ལི་ཁེ་ཆང་དང་ལི་ཀྲན་ཧྲུའུ། ཀྲའོ་ལེ་ཅི་བཅས་ནས་ཁག་སོ་སོར་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་ནང་བཞུགས་པ།
སྤེལ་དུས 2019-03-10
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ།
ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ལི་ཁེ་ཆང་དང་ལི་ཀྲན་ཧྲུའུ། ཀྲའོ་ལེ་ཅི་བཅས་ནས་ཁག་སོ་སོར་སྤྱི་ཚེས་9ཉིན་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་ནང་བཞུགས་ཡོད།
ཀྲུང་གུང་ཀྲུང་བྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཅི་ལིན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་བཞུགས་ཡོད། འཐུས་མི་ཚོའི་གཏམ་བཤད་གསན་རྗེས། ཁོང་གིས་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ནས་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུར་རྦད་དེ་མོས་མཐུན་ཡོད་ཅེས་བསྟན་པ་དང་། ལི་ཁེ་ཆང་གིས། ཅི་ལིན་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་ཅི་ལིན་ལས་དོན་ཐད་གནང་བའི་གལ་ཆེའི་མཛུབ་སྟོན་དགོངས་པ་ལག་བསྟར་བྱེད་པ། བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱེད་པ། ཐོན་ལས་རིམ་འཕར་ལ་སྐུལ་འདེད་གཏོང་བ། དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་བ། དཔལ་འབྱོར་བརྟན་པོ་དང་སྐྱོན་བྲལ་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལས་ཞུགས་དང་རྒན་གསོ། སློབ་གསོ། སྨན་བཅོས་སོགས་དམངས་འཚོའི་དོན་དངོས་གནས་ཚུལ་ཡག་པོ་སྒྲུབ་དགོས་པའི་ཐུགས་རེ་གནང་ཡོད་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཁྲུང་ཆིང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་བཞུགས་ཡོད། ལི་ཀྲན་ཧྲུའུ་ཡིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་བཟོ་རྒྱུའི་སྐོར་གྱི་གལ་ཆེའི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། རང་རྟོག་སྒོ་ནས་ཏང་གི་འགོ་ཁྲིད་བྱ་རྒྱུ་དེ་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་སྔ་ཕྱི་བར་གསུམ་དུ་ཁྱབ་ཐུབ་པ་བྱེད་དགོས། སྤུས་ཚད་མཐོ་བ་དང་ཁྲིམས་འཛུགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་བཏང་སྟེ། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་བསྒྱུར་བཅོས་འགག་གཏོར་གྱི་ལས་འགན་སྒྲུབ་རྒྱུར་རོགས་ཕན་སྔར་ལས་ཡག་པ་ཡོང་བ་བྱེད་དགོས་ཞེས་བསྟན་པ་དང་། ཁྲུང་ཆིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་བླང་བྱ་ལག་བསྟར་ཡག་པོ་བྱས་ནས། ནང་ལོག་སྐམ་སའི་སྒོ་དབྱེའི་མཐོ་ས་དང་། རི་བོ་མཛེས་ཤིང་ཆུ་མོ་དྭངས་བའི་མཛེས་སྡུག་ལྡན་པའི་གནས་ཤིག་སྐྲུན་ཏེ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་དང་སྤུས་ཚད་མཐོ་བའི་འཚོ་བ་སྐྲུན་རྒྱུར་འབད་བརྩོན་བྱེད་དགོས་པའི་ཐུགས་རེ་གནང་ཡོད་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ལེ་ཅི་ཀུའེ་ཀྲའོ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་བཞུགས་ཡོད། ཁོང་གིས། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུར་རྦད་དེ་མོས་མཐུན་ཡོད་ཅེས་བསྟན་པ་དང་། ཀྲའོ་ལེ་ཅི་ཡིས། ཀུའེ་ཀྲའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀན་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་བཞུགས་སྐབས་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། སེམས་ཤུགས་བརྟན་པོ་དང་། ངར་ཤུགས་ཀྱིས་ཁེངས་པ། ཏན་ཏན་ཏིག་ཏིག་སྒོ་ནས་དབུལ་སྒྲོལ་འགག་གཏོར་གྱི་ལས་འགན་དོན་འཁྱོལ་བྱེད་དགོས། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་དབུལ་སྒྲོལ་འགག་གཏོར་གྱི་ཆབ་སྲིད་འགན་འཁྲི་དང་གཙོ་གནད་སྲིད་ཇུས་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་གྱི་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱས་ཏེ། དབུལ་སྒྲོག་འགག་གཏོར་དམག་འཐབ་ལ་རྒྱལ་ཁ་ཐོབ་ཆེད་སྲ་ཞིང་བརྟན་པའི་འགན་སྲུང་བྱ་དགོས་ཞེས་བསྟན་ཡོད་པ་རེད།