ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > 2019ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས། > པར་རིས་གསར་འགྱུར།

རྔ་བ་ནས་ཕེབས་པའི་ཨུ་ཡོན་ཁོང་གི་གཏམ་ལ་གསན་དང་།

སྤེལ་དུས 2019-03-07 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་ནས་ཕེབས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྟག་ཚ་སྐལ་བཟང་ཐུབ་བསྟན་ལེགས་བཤད་རྒྱ་མཚོ་ལགས་ཀྱང་རྔ་བ་མི་དམངས་ཀྱི་སེམས་འདུན་བསྣམས་ནས་ཐེངས་འདིའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ལ་ཕེབས་འདུག 
          ཁོང་གིས་ན་ནིང་གྲོས་གཞི་གསུམ་བཏོན་པ་དེ་དག་ནི། ༼ ༡ ༽ བྱེ་འགྱུར་སྔོན་འགོག་བྱས་ནས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་རྒྱུ། ༼ ༢ ༽ གྲངས་ཉུང་མི་རིགས་ས་ཁུལ་གྱི་འགྲིམ་འགྲུལ་སྔར་བས་སྟབས་ཇེ་བདེར་གཏོང་རྒྱུ་དང་། བྱེ་བྲག་ཏུ་ཁྲིན་ཏུའུ་ནས་ཟི་ལིང་བར་ཀྱི་མྱུར་བགྲོད་ལྕགས་ལམ་དང་། རྔ་བ་ནས་མགོ་ལོག་གཅིག་སྒྲིལ་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྲུན་རྒྱུ། ༼ ༣ ༽རྔ་བ་ཁུལ་གྱི་བོད་རིགས་ལས་བྱེད་པའི་ཟླ་ཕོག་མཐོ་རུ་གཏོང་རྒྱུ་བཅས་ཡིན། དེ་དག་ཚང་མ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དངོས་དང་འབྲེལ་བ་ཡོད་པ་ཤ་སྟག་ཡིན་ལ། འདས་པའི་ལོ་གཅིག་ནང་མི་ཉུང་བ་ཞིག་དོན་འཁྱོལ་བྱུང་ཡོད། དེའི་ཐད་ཁོང་གིས།

          ད་ལོ་ཁོང་གིས་རྨ་ཆུ་དང་འབྲི་ཆུའི་བཞུར་རྒྱུན་ཁུལ་གྱི་འབྱུང་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུའི་གྲོས་གཞི་ཞིག་བཏོན་འདུག ཁོང་གིས་ང་ཚོའི་བོད་ཀྱི་ས་ཆ་མང་པོ་ཞིག་རྨ་ཆུ་དང་འབྲི་ཆུའི་བཞུར་རྒྱུན་ཁུལ་ཏུ་གནས་ཡོད་པས། ཆུའི་བཞུར་རྒྱུན་ཁུལ་གྱི་ཁོར་ཡུག་ལ་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི། རང་གི་མིག་འབྲས་ལ་སྲུང་སྐྱོབ་བྱེད་པ་བཞིན་ཤིན་ཏུ་གལ་ཆེ་ཞེས་གསུངས།
ཨུ་ཡོན་སྟག་ཚ་སྐལ་བཟང་ཐུབ་བསྟན་ལེགས་བཤད་རྒྱ་མཚོ་ལགས་ལ་བཅར་འདྲི་ཞུ་བཞིན་པ།
སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་མི་རིགས་ཚོ་ཆུང་གི་གྲོས་བསྡུར་ནང་ཞུགས་པ།
ཨུ་ཡོན་སྟག་ཚ་སྐལ་བཟང་ཐུབ་བསྟན་ལེགས་བཤད་རྒྱ་མཚོ་ལགས་དང་གསར་འགོད་པ།
རྩོམ་སྒྲིག་པ། རྡོ་རྗེ།