ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > 2019ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས། > པར་རིས་གསར་འགྱུར།

བཀྲ་ཤིས་ཀྱིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི“ཨུ་ཡོན་བགྲོད་ལམ”དུ་སྨྱན་སྦྱོར་གྱི་དྲི་བར་ལན་བཏབ་པ།

སྤེལ་དུས 2019-03-10 ཡོང་ཁུངས། མི་དམངས་ཉིན་ཚགས། རྩོམ་པ་པོ།

          ཟླ་3ཚེས་9ཉིན་གྱི་ཆུ་ཚོད་14ཡི་ཐོག  མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་“ཨུ་ཡོན་བགྲོད་ལམ”གྱི་ཐེངས་གཉིས་པའི་གཅིག་སྡུད་བཅར་འདྲིའི་བྱེད་སྒོ་སྤེལ་བ་རེད། བོད་ནས་ཡིན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ཆབ་མདོ་གྲོང་ཁྱེར་སློབ་ཆུང་དང་པོའི་དགེ་རྒན་བཀྲ་ཤིས་ཀྱིས་“ཨུ་ཡོན་བགྲོད་ལམ”དུ་ཕེབས་ནས་་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བ་རེད། ཁོང་2018ལོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲོལ་དཀར་གྱིས་“འཐུས་མིའི་བགྲོད་ལམ”དུ་བསྐྱོད་རྗེས་ཀྱི། “ཨུ་ཡོན་གྱི་བགྲོད་ལམ”ཐོག་བསྐྱོད་མཁན་བོད་ནས་ཡིན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་པོ་དེར་འགྱུར་པ་རེད། ཁོང་གིས་མ་འོངས་པར་མུ་མཐུད་དངོས་གནས་དྲང་གནས་ངང་སློབ་གསོའི་བྱ་གཞག་ལ་རང་ནུས་ཅི་ཡོད་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བསྟན་པ་རེད་།
          གསར་འགོད་པ་ཞིག་གིས། “ད་ལྟ་བྱིས་པ་ཚོ་སློབ་གྲྭར་འགྲོ་བའི་ཆ་རྐྱེན་ཇི་འདྲ་ཡོད་དམ། ལོ་དེ་དག་ནང་སློབ་གྲྭར་འགྱུར་ལྡོག་གང་བྱུང་ཡོད་དམ།”ཞེས་དྲིས་པར།  བཀྲ་ཤིས་ཀྱིས་བོད་སྐད་ཐོག་ནས་ང་ཡོད་སའི་སློབ་གྲྭ་དེ་1990ལོར་བཙུགས་པ་དང་། སྐབས་དེ་དུས་དགེ་རྒན་8དང་།  སློབ་མ་108   སློབ་གྲྭའི་ཐོག་ཁང་གཅིག་བཅས་ལས་མེད། ད་ལྟ་སློབ་གྲྭའི་ནང་དགེ་རྒན་155དང་། སློབ་མ་2112   ཐོག་བརྩེགས་ཅན་གྱི་སློབ་འཁྲིད་ཁང་ཆེན་གསུམ་བཅས་ཡོད་ལ། དེང་རབས་ཅན་གྱི་སློབ་ཁྲིད་སྒྲིག་ཆས་ཀྱང་ཆ་ཆང་ལྡན་ཡོད་ཅེས་ལན་བཏབ།
          བཀྲ་ཤིས་ཀྱིས། རྒྱལ་ཁབ་ཀྱིས་ལོ་ལྟར་མ་དངུལ་འབོར་ཆེན་བཏང་ནས་མཐའ་མཚམས་ཀྱི་གྲངས་ཉུང་མི་རིགས་ས་ཁུལ་གྱི་སློབ་གྲྭའི་ཆ་རྐྱེན་ལེགས་བཅོས་བཏང་བ་དང་།  དཔེར་ན། བོད་ལྗོངས་སུ་ཞིང་འབྲོག་པའི་བུ་ཕྲུག་གིས་འོས་འགན་སློབ་གསོའི་“འགན་ལེན་གསུམ”གྱི་སྲིད་ཇུས་ལོངས་སྤྱོད་བྱས་ནས་ཟ་སྡོད་སློབ་གསུམ་གྱི་འགྲོ་སོང་ཚང་མ་འགན་ལེན་ཐུབ་ཡོད་ལ་ད་དུང་ཚོགས་སྒྲིག་རྣམ་པའི་སློབ་གསོའི་རོགས་སྐྱོར་དང་། ནང་སའི་བོད་ལྗོངས་འཛིན་གྲྭའི་སྲིད་ཇུས་སོགས་ཡོད་པ་རེད་ཅེས་བཤད།
          བཀྲ་ཤིས་ཀྱིས། “ད་ལྟ། ང་ཚོའི་བོད་ལྗོངས་ཀྱི་རྒྱ་ཆེའི་གཞི་རིམ་གྱི་རྫོང་དང་ཤང་དང་གྲོང་རྡལ་གྲོང་ཚོ་གང་ཡིན་རུང་།   ཆེས་མཛེས་སྡུག་ལྡན་པ་དང་། ཆེས་ཡག་ཤོས་ནི་སློབ་གྲྭ་ཡིན། སློབ་གསོའི་ལས་རིགས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ཆ་ནས། མ་འོངས་པར་ངས་མུ་མཐུད་དངོས་གནས་དྲང་གནས་ངང་སློབ་གསོའི་བྱ་གཞག་ལ་རང་ནུས་ཅི་ཡོད་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།
རྩོམ་སྒྲིག་པ། རྡོ་རྗེ།