གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་21པའི་ནང་《ང་ཡི་ཆང་གསོལ་རོགས་》ལ་བྱ་དགའ་ཆེ་གྲས་གཉིས་ཐོབ་པ།

སྤེལ་དུས 2018-06-26 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། སྒྲོལ་མས་བསྒྲིགས།

          ཟླ་6ཚེས་24ཉིན་གྱི་དགོང་མོར། ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་21པའི་ཐོག་ཅིན་ཅུའེ་བྱ་དགའི་ནང་ཚུད་པའི་བྱ་དགའ་ཆེན་པོ་བཅུ་ཚང་མ་སྤྲད་ཡོད་པ་དང་། ཀྲུང་གོའི་གློག་བརྙན་《ང་ཡི་ཆང་གསོལ་རོགས་》ལ་ཆེས་ཡག་ཤོས་ཀྱི་འཁྲབ་གཞུང་བྱ་དགའ་དང་དཔྱད་འདེམས་ཨུ་ཡོན་ལྷན་ཁང་གི་བྱ་དགའ་ཆེན་པོ་བཅས་གཉིས་ཐོབ་ཡོད།

      ཀྲུང་གོའི་གློག་བརྙན་《ང་ཡི་ཆང་གསོལ་རོགས་》ནང་བུད་མེད་ཞིག་གིས་རང་ཉིད་ཀྱི་ནད་གཞིའི་གནས་ཚུལ་དང་ཁྱོ་བོ་སྔ་མའི་བར་གྱི་འབྲེལ་བ་གསང་བ་བྱས་ནས་ལྷ་སར་འགྲོ་རྒྱུ་ཐག་བཅད་པ་དང་།  ལྷ་སར་འགྲོ་བའི་ཡུན་རིང་བའི་འགྲུལ་བཞུད་ལམ་བུའི་ཁྲོད་ཁོ་མོའི་སེམས་ཀྱི་གསང་བ་རེ་རེ་བཞིན་ཕྱེ་ཡོད་ཅིང་། གསང་བ་དེའི་ནང་ཁོ་མོའི་ཁྱོ་བོ་སྔ་མ་དང་དེ་བཞིན་ཁྱོ་བོ་གཉིས་པའི་བར་གྱི་ཕོ་མོའི་བརྩེ་དུང་ཁྲོད་ཀྱི་བརྩེ་བ་དང་ཀུན་སྤྱོད་མཚོན་ཡོད་པ་དང་། དད་མོས་དང་འགན་འཁྲིའི་གཏམ་རྒྱུད་ཞིག་ཡིན་ལ་གློག་བརྙན་པར་རྒྱག་བྱ་ཐབས་ཞིབ་ཅིང་ཕྲ་ལ་བབ་ཆགས་པ། མི་སེམས་འགུལ་བ་བཅས་ཡོད།

      ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཆེན་ཁྲོད།  སྒྲིག་འཛུགས་ཨུ་ལྷན་དུ་རྒྱལ་ཁབ་དང་ས་ཁུལ་108ཀྱི་གློག་བརྙན་3447ཐོ་བཀོད་འགྲན་ཞུགས་བྱས་ནས། དེའི་ཁྲོད་ཕུལ་བྱུང་གློག་བརྙན་13ཅིན་ཅུའེ་བྱ་དགའ་དཔྱད་འདེམས་ནང་ཚུད་ཡོད་པ་རེད།