ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

རང་བྱུང་སོལ་རླངས་ཚད་ལྡན་གྱིས་སྤྱོད་སྟངས།

སྤེལ་དུས 2019-04-23 ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། རྩོམ་པ་པོ།

       རང་བྱུང་སོལ་རླངས་ནི་ཁ་དོག་དང་དྲི་མ་མེད་པའི་ནུས་ཁུངས་ཤིག་ཡིན་པས། བེད་སྤྱོད་གཏོང་བའི་གོ་རིམ་ཁྲོད། གལ་སྲིད་རང་བྱུང་སོལ་རླངས་ཕྱི་ལ་ཤོར་ཚེ་རང་གིས་ཀྱང་ཚོར་མི་ཐུབ་ལ། དེ་ནི་རང་བྱུང་སོལ་རླངས་སྤྱོད་དུས་ཐོན་པའི་སྐྱོན་ཆ་ཞིག་ཡིན། དེའི་རྐྱེན་གྱིས་རང་བྱུང་སོལ་རླངས་ཡང་དག་པའི་སྒོ་ནས་སྤྱད་རྒྱུ་ནི་གལ་ཆེན་ཡིན། དེ་རིང་རྩོམ་སྒྲིག་པས་ཁྱེད་ལ་རང་བྱུང་སོལ་རླངས་སྤྱད་ཚར་རྗེས་སྔོན་ལ་རླངས་སྒོ་བརྒྱག་དགོས་སམ། ཡང་ན་མེ་གསོད་དགོས་པ་བཤད་རྒྱུ་ཡིན་པས། ཚང་མས་ནན་ཏན་གྱིས་ལྟོས་དང་། འདིའི་ནང་དུ་ཤེས་བྱ་མང་པོ་བཤད་ཡོད།
       འཚོ་བའི་ཁྲོད་དུ་མི་མང་པོ་ཞིག་གིས་སྔོན་ལ་རླངས་སྒོ་བརྒྱག་དགོས་པ་དང་། དེ་ནས་མེ་གསོད་དགོས་པར་བསམ་བཞིན་ཡོད། རང་བྱུང་སོལ་རླངས་སྤྱད་རྗེས་སོལ་རླངས་འགྲོ་སའི་སྦུག་ལམ་ནང་དུ་ད་དུང་རང་བྱུང་སོལ་རླངས་ལྷག་ཡོད་པས། གལ་ཏེ་སྔོན་ལ་མེ་གསད་ཚེ། རང་བྱུང་སོལ་རླངས་སྤྱད་ཚར་མེད་ན་འཕྲོ་བརླག་བྱུང་བར་མ་ཟད། མཁའ་དབུགས་ཁྲོད་ཁྱབ་ནས་མིའི་གཟུགས་པོར་གནོད་པ་གཏོང་ལ། དོན་དངོས་དེ་ནི་ནོར་འཁྲུལ་གྱི་སྒྲུབ་སྟངས་ཤིག་སྟེ། དེའི་ནང་དུ་ཉེན་ཁ་མང་པོ་འབྱུང་ཉེན་ཡོད།
       ཡང་དག་པའི་བྱ་ཐབས་ནི་སྔོན་ལ་མེ་གསད་དགོས་པ་དང་། དེ་ནས་རླངས་སྒོ་བརྒྱག་དགོས། རླངས་ཐབ་བེད་སྤྱོད་གཏོང་བའི་གོ་རིམ་ཁྲོད། གནོན་སྒོ་ལས་མེ་ཆེ་ཆུང་ལ་ཚོད་འཛིན་བྱས་ཆོག སོལ་རླངས་འགྲོ་སའི་སྦུག་གུའི་སྟེང་གི་གཅོད་སྒོ་ཡིས་རང་བྱུང་སོལ་རླངས་ལ་ཚོད་འཛིན་བྱ་ཐུབ་པས། གལ་ཏེ་མེ་མ་གསད་པར་སོལ་རླངས་ཀྱི་གཅོད་སྒོ་བརྒྱབ་ཚེ། མེ་སྟག་སྦུག་ལམ་ནང་དུ་མཆེད་ནས་བདེ་འཇགས་ཐད་ཀྱི་དོན་རྐྱེན་འབྱུང་སླ་བས། སོལ་རླངས་འཕྲོ་བརླག་གཏོང་བར་བསམས་ཏེ་ནོར་འཁྲུལ་གྱི་བྱེད་སྟངས་སྤྱོད་མི་རུང་།
       དེ་མ་ཟད་ཁྱིམ་དུ་ཟ་མ་བཟོ་དགོས་བྱུང་ཚེ། སྤྱིར་བཏང་རླངས་ཐབ་ཐེངས་མང་པོར་བེད་སྤྱོད་གཏོང་དགོས་ཤིང་། གལ་སྲིད་རྟག་ཏུ་དེ་ལྟར་ནོར་འཁྲུལ་ངང་སྤྱད་ན། སོལ་རླངས་སྦུག་ལམ་སྟེང་གི་གཅོད་སྒོ་འཕྲོ་བརླག་ཐེབས་པའི་གནས་ཚུལ་འབྱུང་སླ་ཞིང་། སོལ་རླངས་ཕྱིར་ཤོར་བའི་ཉེན་ཁ་ཡང་འབྱུང་སྲིད།
       ངེས་པར་སེམས་ལ་འཛིན་དགོས་པ་ཞིག་སྟེ། ཚང་མས་རྒྱུན་དུ་རང་བྱུང་སོལ་རླངས་བེད་སྤྱོད་གཏོང་སྐབས། ཡང་དག་པའི་སྤྱོད་སྟངས་ནི་སྔོན་ལ་མེ་གསད་དགོས་པ་དང་། དེ་ནས་རླངས་སྒོ་བརྒྱག་དགོས།
རྩོམ་སྒྲིག་པ། སྣང་རྡོར།