ས་སྐྱིད་པོ།
ས་སྐྱིད་པོ་རྩེ་མོ་འབྲོ་ལོ་ལ། །
ལུག་གཡང་དཀར་འབྲོ་ལོ་སྐྱིད་ས་ལོའོ་ལོའོ།
ས་སྐྱིད་པོ་རྩེ་མོ་འབྲོ་ལོ། །
ལུག་གཡང་དཀར་འབྲོ་ལོ་བརྒྱན་ས་ལོའོ་ལོའོ། །
ལུག་གཡང་དཀར་འབྲོ་ལོ་བརྒྱན་ས་ལོའོ་ལོའོ། །
འབྲུ་སྔོན་མོ་ལོ་ཡག་ལྗང་པ་ལ། །
ཆང་སེར་མོ་བཀྲ་ཤིས་རྟེན་འབྲེལ་ལོའོ་ལོའོ། །
འབྲུ་སྔོན་མོ་ལོ་ཡག་ལྗང་པ། །
ཆང་སེར་མོ་བཀྲ་ཤིས་རྟེན་འབྲེལ་ལོའོ་ལོའོ། །
ཆང་སེར་མོ་བཀྲ་ཤིས་རྟེན་འབྲེལ་ལོའོ་ལོའོ། །
མཚོ་སྔོན་མོ་རྦ་རླབས་འཁྱིལ་ས་ལ། །
ཉ་གསེར་གཤོག་བསྟན་པ་དར་ས་ལོའོ་ལོའོ། །
མཚོ་སྔོན་མོ་རྦ་རླབས་འཁྱིལ་ས། །
ཉ་གསེར་གཤོག་བསྟན་པ་དར་ས་ལོའོ་ལོའོ། །
ཉ་གསེར་གཤོག་བསྟན་པ་དར་ས་ལོའོ་ལོའོ། །
སྡེ་སྐྱིད་པོ་ང་ཡི་ཕ་ཡུལ་ལ། །
འཛོམས་བསམ་ན་གཉེན་གྲོགས་འཛོམས་ས་ལོའོ་ལོའོ།།
སྡེ་སྐྱིད་པོ་ང་ཡི་ཕ་ཡུལ། །
འཛོམས་བསམ་ན་གཉེན་གྲོགས་འཛོམས་ས་ལོའོ་ལོའོ།།
འཛོམས་བསམ་ན་གཉེན་གྲོགས་འཛོམས་ས་ལོའོ་ལོའོ།།
སྐྱིད་པའི་ཕ་ཡུལ།
ས་ཆ་རྫ་རི་ལ་སྨུག་པོ། །
ས་ཆ་རྫ་རི་ལ་སྨུག་པོ། །
ནག་ཆུང་ནོར་གྱིས་གང་སོང་། །
དགའ་ལ་ཡ་འགྲོ་ལ་རོ་རོ། །
ནག་ཆུང་ནོར་གྱིས་གང་སོང་། །
དགའ་ལ་ཡ་འགྲོ་ལ་རོ་རོ། །
ནག་ཆུང་ནོར་གྱིས་ལ་གང་ནས། །
ནག་ཆུང་ནོར་གྱིས་ལ་གང་ནས། །
བྲེ་སེར་འབྲོང་གི་མཐའ་རྒྱན། །
དགའ་ལ་ཡ་འགྲོ་ལ་རོ་རོ། །
དཀར་ཆུ་འོ་མའི་རྒྱ་མཚོ། །
སྐྱིད་ལ་ཡ་འགྲོ་ལ་རོ་རོ། །
ས་ཆ་སྤང་རི་སྨུག་པོ། །
ས་ཆ་སྤང་རི་སྨུག་པོ། །
གཡང་མོ་ལུག་གིས་གང་སོང་། །
དགའ་ལ་ཡ་འགྲོ་ལ་རོ་རོ། །
གཡང་མོ་ལུག་གིས་གང་སོང་། །
དགའ་ལ་ཡ་འགྲོ་ལ་རོ་རོ། །
གཡང་མོ་ལུག་གིས་ལ་གང་ནས། །
གཡང་མོ་ལུག་གིས་ལ་གང་ནས། །
ཁམ་མ་གཙོད་ཀྱི་མཐའ་རྒྱན། །
དགའ་ལ་ཡ་འགྲོ་ལ་རོ་རོ། །
དཀར་ཆུ་འོ་མའི་རྒྱ་མཚོ། །
སྐྱིད་ལ་ཡ་འགྲོ་ལ་རོ་རོ། །
ས་ཆ་ན་མར་གཞུང་ལ། །
ས་ཆ་ན་མར་གཞུང་ལ། །
འདོ་བ་རྟ་ཡིས་གང་སོང་། །
དགའ་ལ་ཡ་འགྲོ་ལ་རོ་རོ། །
འདོ་བ་རྟ་ཡིས་གང་སོང་། །
དགའ་ལ་ཡ་འགྲོ་ལ་རོ་རོ། །
འདོ་བ་རྟ་ཡིས་ལ་གང་ནས། །
འདོ་བ་རྟ་ཡིས་ལ་གང་ནས། །
ཁ་དཀར་རྐྱང་གི་མཐའ་རྒྱན། །
དགའ་ལ་ཡ་འགྲོ་ལ་རོ་རོ། །