ཚོགས་ཐུག
སྤེལ་དུས 2019-04-18
ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ།
རྩོམ་པ་པོ།
རྒྱུ་ཆ།
ཤ་ཚིལ། འབྲས། ཕྱེ། རྒུན་འབྲུམ། སིལ་དམར། ལྡུམ་ཚལ་གང་རུང་། འབྲེལ་ཡོད་བྲོ་རྫས་སྣ་ཚོགས་དང་བཅས།
བཟོ་སྟངས།
ཚོགས་ཐུག་ཅེས་པ་དེ་ནི་དགོན་པའི་དགེ་འདུན་དག་གིས་བསྐོལ་རྒྱུའི་ཐུག་པ་སྣ་ཚོགས་ཀྱི་སྤྱི་མིང་ལ་ཟེར་བ་དང་། བྱེ་བྲག་ཏུ་བཤད་ན་འབྲས་ཐུག་ནི་ཅུང་རྒྱུན་ལྡན་དུ་གྱུར་ཡོད་པ་རེད། འབྲས་ཐུག་ནི་ཐོག་མར་ཚོགས་ཟངས་ནང་མང་ཙམ་བཞུ་བ་དང་། བར་དུ་དེའི་ནང་དུ་ཤ་ཚིལ་དང་འབྲས་བཏབ་རྗེས་ཆུ་ལྡུག་པ་དང་། གདུས་ནས་ལྷོག་གཅིག་ཙམ་བརྒྱབ་ཙ་ན་ཐབ་ནང་གི་མེ་ཕྱིར་ལ་དབྱུང་བར་བྱས་ཏེ་བསྙལ་དགོས་པ་དང་། མཐར་གཙང་མར་བཀྲུས་ཡོད་པའི་སིལ་དམར་འདེབས་ཤིང་ཚྭ་གཏུལ་བ་དང་། དེ་ནས་རྒུན་འབྲུམ་བཏབ་སྟེ་སྐོལ་ཙམ་བྱས་པས་ཆོག དེ་ལ་གྲྭ་ཚང་གི་ཚོགས་དང་འདོན་པའི་ཆ་ལ་བལྟས་ནས་ཤ་ཚིལ་མི་འཕེན་པར་དཀར་ཟས་ཀྱི་ཚུལ་དུ་སྐོལ་དགོས་དུས་ཀྱང་ཡོད། གཞན་ཕྱེ་ཐུག་སོག་ཚོགས་ཐུག་གཞན་པའང་ཡོད།
ཕན་ནུས།
ནུས་པས་གློ་གཅོང་ནད་དང་གློ་ནད་སེལ།།
དབུགས་མི་བདེ་དང་སྐད་འགག་སོགས་ལ་ཕན།།
རྩོམ་སྒྲིག་པ། སྣང་རྡོ།