་མེད་པར་རྒྱབ་སྐྱོར་གནང་བའི་བཀའ་དྲིན་གྱི་བསམ་པ་གང་ལེགས་མངོན་པར་བྱས་པ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བའི་ཡིད་ཆེས་དང་ཆོད་སེམས་གང་ལེགས་མངོན་པར་བྱས་པ་རེད། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཧ་ཅང་ཆེན་པོ་གང་ལེགས་མངོན་པར་བྱས་པ་དང་། བོད་ལྗོངས་ཀྱིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལྟར་འབད་བརྩོན་ཆེན་པོས་བསྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་ཀྱི་ལས་དོན་ཁག་ལེགས་པར་བསྒྲུབ་ནས། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་གསལ་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པའི་འགྱུར་མེད་སྟོབས་ལྡན་གྱི་སྙིང་སྟོབས་གང་ལེགས་མངོན་པར་བྱས་ཡོད་ལ། ནུས་ལྡན་ངང་བོད་ལྗོངས་དྲིལ་བསྒྲགས་དང་། “བོད་ཀྱི་སྐད་སྒྲ་”ཁྱབ་པར་བྱས་ཡོད་པ་རེད།
འདི་ནི་བོད་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྐལ་བཟང་སྒྲོལ་དཀར་གྱིས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་བཞིན་པའི་གནས་ཚུལ་ཡིན་པ།
ཟླ་3ཚེས་5ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པས་མུ་མཐུད་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ། འདི་ནི་བོད་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བཀྲ་ཤིས་ཟླ་བས་(གཡས་)ནན་ཏན་ངང་ཚོགས་འདུ་ཉན་བཞིན་པའི་གནས་ཚུལ་ཡིན་པ།
འདི་ནི་བོད་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཝོ་ལིའུ་ཆོན་གྱིས་བཞུགས་གནས་ཀྱི་ཁང་པའི་ནང་འབུལ་རྒྱུའི་གྲོས་གཞི་གྲ་སྒྲིག་བྱེད་བཞིན་པའི་གནས་ཚུལ་ཡིན་པ།
འདི་ནི་བོད་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཉན་རྗེས། སྤོབས་སེམས་ཆེན་པོས་མི་དམངས་ཚོགས་ཁང་ཆེ་མོ་ནས་ཕྱིར་ཐོན་ཡོང་བའི་གནས་ཚུལ་ཡིན་པ།
           ཟླ་3ཚེས་5ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པས་མུ་མཐུད་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ། འདི་ནི་བོད་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བློ་བཟང་བསམ་བསྟན་(གཡས་ཀྱི་དང་པོ་)གཏམ་བཤད་གནང་བཞིན་པའི་གནས་ཚུལ་ཡིན་པ།
འདི་ནི་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚེ་རིང་མཚོ་བསྟན་གྱིས་ནན་ཏན་ངང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱེད་བཞིན་པའི་གནས་ཚུལ་ཡིན། 
           ཟླ་3ཚེས་5ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་བོད་ལྗོངས་འཐུས་མི་ཚོགས་པས་བཞུགས་གནས་སུ་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱས་པ་རེད། འདི་ནི་ཚོགས་འདུའི་ཡུལ་དངོས་ཡིན་པ།
           ཟླ་3ཚེས་5ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པས་མུ་མཐུད་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ། འདི་ནི་རང་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བསོད་ནམས་ཉི་མ་(གཡོན་)དང་སངས་རྒྱས་གྲགས་པས་(གཡས་)སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་འཁྲུག་པོ་བྱེད་བཞིན་པའི་གནས་ཚུལ་ཡིན་པ།
རྩོམ་སྒྲིག་པ། སངས་སྐྱབས།