སྲིད་གྲོས་ཀྱི་ཚོགས་ཆུང་གྲོས་བསྡུར་ལ། གཏམ་བཤད་དང་། སྤེལ་རེས། ཉན་འཇོག་བཅས་གནང་བ།
སྤེལ་དུས 2019-03-05
ཡོང་ཁུངས། བོད་ལྗོངས་ཉིན་ཚགས།
རྩོམ་པ་པོ།
ཟླ་3ཚེས་4ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པས་རིགས་ཁོངས་དབྱེ་ནས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་གྲོས་གཞིའི་ལས་དོན་གྱི་གནས་ཚུལ་སྙན་སྒྲོན་ལ་གྲོས་ཞིབ་གནང་བ་དང་བོད་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་སྙན་སྒྲོན་གཉིས་ལ་དམ་པོར་དམིགས་པ་དང་བོད་ལྗོངས་ཀྱི་སྲིད་གྲོས་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རིགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་ལ་འགན་སྒྲུབ་ཇུས་འདོན་ཧུར་ཐག་གནང་ཞིང་།
འདི་ནི་བོད་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྤེན་པ་ལྷ་མོས(གཡས་ཀྱི་གཉིས་པ)ཚོགས་འདུའི་བར་གསེང་དུ་ཨུ་ཡོན་གཞན་དང་སྤེལ་རེས་གནང་བཞིན་པ།
འདི་ནི་བོད་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཐུབ་བསྟན་མཁས་གྲུབ(གཡས)ཀྱིས་གཏམ་བཤད་གནང་བཞིན་པ།
རྩོམ་སྒྲིག་པ། རིན་ཆེན།