གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

རི་སྐྱེས་ཤ་མོའི་དུག་འགོག་ཤེས་བྱ།

སྤེལ་དུས 2018-08-13 ཡོང་ཁུངས། ཁམས་པའི་དྲ་བ། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
          ད་སྔ་ཆར་པ་འབབ་པའི་དུས་ཚིགས་སུ་སླེབས་ཤིང་རི་སྐྱེས་ཤ་མོ་སྣ་ཚོགས་སྐྱེ་བའི་དུས་ཡིན་ལ། རི་སྐྱེས་ཤ་མོ་འཐུ་ནོར་དང་བཟའ་ནོར་སོང་ནས་དུག་ཕོག་པའི་དུས་ཚིགས་ཀྱང་ཡིན་པ་རེད། གལ་ཏེ་དུག་ཡོད་ཤ་མོ་བཏུས་ནས་བཟས་པ་ཡིན་ན། དུག་ཕོག་སླ་ཞིང་ཚབས་ཆེན་ཡིན་ན་ཚེ་སྲོག་ལ་ཉེན་ཁ་ཡོད་པས་ཡིད་གཟབ་མི་བྱེད་ཀ་མེད་རེད། 
          གཅིག རང་གིས་ཟ་མ་མྱོང་པ་དང་ངོ་མི་ཤེས་པ། ཞིང་སྨན་དང་ལུད་རྫས་འདྲེས་བའི་ས་ཞིང་ནས་སྐྱེས་པའི་ཤ་མོ་དེ་ཚོ་གང་མོས་འཐུ་བ། འཚོང་བ་དང་ཉོ་བ་བཅས་བྱེད་མི་ཉན། ལྷག་པར་དུ་ཁ་དོག་ཚོན་མདངས་རྣམ་པར་བཀྲ་བ་དང་ཆུང་ངུ་ངོ་མི་ཤེས་པ། ཡང་ན་སྨིན་ནས་རུལ་པའི་ཤ་མོ་དེ་དག་འཐུ་མི་ཉན།
          གཉིས། རི་སྐྱེས་ཤ་མོ་ལས་སྣོན་དང་གཡོས་སྦྱོར་བྱེད་དུས་ངེས་པར་དུ་དོ་སྣང་བྱ་རྒྱུ་ནི་ཤ་མོ་རྗེན་ཟ་བྱེད་མི་རུང་ཞིང་བརྔོས་བཙོས་ཡག་པོ་བྱས་རྗེས་གཞི་ནས་བཟའ་དགོས། ཐེངས་རེར་ཤ་མོ་སྣ་གཅིག་མ་གཏོགས་ལས་སྣོན་དང་བཟའ་མི་རུང་། རི་སྐྱེས་ཤ་མོ་ཟ་དུས་ཆང་འཐུང་མི་ཉན།
          གསུམ། བཟའ་བཏུང་ཚོང་གཉེར་སྡེ་ཚན་གྱིས་རི་སྐྱེས་ཤ་མོ་ཉོ་སྒྲུབ་བྱེད་པའི་སྐབས་སུ་ཞིབ་བཤེར་ནན་ཏན་བྱ་དགོས། ལས་སྣོན་གཟབ་ནན་དང་མ་རྒྱུ་ཉར་ཚགས་བྱས་ནས་ཞིབ་བཤེར་བྱ་རྒྱུའི་གྲ་སྒྲིག་བྱས་ཏེ་འཛད་སྤྱོད་པའི་བཟའ་བཅའི་བདེ་འཇགས་འགན་ལེན་བྱ་དགོས།  རྒྱ་ཆེ་བའི་འཛད་སྤྱོད་པས་རང་ཉིད་སྲུང་སྐྱོབ་ཀྱི་འདུ་ཤེས་ཆེ་རུ་གཏང་དགོས་ཤིང་། ཟ་མ་མ་བཟའ་སྔོན་ལ་ཚོང་གཉེར་ཐོབ་ཐང་ཡོད་མཁན་ཟ་ཁང་བདམས་ནས་ཞབས་ཞུ་པའི་ཁྲིད་སྟོན་འོག་ཟ་སྤྱོད་བྱ་དགོས། 
          བཞི། སློབ་གྲྭའི་ཟ་ཁང་དང་། ཐུན་མོང་གི་ཟ་ཁང་། གཉེན་སྟོན་དང་འདས་མཆོད། གྲོས་ཚོགས་ཆེན་པོ་སོགས་ཐུན་མོང་འཛོམས་སྟོན་སྐབས་སུ་རི་སྐྱེས་ཤ་མོ་ལས་སྣོན་དང་གཡོས་སྦྱོར་བྱེད་མི་ཆོག མང་ཚོགས་རང་བཞིན་གྱི་ཟས་དུག་ཕོག་པའི་དོན་རྐྱེན་མི་ཡོང་བ་སྔོན་འགོག་བྱ་དགོས། 
          ལྔ། གལ་སྲིད་རི་སྐྱེས་ཤ་མོ་བཟས་རྗེས་སྐྱུག་ལངས་བ་དང་།  མགོ་ན་བ། ཕོ་བ་ན་བ། ཁོག་པ་བཤལ་བ། སེམས་ཁམས་མི་བདེ་བ་དང་འཕྲུལ་སྣང་སོགས་ཀྱི་ནད་རྟགས་བྱུང་ན། མྱུར་དུ་ཉེ་འགྲམ་གྱི་སྨན་ཁང་དུ་ཕྱིན་ནས་སྨན་པ་བསྟེན་པ་དང་། འོ་སྣུན་བུད་མེད་ལ་གོང་གསལ་གྱི་ནད་རྟགས་བྱུང་ན་ཕྲུ་གུར་འོ་མ་སྣུན་མཚམས་བཞག་ནས་ཕྲུ་གུའི་བདེ་འཇགས་སྲུང་སྐྱོབ་བྱ་དགོས།