གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

མི་རིགས་རིག་གནས་ཕོ་བྲང་དུ་རྒྱ་བོད་ཡིག་གཟུགས་རི་མོའི་སྒྱུ་རྩལ་འགྲེམས་སྟོན་ལ་ལྟ་བ།

སྤེལ་དུས 2018-06-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
ལོ་རྒྱུས་ལ་མཐོང་ཆེན་དང་རིག་གནས་རྒྱུད་འཛིན། དུས་རབས་གསར་པའི་ཉམས་འགྱུར་མངོན་པར་མཚོན།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་6ཚེས་12ཉིན། “དུས་རབས་གསར་པར་བསྐྱོད་པ། —— རྒྱ་བོད་ཡིག་གཟུགས་རི་མོའི་སྒྱུ་རྩལ་བརྩམས་ཆོས་དགེ་སྒྲུབ་སྤྱི་ཕན་འགྲེམས་སྟོན་ཆེན་མོ་”དེ་མི་རིགས་རིག་གནས་ཕོ་བྲང་དུ་འགོ་ཚུགས། འགྲེམས་སྟོན་དུ་ཡིག་གཟུགས་རི་མོ་མཁས་ཅན་སོགས་རིག་གནས་པ་ཆེན་པོ་དང་ལས་རིགས་ཁག་གི་མི་སྣ་མང་པོ་འདུས་ཡོད། བརྩམས་ཆོས་གང་འདྲ་ཞིག་ལ་འདི་འདྲའི་ཡོན་ཏན་ཆེན་པོ་ཡོད་དམ། གསར་འགོད་པས་ཡུལ་དངོས་སུ་བཅར་འདྲི་བྱས་པ་ཡིན།
བོད་ཡིག་ཡིག་གཟུགས་བརྩམས་ཆོས། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་རྣམ་ཐར།
           འགྲེམས་ཁང་དུ་སླེབས་ཏེ་བརྙན་ཡོལ་མདུན་ནས་བསྐྱོད་མ་ཐག་རྩིག་ལྡེབས་ཧྲིལ་པོར་ཟིན་པའི་བོད་ཡིག་ཡིག་གཟུགས་བརྩམས་ཆོས་གཉིས་མིག་ལམ་དུ་འཆར་འོངས། ཡིག་གཟིགས་བརྩམས་ཆོས་དེ་རྒྱ་ཆེན་པོ་ཡོད་པ་ནི་དམིགས་བསལ་ཀྱི་ཡོན་ཏན་མ་ཡིན་པར། མ་གཞི་བརྩམས་ཆོས་དེ་གཉིས་ནི་བོད་ལྗོངས་གཞིས་རྩེ་བཀྲས་ལྷུན་དགོན་པའི་ཡིག་གཟུགས་མཁས་ཅན་གཉིས་ཀྱི་བརྩམས་ཆོས་ཡིན། སོ་སོ་པཎ་ཆེན་སྐུ་ཕྲེང་བཅུ་བ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན་དང་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་ཡིན། གཙོ་གཉེར་པ་བོད་ལྗོངས་རི་མཐོའི་རིག་གནས་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱི་འགན་འཁུར་བས་གསར་འགོད་པར་ངོ་སྤྲོད་བྱས་པར་གཞིགས་ན། ཡིག་གཟུགས་བརྩམས་ཆོས་རྩ་ཆེན་དེ་གཉིས་ནི་“བསོད་སྙོམས་”ལས་ཐོབ་པ་རེད། “འགྲེམསསྟོན་བྱས་པའི་བོད་ཡིག་ཡིག་གཟུགས་ནི་ངས་ལས་ཀའི་ཁྲོད་དུ་ལྟ་སྐོར་འཚམས་འདྲིར་བསྐྱོད་སྐབས། བཀྲས་ལྷུན་དགོན་གྱི་བླ་མ་རྡོ་རྗེ་ཕུན་ཚོགས་ཀྱིས་གསར་རྩོམ་ཞལ་འདེབས་སུ་ཕུལ་བ་ཡིན། ཁོ་མོའི་བརྗོད་རྒྱུར་གོ་སྐབས་ལེགས་པོ་ཐོབ་པ་ནི་གཟི་བརྗིད་ལྡན་པ་ཞིག་རེད། “བཀྲས་ལྷུན་དགོན་པའི་བླ་མ་དགེ་བཤེས་རྣམས་ཀྱིས་རིག་གནས་ཐེབས་རྩ་ཚོགས་པ་དང་མི་རིགས་བར་གྱི་རིག་གནས་སྤེལ་རེས་ལ་རྒྱབ་སྐྱོར་ཆེན་པོ་བྱེད།”
ལྟད་མོ་བས་ཡིག་གཟུགས་མཁས་ཅན་ཀྲང་པེའོ་ཡི་གསར་རྩོམ་ཡིག་གཟུགས་བརྩམས་ཆོས་ལ་རོལ་མྱོང་བྱེད།
           ཐེངས་འདིའི་འགྲེམས་སྟོན་དུ་བསྡོམས་པའི་བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་པའི་བརྩམས་ཆོས་156དང་བོད་ཡིག་ཡིག་གཟུགས་བརྩམས་ཆོས་11འགྲེམས་སྟོན་བྱས་ཏེ་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་མངོན་ཡོད། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱིས་ནང་བསྟན་དར་སྤེལ་དང་། རྒྱལ་སྐྱོང་དམངས་ཕན། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་སྲུང་སྐྱོང་དང་མེས་རྒྱལ་གཅིག་གྱུར་ལ་བྱས་རྗེས་ཆེན་པོ་བཞག་པ་གཙོ་གནད་ཀྱིས་འགྲེལ་བརྗོད་བྱས་ཡོད། འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། “ཚིག་རེ་རེ་བཞིན་ལོ་རྒྱུས་ཀྱི་དོན་དངོས་ལས་བྱུང་བ་ཡིན། ཐེངས་འདིར་ཡིག་གཟུགས་དང་རི་མོའི་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་ཀྲུང་གོའི་བོད་ལྗོངས་ཀྱི་འབྲེལ་ཡོད་ལོ་རྒྱུས་བརྗོད་པར་དོན་སྙིང་ཆེན་པོ་ཡོད། ཕུལ་དུ་བྱུང་བའི་རྒྱ་བོད་ཡི་གེའི་ཡིག་གཟུགས་སྒྱུ་རྩལ་མངོན་པ་མ་ཟད། ང་ཚོ་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་སྣ་མང་རང་བཞིན་དང་གཅིག་མཐུན་རང་བཞིན། ཕན་ཚུན་གསབ་རེས་རང་བཞིན་བཅས་བརྗོད་པས་དོན་སྙིང་ཆེན་པོ་ཡོད། བོད་ཀྱི་ལོ་རྒྱུས་གསལ་ཁ་ཆོད་པའི་སྒོ་ནས་བརྗོད་དེ་རྒྱལ་འབངས་རྣམས་ཀྱིས་བོད་ཀྱི་ལོ་རྒྱུས་ལ་མཐོང་ཆེན་བྱེད་པ་དང་། འཛམ་གླིང་ཡོངས་ཀྱིས་ཀྲུང་ཧྭ་མི་རིགས་གྱི་ཡུན་རིང་ཞིང་འོད་སྟོང་འབར་བའི་ལོ་རྒྱུས་དང་རིག་གནས་ལ་སྔར་བས་ཤེས་རྟོགས་བྱ་ཐུབ།”
ཐང་གའི་བརྩམས་ཆོས།(ནག་ཐང་། )
           ངོ་སྤྲོད་བྱས་པར་གཞིགས་ན། བརྙན་ཡོལ་རྒྱབ་ཀྱི་ཐང་ག་བཞི་དང་ཡིག་གཟུགས་བརྩམས་ཆོས་བར་གསེང་དུ་བཀྲམས་པའི་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་ཐང་ཀའི་བརྩམས་ཆོས་11ནི་ཚོན་མདོག་རྣམ་པར་བཀྲ་ལ་མི་སྣའི་སྣང་བརྙན་འབུར་གཟུགས་ཐོན་པས། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་གྱི་མཛེས་པ་མངོན་པར་མཐོ། ཐང་ག་དེ་དག་ནི་བོད་ལྗོངས་བཀྲས་ལྷུན་དགོན་གྱི་གངས་ཅན་ཐང་གའི་རི་མོའི་སྒྱུ་རྩལ་ལྟེ་གནས་ནས་ཐོན་པ་རེད། ལྷ་རིས་པ་ནོར་བུ་དང་ནོར་བུ་ཚེ་རིང་སོགས་ཀྱིས་ཞིབ་མོ་བྲིས་ཏེ་ཞལ་འདེབས་སུ་གནང་བ་ཡིན། ཐང་ག་འདི་དག་གིས་བོད་ཀྱི་སྲོལ་རྒྱུན་རིག་གནས་མཚོན་པ་དང་། བོད་ཀྱི་སྲོལ་རྒྱུན་མི་རིགས་རིག་གནས་ཀྱི་ལོ་རྒྱུས་རིང་ཞིང་རྒྱུན་མ་ཆད་པ་མ་ཟད་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་གྱི་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་མཛེས་པ་མངོན་ཡོད།
ལྟད་མོ་བས་ཀྲེན་ཧྲན་ལུའུ་ཡི་སྲོལ་རྒྱུན་རི་མོའི་བརྩམས་ཆོས་ལ་རོལ་མྱོང་བྱེད།
           རང་རྒྱལ་གྱི་སྲོལ་རྒྱུན་རི་མོ་བ་གྲགས་ཅན་ཀྲེན་ཧྲན་ལུའུ་ཡིས་གསར་རྩོམ་གནང་པའི་བོད་ཀྱི་ཡུལ་སྲོལ་གོམས་གཤིས་འཁོད་པའི་སྲོལ་རྒྱུན་བརྩམས་ཆོས་41དེ། རི་མོའི་ཉམས་འགྱུར་རྩེར་སོན་ཞིང་གསོན་ཉམས་ལྡན་པས་ད་ལྟའི་བོད་ལྗོངས་ཀྱི་ལྟ་ན་སྡུག་པའི་རི་ཆུའི་མཛེས་པ་དང་ངང་རྒྱུད་བཟང་པའི་མིའི་མཛེས་པ་མངོན་ཡོད། ལྟ་སྐོར་བྱེད་བཞིན་པའི་སྐུ་མགྲོན་དང་ལྟད་མོ་བ་ཚོས་གཅིག་རྗེས་གཉིས་མཐུད་ངང་བརྗོད་རྒྱུར། “རི་མོའི་བརྩམས་ཆོས་ཀྱི་དུས་རབས་གསར་པའི་ཉམས་འགྱུར་མངོན་པ་མ་ཟད། མི་རིགས་མཐུན་སྒྲིལ་བྱེད་པའི་དུས་རབས་ཀྱི་སྙིང་སྟོབས་ལྷག་པར་མངོན་ཡོད་པ་རེད།” “ཀྲུང་ཧྭ་མི་རིགས་རིག་གནས་ཀྱི་ལོ་རྒྱུས་རྒྱུན་རིང་ཞིང་ནང་དོན་ཟབ་མོ་ཡོད་པས་ང་ཚོར་སྤོབས་པ་ཆེན་པོ་སྐྱེས།”
           ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་སྤྱི་ཕན་བྱེད་སྒོ་ནི་བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། བོད་ལྗོངས་རི་མཐོའི་རིག་གནས་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས། པེ་ཅིང་གྲོང་ཁྱེར་འཛུགས་སྐྲུན་ཡ་ཐའེ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སི་སོགས་སྡེ་ཚན་དང་མི་རིགས་རིག་གནས་ཕོ་བྲང་གིས་མཉམ་འབྲེལ་ཐོག་གཉེར་བ་ཡིན། ཟླ་6ཚེས་17ཉིན་བར་འགྲེམས་སྟོན་བྱ་རྒྱུ་རེད།