ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > 2019ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས། > གསར་འགྱུར།

མཚོ་བོད་ས་མཐོའི་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ནུས་ལྡན་གཅོག་དགོས།

སྤེལ་དུས 2019-03-10 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།

          ཟླ་3ཚེས་9ཉིན། ཨུ་ཡོན་ཅང་ཙུའོ་ཅུན་གྱིས་ཀྲི་ཀུང་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་ཚོགས་ཆེན་ལ་གཏམ་བཤད་སྤེལ་སྐབས། མཚོ་བོད་ས་མཐོ་ནི“འཛམ་གླིང་གི་ཡང་རྩེ”དང་“ཡ་གླིང་གི་ཆུ་མཛོད”ཡིན་པ་དང་། རང་རྒྱལ་གྱི་གལ་ཆེའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་སྲུང་སྐྱོང་ཁུལ་གཙོ་བོའང་ཡིན་པ་རེད། མཚོ་བོད་ས་མཐོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་ཏེ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ནུས་ལྡན་གཅོག་དགོས།
          ཅང་ཙུའོ་ཅུན་གྱིས། མཚོ་བོད་ས་མཐོའི་རིགས་ཁག་གི་ཁོར་ཡུག་དང་སྣོད་བཅུད་འཛུགས་སྐྲུན་གྱི་ལས་གྲྭ་ལག་བསྟར་གྱི་འཕེལ་རིམ་བདེ་བླག་བྱུང་ཡོད་ལ་། རྨང་གཞིའི་ཚན་རིག་ཞིབ་འཇུག་དང་། ཁོར་ཡུག་སྲུང་སྐྱོང་ལས་གྲྭ ཁོར་ཡུག་སྲུང་སྐྱོང་འདུ་ཤེས་ཀྱི་སློབ་གསོ་བཅས་ཀྱི་ཐད་གོང་འཕེལ་ངེས་ཅན་བྱུང་ནས་ཁོར་ཡུག་གི་སྤུས་ཚད་རིམ་བཞིན་ལེགས་བཅོས་འགྲོ་བཞིན་ཡོད་པ་མངོན་ཡོད་པ་རེད་། ཡིན་ན་ཡང་མཚོ་བོད་ས་མཐོའི་གནམ་གཤིས་འགྱུར་ལྡོག་ཀྱི་དོན་དངོས་དང་དེའི་ཤུགས་རྐྱེན་གྱི་ནུས་པར་ཞིབ་འཇུག་བྱེད་ཚད་མི་འདང་བ་དང་། གནོད་འཚེའི་ཉེན་ཁར་ཚོད་དཔག་གི་ཚན་རིག་གི་སྔོན་དཔག་བྱེད་ཚད་མི་འདང་བ་སོགས་ཀྱི་གནད་དོན་གནས་ཡོད་ཅེས་གསུངས་པ་རེད།
          ཅང་ཙུའོ་ཅུན་གྱིས། སྣོད་བཅུད་བདེ་འཇགས་ཀྱི་ཚན་རིག་ཞིབ་འཇུག་ལ་ཤུགས་སྣོན་རྒྱབ་ནས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ནུས་ལྡན་གཅོག་དགོས་པ་དང་། ཕྱོགས་བསྡུས་ལྟ་ཞིབ་མ་ལག་དང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ། གནོད་འཚེའི་ཉེན་ཁར་ཚོད་སྐོར་དང་སྔོན་དཔག་བྱ་རྒྱུར་ཤུགས་སྣོན་རྒྱབ་ནས། གནོད་འཚེ་འགོག་ཟོན་གྱི་ནུས་པ་ཇེ་མཐོར་གཏོང་དགོས་པ། སྣོད་བཅུད་བདེ་འཇགས་སྲུང་ཡོལ་གྱི་མ་ལག་ལེགས་བཅོས་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བསམ་འཆར་བཏོན་པ་རེད།
རྩོམ་སྒྲིག་པ། རྡོ་རྗེ།