གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ཀྱི་ཚན་རྩལ་ཁེ་ལས་ཆེ་ཤོས་ཀྱི་གསོ་སྤེལ་མ་ལག་བཙུགས་པ།

སྤེལ་དུས 2018-08-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། དཔལ་སྒྲོན།
          སྤྱིའི་མ་འཇོག་སྒོར་བྱེ་བ་གཅིག་དང་ས་ཡ་དྲུག་དང་ཉིས་འབུམ་བྱས་པའི་ལྷ་སའི་ཚན་རྩལ་ཁེ་ལས་ཀྱི་གསོ་སྤེལ་མ་ལག་སྤྱི་ཚེས་བརྒྱད་ཉིན་བཙུགས་ཡོད་པ་རེད། བོད་ཀྱི་ཚན་རྩལ་ཁེ་ལས་ཀྱི་གསོ་སྤེལ་མ་ལག་ཆེ་ཤོས་དེས་དངུལ་རྩ་དང་། སྲིད་ཇུས། ལག་རྩལ། ཁྲོམ་ར་ཁྱབ་བརྡལ། ཤེས་ལྡན་མི་སྣ་སོགས་ཀྱི་ཐད་འབྲེལ་མཐུད་ཞབས་ཞུ་མཁོ་འདོན་བྱས་པ་དང་། ཕྱོགས་ཡོངས་ནས་ཁེ་ལས་གོང་འཕེལ་འགྲོ་རྒྱུར་འདེགས་སྐྱོར་མཁོ་འདོན་བྱས་ཐོག་ཁེ་ལས་སྔར་བས་སྟོབས་ཆེར་གཏོང་རོགས་བྱ་རྒྱུ་ཡིན་པ་རེད། མིག་སྔའི་བར། བཅའ་སྡོད་ཁེ་ལས་ལྔ་བཅུ་ལྷག་ཟིན་ཡོད་པས་གློག་རྡུལ་ཚན་རྩལ་དང་། མི་བཟོས་རིག་ནུས། ནུས་ཁུངས་གསར་པ། དེ་བཞིན་ས་གཙང་བདེ་ཐང་གི་ཞིང་འབྲོག་ཚན་རྩལ་དང་། དངུལ་རྩ། མཉེན་ཆས་གསར་སྤེལ་སོགས་ཁྱབ་ཁོངས་ཚུད་ཡོད་པ་མ་ཟད་སློབ་ཆེན་སློབ་མར་ལས་བཞུགས་ཀྱི་ལྟ་སྦྱོང་ལས་གནས་བརྒྱ་དང་ལྔ་བཅུ་ལྷག་མཁོ་འདོན་བྱས་པ་དང་། མི་ལྔ་བརྒྱ་ལྷག་ཙམ་ལས་བཞུགས་ཐུབ་རྒྱུར་རོགས་རམ་བྱས་ཡོད་པ་རེད།
          ལྷ་ས་གྲོང་ཁྱེར་ཚན་རྩལ་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ལྦང་ལིན་གྱིས། གསོ་སྤེལ་མ་ལག་གིས་རིན་མེད་ཐོག་སློབ་ཆེན་སློབ་མའི་ལས་གཏོད་དང་། ཚན་རྩལ་རིགས་ཀྱི་ཁེ་ལས་འབྲིང་ཆུང་ལ་གཞུང་ལས་གཉེར་ས་མཁོ་འདོན་བྱས་པ་དང་། རྩིས་པ་དང་། རྩིས་བཤེར། ཁྲིམས་རྩོད་པ། དངུལ་ཁང་། མ་དངུལ་གཏོང་བ་དང་མ་དངུལ་བསྡུ་རུབ་ཀྱི་ལས་ཁུངས་སོགས་འབྲེལ་ཡོད་ཞབས་ཞུའི་འོག་བཅའ་སྡོད་ཁེ་ལས་ལ་ཆུང་བ་ནས་ཆེ་བའི་བར་དང་། ཉམས་ཞན་ནས་་སྟོབས་ཆེའི་བར་འཕེལ་རྒྱས་འགྲོ་རྒྱུར་རོགས་སྐྱོར་བྱ་རྒྱུ་མ་ཟད་དེ་དག་ཁྲོམ་རྭའི་ཐོག་འཕེལ་རྒྱས་འགྲོ་རྒྱུར་རོགས་སྐྱོར་ཡང་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་ཡོད་པ་རེད།
          ཉེ་བའི་ལོའི་ནང་། བོད་ཀྱིས་སྤྱི་དམངས་ལས་གཏོད་དང་། སྤྱི་དམངས་གསར་སྐྲུན་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། མིག་སྔར། བོད་ལྗོངས་སུ་དམངས་སྐྲུན་བྱ་ཡུལ་27དང་། ཚན་རྩལ་གསོ་སྤེལ་ཁེ་ལས་ལྔ། མཐོ་སློབ་སློབ་ཆེན་སློབ་མའི་ལས་གཏོད་གསོ་སྤེལ་རྟེན་གཞི་གཉིས་ཡོད་པ་དང་། རིགས་ཁག་གི་གཉིས་གཏོད་སྟེགས་བུས་གསར་གཏོད་ལས་གཏོད་ཁེ་ལས་བདུན་བརྒྱ་ལྷག་གི་ཡིད་དབང་བཀུག་པ་དང་། གསོ་སྤེལ་ཟིན་པའི་ཁེ་ལས་ཉིས་བརྒྱ་ཙམ་ཟིན་ཡོད། གཉིས་གཏོད་དེ་སྔའི་རྣམ་གྲངས་རྐྱང་པའི་མ་དངུལ་རོགས་སྐྱོར་ནས་ཕྱོགས་ཡོངས་ཀྱི་ཞབས་ཞུའི་མ་ལག་བར་འགྱུར་བ་འགྲོ་བཞིན་ཡོད་པ་རེད།