ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > 2019ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས། > མི་དམངས་འཐུས་ཚོགས།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྩིས་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་མ་ཟིན་ལ་གྲོས་ཞིབ་བྱས་པ།

སྤེལ་དུས 2019-02-28 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། རིན་ཆེན་དབང་འདུས་ཀྱིས་བསྒྱུར།

          སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པས་ཚོགས་ཆུང་ཁག་བགོས་ཀྱི་རྣམ་པའི་ཐོག་ནས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྩིས་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་མ་ཟིན་ལ་གྲོས་ཞིབ་བྱས་པ།
          ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པས་སྤྱི་ཚེས་26ཉིན་ཚོགས་ཆུང་ཁག་བགོས་ཀྱི་རྣམ་པའི་ཐོག་ནས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྩིས་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་མ་ཟིན་ལ་གྲོས་ཞིབ་བྱས་པ་དང་། ཨུ་ཡོན་ཀྲང་ལིད་ཀྲན་ཧྲུའུ་གྲོས་ཞིབ་ནང་ཞུགས་ཡོད་པ་རེད།

          ཚོགས་ཞུགས་མི་སྣས། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལས་འགན་འཁུར་བ་ནས་བཟུང་། ཆབ་སྲིད་འཛུགས་སྐྱོང་དང་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་ཐད་ཀྱི་གལ་ཆེའི་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོ་བཟུང་བ་དང་། ལས་དོན་གལ་ཆེ་རིགས་ཚང་མ་དང་། དོན་གནད་གལ་ཆེ་རིགས་ཚང་མ་ཏང་ཀྲུང་དབྱང་གི་དབུ་ཁྲིད་འོག་དང་། ཏང་དང་རྒྱལ་ཁབ་ལས་དོན་གྱི་གནས་བབ་ཧྲིལ་པོར་གཞིགས་ནས་སྤེལ་ཡོད། དེ་ཡང་གཅིག་ནས། རྩ་ཁྲིམས་ཀྱི་འགན་འཁྲི་ལག་བསྟར་བྱས་ནས། ཁྱོན་ཡོངས་ནས་རྩ་ཁྲིམས་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་བྱས་པ་དང་། རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་བཏང་བ། རྩ་ཁྲིམས་ཀྱི་དབང་གྲགས་བཙུགས་པ་བཅས་བྱས་ནས། རྩ་ཁྲིམས་ལག་བསྟར་ལ་སྐུལ་འདེད་གཏོང་རྒྱུར་གོམས་སྟབས་གསར་པ་སྤོས་ཡོད། གཉིས་ནས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་དང་། སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྱོང་བྱ་རྒྱུར་གཞིགས་ནས། ལོ་ལྔའི་ཁྲིམས་འཛུགས་འཆར་འགོད་ཞིབ་འཇུག་དང་སྒྲིག་བཟོ་བྱས་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ཇེ་མགྱོགས་སུ་བཏང་བ། ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པ་དང་འབྲེལ་ཡོད་ཀྱི་ཁྲིམས་འཛུགས་དང་། ཁྲིམས་བཅོས་ལས་དོན་ལེགས་པོ་བསྒྲུབས་ཏེ། བསྒྱུར་བཅོས་དང་། གོང་འཕེལ། བརྟན་ལྷིང་བཅས་ཀྱི་ཆེད་ཁྲིམས་སྐྱོང་འགན་སྲུང་མཁོ་འདོན་བྱས་ཡོད། གསུམ་ནས། ཁྲིམས་ལྟར་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་འགན་འཁྲི་ལག་བསྟར་བྱས་པ་དང་། ཁྲིམས་འཛིན་བརྟག་ཞིབ་དང་། ཆེད་དོན་འདྲི་རྩད་བྱེད་ཐབས་གསར་གཏོད་བྱས་པ། མི་དམངས་འཐུས་ཚོགས་ཀྱི་སྔོན་རྩིས་ངེས་རྩིས་ཀྱི་རྩིས་བཤེར་ལྟ་སྐུལ་དང་། གཞུང་ཁོངས་རྒྱུ་ནོར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ། འགག་གཏོར་དམག་འཐབ་ཆེན་པོ་གསུམ་ལེགས་པོ་རྒྱག་རོགས་བྱས་པ། ཁྲིམས་འཛིན་དམངས་འཚོའི་ཁྱབ་ཁོངས་ཀྱི་གཙོ་གནད་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ཡོད། བཞི་ནས། འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་འཐུས་མིའི་དབར་གྱི་ཐད་ཀའི་འབྲེལ་བར་ཤུགས་སྣོན་བརྒྱབ་ནས། མང་ཚོགས་ཀྱིས་ལན་ཆ་བྱེད་པའི་ཐབས་ལམ་རྒྱ་སྐྱེད་བཏང་བ། འཐུས་མིའི་གྲོས་གཞི་དང་གྲོས་འགོ་ནན་ཏན་ངང་གཉེར་བ། འཐུས་མིའི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱེད་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བརྟེན་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ཁག་ལེགས་པོ་བསྒྲུབས་པ། ལྔ་ནས། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཕྱི་འབྲེལ་གནས་བབ་ལ་གཞིགས་ནས། མི་དམངས་འཐུས་ཚོགས་ཀྱི་ཕྱི་ཕྱོགས་འབྲེལ་གཏུགས་ལས་དོན་ཁག་ལེགས་པོ་བསྒྲུབས་པ། དྲུག་ནས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རང་ངོས་འཛུགས་སྐྱོང་ཟམ་མི་ཆད་པར་ཤུགས་ཆེར་བཏང་བ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལག་ལེན་དངོས་ཀྱི་ཁྲོད་དུས་རབས་གསར་པར་མི་དམངས་འཐུས་ཚོགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བའི་དགོངས་པའི་ངོས་འཛིན་གཏིང་ཟབ་ཏུ་བཏང་བ། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁག་ལེགས་པོ་སྒྲུབ་པའི་ཉམས་མྱོང་གསར་པ་གསོག་འཇོག་བཅས་བྱས་ཡོད་པའི་ངོས་འཛིན་བྱས་ཡོད་པ་རེད།

          ཚོགས་ཞུགས་མི་སྣས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་མ་ཟིན་ལ་བཟོ་བཅོས་བརྒྱབ་ནས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁག་ལེགས་པོ་སྒྲུབ་རྒྱུར་ཞིབ་ཕྲའི་གྲོས་འགོ་བཏོན་ཡོད་པ་རེད།