རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིང་དུ་འགོ་ཚུགས་པ་དང་། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲེན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་ཚོགས་འདུར་ཞུགས་གནང་ནས་བཀྲིས་བདེ་ལེགས་ཞུས་པ་དང་། ཝང་ཡང་གིས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་གནང་བ།
ཐུན་མོང་ངོས་འཛིན་གཅིག་སྡུད་ཀྱིས་དུས་རབས་ལེའུ་གསར་པ་གཏོད། རྒྱལ་ཇུས་མཉམ་དུ་གྲོས་མོལ་གྱིས་བསྐྱར་དར་འཆར་འགོད་གཅིག་ཏུ་འགོད། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་སྤྱི་ཚེས་༣ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོར་ཚོགས་འགོ་ཚུགས་ཡོད། ཕྱིན་ཆད་ཉིན་བཅུའི་རིང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཉིས་སྟོང་ལྷག་ཙམ་གྱིས་འགན་འཁྲི་ལག་བསྟར་ནན་ཏན་བྱེད་པ་དང་། རྒྱ་ཁྱབ་ཏུ་སེམས་ནུས་གཅིག་སྒྲིལ་བྱེད་པ། འགན་འཁྲི་དང་འགན་སེམས་ཆེ་རུ་གཏོང་བ་བཅས་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་ལེན་ཆེད་ལེགས་སྐྱེས་གསར་པ་སྔར་བས་ཆེ་བ་འབུལ་རྒྱུ་ཡིན་པ་རེད།
སྤྱི་ཟླ་གསུམ་པའི་པེ་ཅིང་ལ་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད། མི་དམངས་ཚོགས་ཁང་ཆེན་མོའི་ནང་གློག་འོད་ཆེམ་ཆེམ་དུ་འཕྲོ་བ་དང་ཚོགས་རའི་རྣམ་པ་བརྗིད་ཉམས་དོད་ཅིང་སྤྲོ་སེམས་ཀྱིས་ཁེངས་ཡོད། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་ཀྱི་ཚོགས་རྟགས་ཀྲུའུ་ཞི་སྟེགས་བུའི་དབུས་སུ་བཀལ་ཡོད་པ་དང་། དམར་མདངས་བཀྲ་བའི་དར་དམར་བཅུ་གཞོགས་གཉིས་སུ་བཙུགས་ཡོད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡང་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི། ལིའུ་ཆི་པའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། དུང་ཅན་ཧྭ། དབན་ཀང་། ཧོ་ཧའུ་ཧྭ། ལུའུ་ཀྲེན་ཀུང་། ཝང་ཀྲེང་ཝེ། མ་པེའོ། ཁྲེན་ཞའོ་ཀོང་། ལེའང་ཀྲེན་དབྱིང་། ཤ་པའོ་ལོང་། ཡང་ཁྲོན་ཐང་། ལི་པིན། པ་ཐེར། ཝང་ཡོང་ཆིང་། ཧོ་ལི་ཧྥོང་། སུའུ་ཧུའེ། ཀྲེང་ཅན་པང་། ཀུ་ཧྲེང་ཙུའུ། ལེའུ་ཤིན་ཁྲེང་། ཧོ་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལོང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་དུ་བཞུགས་ཡོད།
ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲེན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད་པ་དང་། ཚོགས་འདུ་སྐོང་ཚོགས་བྱས་པར་བཀྲིས་སྨོན་འདུན་ཞུས་གནང་ཡོད།
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་ཞུགས་དགོས་པའི་ཨུ་ཡོན་༢༡༥༧ཡོད་པ་དང་། དངོས་སུ་འབྱོར་བ་༢༡༣༣ཡོད། དེ་ནི་གཏན་འབེབས་ཀྱི་མི་གྲངས་དང་མཐུན་ཡོད།
ཕྱི་དྲོའི་ཆུ་ཚོད་༣པར། ཀྲང་ཆིང་ལིས་གྲོས་ཚོགས་འགོ་ཚུགས་པ་ཁྱབ་བསྒྲགས་གནང་བ་དང་། ཚང་མས་ཡར་བཞེངས་ནས་རྒྱལ་གླུ་བཏང་ཡོད།
ཚོགས་ཆེན་ཐོག་དང་ཐོག་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་པ་བརྒྱུད་གྲོས་འཆམ་བྱུང་ཡོད།
ཝང་ཡང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ཐོག་ལས་དོན་སྙན་ཞུ་གནང་ཡོད།
ཝང་ཡང་གིས། གཙོ་གནད་ལས་དོན་གསུམ་དང་ཕྱོགས་བདུན་གྱི་ཐོག་ནས་འདས་ཟིན་པའི་ལོ་གཅིག་རིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཕྱོགས་སྡོམ་གནང་བ་དང་། ཁོང་གིས། སྤྱི་ལོ་༢༠༡༨ལོ་ནི་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་འགོ་ཚུགས་ལོ་ཡིན་ལ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ལས་དོན་འགོ་འཛུགས་པའི་ལོ་ཡང་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་འོག་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་རྒྱུན་འཁྱོངས་བྱས་པ། རྒྱུན་འཛིན་དང་གསར་སྐྲུན་ཟུང་སྦྲེལ་ཡག་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ། ཆེད་མངག་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱས་པ། ཐབས་དང་ཇུས་འདོན་པ་དང་ཐུན་མོང་ངོས་འཛིན་གཅིག་སྡུད་ཡོང་བའི་ཐད་ཕྱོགས་གཉིས་སུ་ཤུགས་སྣོན་བརྒྱབ་པ། ཀྲུང་གུང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་དང་མི་དམངས་སྲིད་གྲོས་ལས་དོན་གྱི་བླང་བྱ་དོན་འཁྱོལ་ཡོང་བ་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭ་བུ་ཕྲུག་གི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་བློ་རིག་དང་སྟོབས་ཤུགས་གཅིག་སྡུད་ཡོང་བའི་ཆབ་སྲིད་འགན་འཁྲི་ཏན་ཏིག་འཁུར་བ། ལས་དོན་ཁག་ལ་འཕེལ་རིམ་གསར་པ་ཐོན་རྒྱུར་སྐུལ་འདེད་བཏང་བས་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་རྣམ་པ་གསར་པ་མངོན་ཡོད་ཅེས་གསུངས་པ་དང་།
ཝང་ཡང་གིས། སྤྱི་ལོ་༢༠༡༩ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བའི་ལོ་ཞིག་ཡིན་ལ། མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བའི་ལོ་ཞིག་ཀྱང་ཡིན། མི་དམངས་སྲིད་གྲོས་ཀྱི་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་ཁྲིད་བྱེད་པ་དང་། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། འདུ་ཤེས་བཞི་ཤུགས་ཆེར་གཏོང་བ། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་བྱེད་ཐུབ་པ། འགན་འཁྲི་དང་ལས་འགན་བརྟན་སྲུང་བྱེད་པ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་ཆེན་པོ་གཉིས་རྒྱུན་འཁྱོངས་བྱེད་པ། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་སྐུལ་འདེད་གཏོང་བ་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བར་གཞིགས་པ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཟིན་པར་རྒྱལ་ཁ་ལེན་པ་དང་། འགག་གཏོར་དམག་འཐབ་གསུམ་ཡག་པོ་རྒྱག་པ་སོགས་གཙོ་གནད་ལས་འགན་ལ་གཅིག་སྡུད་ཐོག་དོ་ཁུར་བྱེད་པ། ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་འགན་ནུས་ལག་བསྟར་ནན་ཏན་བྱེད་པ། ཐབས་དང་ཇུས་འདོན་པ་དང་ཐུན་མོང་ངོས་འཛིན་གཅིག་སྡུད་བྱེད་པའི་ལས་དོན་གྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་ཞུ་དགོས་ཞེས་བསྟན་གནང་བ་དང་།
ཝང་ཡང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་ཉིད་སྲིད་གྲོས་ལས་དོན་གཅིག་འདོམས་བྱེད་པའི་སྤྱིའི་རྩ་འཛིན་ལ་བརྩི་བ་དང་། སློབ་སྦྱོང་ལ་དང་དོད་བྱེད་པ་དང་། སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་གོང་འཕེལ་གཏོང་རྒྱུ་གཙོ་བོར་བཞག་ནས་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་དེ་བས་བྱང་ཆུབ་པ་དང་དེ་བས་གཏན་འཁེལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཆེད་མངགས་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། དུས་རབས་གསར་པའི་གནས་བབ་གསར་པ་དང་འགན་འཁྲི་གསར་པ་ཡིན་པའི་ངོས་ནས། གསར་གཏོད་ལ་དང་དོད་བྱེད་པ་དང་། གསར་གཏོད་བྱེད་ཕོད་པ། རིག་གཞུང་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། ལམ་ལུགས་དང་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ། ལག་ལེན་དང་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། བསམ་བློའི་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཐུན་མོང་ངོས་འཛིན་རྒྱ་ཆེར་གཅིག་སྡུད་བྱ་རྒྱུ་དེ་མི་དམངས་སྲིད་གྲོས་ཀྱི་འགན་ནུས་ལག་བསྟར་བྱེད་པའི་ལས་ཀའི་ལྟེ་བའི་ལྷུ་ཚིགས་ལ་བརྩིས་ནས། མཐུན་སྒྲིལ་ལ་དང་དོད་བྱེད་པ་དང་། མཐུན་སྒྲིལ་ཟབ་ཏུ་གཏོང་བ། དགེ་མཚན་ལྡན་པའི་རྒྱུ་རྐྱེན་ཐ་དག་སྐུལ་སློང་བྱས་ནས། གཅིག་སེམས་གཅིག་འབྲེལ་བྱེད་པ་དང་། ཐུན་མོང་ཐོག་བསྐྱར་དར་གྱི་བྱ་གཞག་ཆེན་པོ་གཏོད་དགོས་ཞེས་ནན་བཤད་གནང་ཡོད་པ་རེད།
སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། སུའུ་ཧུའེ་ཡིས་ཚོགས་ཆེན་ཐོག་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་འཚོགས་ཚུན་གྱི་གྲོས་གཞི་འདོན་པའི་ལས་ཀའི་གནས་ཚུལ་སྙན་ཞུ་གནང་ཡོད། སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་ནས་བཟུང་། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་། སྲིད་གྲོས་ལ་ཞུགས་མཁན་ཚན་པ་ཁག་དང་ཆེད་མངགས་ཨུ་ཡོན་ལྷན་ཁང་ཁག་གིས། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་དང་མི་དམངས་མང་ཚོགས་ནས་ཡོངས་ཁྱབ་ཐོག་དོ་ཁུར་བྱེད་པའི་དམངས་འཚོའི་གནད་དོན་ལ་གཞིགས་པ་དང་། ལྷག་པར་དུ་གོང་འཕེལ་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། འགག་གཏོར་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་རྒྱུར་གཅིག་སྡུད་ཐོག་དོ་ཁུར་བྱེད་པར་གཞིགས་ནས། ཚོགས་ཆེན་ཐོག་གྲོས་གཞི་༥༣༦༠བཏོན་ཡོད་པ་དང་། དུས་རྒྱུན་གྲོས་གཞི་༢༡༡བཏོན་ཡོད། གྲོས་གཞི་འདོན་པའི་སྤུས་ཚད་དང་གྲོས་གཞི་བདག་གཉེར་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུའི་བླང་བྱ་ལྟར། ཁྱོན་གྲོས་གཞི་༤༥༦༧བདག་གཉེར་བྱས་པ་དང་། གཉེར་འགན་འཁུར་བའི་ཚན་པ་༡༦༥ལ་བདག་གཉེར་བྱ་རྒྱུར་སྤྲད་ཡོད། སྤྱི་ལོ་༢༠༡༩ལོའི་ཟླ་བ༢པའི་ཚེས་༢༠ཉིན་བར་སླེབས་སྐབས། བརྒྱ་ཆ་༩༩དང་གྲངས་ཆུང་༢ལ་བདག་གཉེར་ལན་ཆ་བྱས་ཟིན་ཡོད། ཕྱོགས་ཁག་གི་འབད་བརྩོན་བརྒྱུད། གྲོས་གཞིའི་གྲུབ་འབྲས་བེད་སྤྱོད་ནུས་ལྡན་ཐུབ་ཡོད་པས། བཀོད་ཇུས་ལ་ཞབས་ཞུ་བྱེད་པ་དང་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།
ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་པའི་འགོ་ཁྲིད་བློ་མཐུན་ནང་ད་དུང་། ཏིང་ཞུའེ་ཞང་དང་། ཝང་ཁྲེན། ལིའུ་ཧོ། ཞུས་ཆི་ལེའང་། སུན་ཁྲུན་ལན། ལི་ཞི། ལི་ཆང་། ལི་ཧུང་ཀྲུང་། ཡང་ཅེ་ཁྲེ། ཡང་ཞའོ་ཏུའུ། ཀྲང་ཡིའུ་ཞ། ཁྲེན་ཞི། ཁྲེན་ཆོན་གོ ཁྲེན་མིན་ཨེར། ཧུའུ་ཁྲུན་ཧྭ། ཀོ་ཧྲེང་ཁུན། ཧོང་ཁུན་མིན། ཚའེ་ཆི། ཡིའུ་ཆོན། ཚའོ་ཅན་མིང་། ཀྲང་ཁྲུན་ཞན། ཧྲེན་ཡུའེ་ཡུའེ། ཅི་པིང་ཤོན། ཨེ་ལི་ཀེང་དབྱི་མིང་པ་ཧའེ། ཝན་ཨེ་ཞང་། ཁྲེན་ཀྲུའུ། ཝང་ཏུང་མིང་། པད་མ་འཕྲིན་ལས། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥེང་། ཝུ་ཝེ་ཧྭ། ཝེ་ཧྥེང་ཧོ། ཝང་ཡུང་། ཝང་དབྱི། ཤའོ་ཅེ། ཀྲའོ་ཁེ་ཀྲི། ཀྲའུ་ཆང་། ཀྲང་ཅུན་སོགས་ཡོད་པ་རེད།
ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་སོགས་གདན་ཞུ་ལྟར་འགོ་འཛུགས་མཛད་སྒོར་ཟུར་ཞུགས་གནང་ཡོད། ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་ཁག་གི་གཞུང་ཚབ་ཆེན་མོ་བ་དང་། གསར་འགྱུར་དཔོན། ཕྱིར་སྡོད་སྤུན་ཟླ་སོགས་གདན་ཞུ་ལྟར་འགོ་འཛུགས་མཛད་སྒོར་ཞུགས་ཡོད་པ་རེད།
རྩོམ་སྒྲིག་པ། སྣང་རྡོ།