གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་པར་རྒྱག་མཁས་ཅན་ཁྲེ་ཀང་གིས་བོད་ལྗོངས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཟེར།

སྤེལ་དུས 2018-08-10 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
          སྒྲིག་པ་པོའི་གཏམ། 1983ལོར་ལོ་26ལ་སླེབས་པའི་ཁྲེ་ཀང་ལེའོ་ཉིང་དང་ཁ་བྲལ་ནས་བོད་ལྗོངས་སུ་ཡོང་སྟེ་ཁོའི་བོད་ལྗོངས་ཀྱི་ལས་ཞུགས་འགྲུལ་བཞུད་ཀྱི་མགོ་བརྩམས་ཤིང་། དེ་རྗེས་ཀྱི་ལོ་ངོ་30ལྷག་རིང་། ཁྲེ་ཀང་གིས་བོད་ལྗོངས་སུ་པར་རྩ་ཆེན་མང་པོ་བརྒྱབ་སྟེ་འདྲ་པར་རེ་རེ་བརྒྱུད་ནས་ལོ་ཟླས་བཅད་པའི་རྒྱབ་ལོགས་ཀྱི་གཏམ་རྒྱུད་ཀྱང་མི་སེམས་དྲོ་བར་འཇུག་པའི་སྟོབས་ཤུགས་ཤིག་མངོན། ཉེ་དུས། ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགོད་པས་པར་རྒྱག་མཁས་ཅན་ཁྲེ་ཀང་ལ་ཆེད་མངགས་བཅར་འདྲི་བྱས་ཤིང་། ང་ཚོས་མཉམ་གཅིག་ཏུ་འདྲ་པར་རྒྱབ་ཕྱོགས་ཀྱི་གཏམ་རྒྱུད་ལ་ཉན་ནས་དུས་རབས་ཀྱི་འཕོ་འགྱུར་ལ་མྱོང་བ་ཞིག་བྱེད།
          ཁྲེ་ཀང་དང་གླེང་མོལ་བྱས་པ་བརྒྱུད་གསར་འགོད་པར་མྱོང་ཚོར་ཟབ་མོ་ཕྱིན་ཞིང་། ལོ་ངོ་35རིང་། པར་རྒྱག་མཁས་ཅན་འདིས་རྒྱུན་པར་བརྩི་སྲུང་དང་དྲིན་ཚོར་གྱི་སེམས་པ་བཅངས་ནས་བོད་ལྗོངས་ཀྱི་དངོས་པོ་རེ་རེ་དང་མི་རེ་རེ་བཞིན་པར་དུ་བླངས་ཤིང་། འདྲ་པར་ཉར་དེབ་ལ་བལྟས་ནས་འདས་ཟིན་པར་ཕྱིར་དྲན་བྱེད་པ་འདིའང་ལོ་རྒྱུས་ཀྱི་ཁ་ཕྱེ་བའི་རྣམ་པ་གཞན་ཞིག་ཡིན།
          ལོ་རབས་བརྒྱད་ཅུ་པར། ཁྲེ་ཀང་བོད་ལྗོངས་སུ་སླེབས་མ་ཐག“བོད་ལྗོངས་ཀྱི་འགྲིམ་འགྲུལ་དང་། གྲོང་ཁྱེར་གྱི་འཛུགས་སྐྲུན། མི་རྣམས་ཀྱི་སྡོད་ཁང་གི་ཆ་རྐྱེན། ལས་ཀའི་ཆ་རྐྱེན་དང་དེ་བཞིན་བཟའ་བཏུང་གི་ཆ་རྐྱེན་སོགས་ནང་ལོག་དང་བསྡུར་ན་ཧ་ཅང་ཞན་པོ་ཡིན”འོན་ཀྱང་པར་རྒྱག་མཁས་ཅན་ཁྲེ་ཀང་ལ་མཚོན་ན། “འཚོ་བ་སྡུག་པོ་རེད་འདོད་མེད”དེ། རྒྱུ་མཚན་ནི“གངས་ལྗོངས་ས་མཐོའི་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པའི”རྐྱེན་རེད། གནས་འདི་རུ་ཁྲེ་ཀང་གིས་བོད་ལྗོངས་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་མིག་མཐོང་ལག་ཟིན་བྱུང་སྟེ་པར་ཆས་བཀོལ་ནས་བོད་ལྗོངས་ཀྱི་འདས་ཟིན་པའི་ལོ་ཟླ་ཁག་ཟིན་ཐོར་བཀོད་པ་རེད།

རི་མོ་འདི་ནི་ཁྲེ་ཀང་བོད་ལྗོངས་སུ་སྡོད་རིང་བླངས་པའི་འདྲ་པར་རེད། པར་འདི་ཁྲེ་ཀང་གིས་མཁོ་འདོན་བྱས།
          ད་ལོའི་ཟླ་དྲུག་པར། ཁྲེ་ཀང་ཕུགས་འདུན་ཡག་ཤོས་ཏེ“མཛེས་སྡུག་ལྡན་པའི་བོད་ལྗོངས”ཞེས་པའི་རྒྱལ་ཡོངས་ཀྱི་པར་རིས་འགྲེམས་སྟོན་ཆེ་མོའི་བོད་ལྗོངས་སུ་སྐྱོད་པའི་བྱེད་སྒོའི་ནང་དུ་ཞུགས་ཤིང་། “ཕུགས་འདུན་ཡག་ཤོས་དང་། 2018ལོའི་མིག་མང་རླངས་འཁོར་མཐུད་རྒྱུག་འགྲན་བསྡུར”གྱི་སྐུད་ལམ་གཙོ་བོའི་རྗེས་དེད་མདུན་དུ་སྐྱོད་དེ་ཡང་བསྐྱར་བོད་ལྗོངས་ཐེངས་གཅིག་བརྒྱུད་དེ། “གནའ་དེང་བསྡུར་བ་བྱས་ཚེ་གཅིག་ནི་གནམ་དང་གཅིག་ནི་ས་རེད”ཅེས་བཤད། 
          ད་ཐེངས་ཀྱི་བྱེད་སྒོ་འདི་ཕྱིར་དྲན་བྱེད་ཞོར། ཁྲེ་ཀང་གིས“བྱེད་སྒོ་མ་སྤེལ་སྔོན་དུ་ང་ལ་སྤྲོ་བ་ཆེན་པོ་ཡོད། གང་ལགས་ཤེ་ན། ང་རང་བོད་ལྗོངས་ལོ་ངོ30ལྷག་རིང་བསྡད་ཅིང་། ངས་བོད་ལྗོངས་ཀྱི་འགྲིམ་འགྲུལ་གྱི་གནས་ཚུལ་དང་། དེ་བཞིན་མགྲོན་ཁང་དང་གསོལ་མགྲོན་ཁང་གི་སྣེ་ལེན་གྱི་ནུས་པ་ཤེས་པ་ཡིན། ངས་བསམ་པར་མི་ཉིས་བརྒྱ་སུམ་བརྒྱ་ཙམ་དང་། རླངས་འཁོར་བཅུ་ཕྲག་ཁ་ཤས་སོང་ན་དཀའ་ལས་ཆེན་པོ་ཡོད་ངེས་པར་འདོད་ཅིང་། ངས་སྐབས་དེར་མི་འདི་འདྲ་མང་པོས་ཅི་ལྟར་ཟ་དགོས་པ་དང་། ཅི་ལྟར་འདུག་དགོས་འགྲོ་བྱེད་དཀའ་ལས་ཡོད་རྒྱུ་རེད་། སྐབས་དེ་དུས་ང་ལ་དོགས་པ་མི་འདི་འདྲ་མང་པོ་ཞིག་ཅི་ལྟར་ཟ་དགོས་དང་། ཇི་ལྟར་འདུག་དགོས་པར་འདོད་དེ་རང་ཉིད་ཀྱང་ཐེངས་གཅིག་སོང་ནས་གནས་ཚུལ་ཇི་འདྲ་ཡིན་པ་ལྟ་དགོས་སྙམ”ཞེས་བཤད།

རི་མོ་འདི་ནི་ཇོ་རིའི་སྒར་ས་ཆེ་མོར་བགྲོད་པའི་ལམ་རེད། ཁྲེ་ཀང་གིས་པར་བླངས། 
         ད་ཐེངས་ཀྱི་བྱེད་སྒོ་འདི་ཁྲེང་ཏུའུ་ནས་མགོ་བརྩམས་ཏེ་བོད་ལྗོངས་ཆབ་མདོ་དང་། དཔའ་ཤོད། ཉིང་ཁྲི། སྤོ་བོ། ཀླུ་ནང་། ལྷ་ས། རྩེད་ཐང་དང་། གཞིས་རྩེ་བརྒྱུད་དེ་མཐར་ཇོ་མོ་གླང་མའི་སྒར་ས་ཆེན་པོར་འབྱོར་ཡོད། “བསམ་ཡུལ་ལས་འདས་པ་ཞིག་ལ་ལམ་བར་གྱི་ཆ་རྐྱེན་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད་དེ། སྔོན་ཆད་དུས་རྒྱུན་དུ་བྲག་བརྡིབས་པ་དང་། ཆུ་རུད་བྱུང་བའི་གནས་སུ་ཕུག་ལམ་ཡོད་ཅིང་། ལམ་ཡང་ཇེ་ཡང་ཇེ་ཡག་ཏུ་སོང་སྟེ་བཀག་མེད་ཤར་བགྲོད་ཐུབ་པ་བྱུང”ཞེས་བཤད་ཅིང་། ཁོས“སྔོན་ཆད་ཇོ་རིའི་སྒར་ས་ཆེ་མོར་བསྐྱོད་པའི་ལམ་ནི་ས་ལམ་ཡིན་ཏེ། དིང་རི་རྫོང་ནས་ཇོ་རིའི་སྒར་ས་ཆེ་མོའི་བར་དུ་མ་མཐའ་ཡང་ཆུ་ཚོད་གཉིས་རིང་འགྲོ་དགོས། ད་ལྟ་ལམ་གང་བོ་ཁོད་སྙོམས་པའི་རྡོ་ལམ་ཡིན་པས་ཧ་ཅང་འགྲོ་བདེ་བས། དངོས་གནས་འགྱུར་ལྡོག་ཆེན་པོ་བྱུང་འདུག”ཅེས་བཤད། 
         ཁྲེ་ཀང་གིས“ལམ་ཇེ་ཡག་ཏུ་ཕྱིན་སོང་། བརྙན་ལེན་སྐབས་ཀྱི་སེམས་ཁམས་ཀྱང་མི་འདྲ་བ་ཞིག་རེད། གལ་སྲིད་ས་ལམ་ཡིན་ཚེ་ཁྱེད་རང་ས་ལམ་སྟེང་ལངས་ནས་པར་རྒྱག་སྐབས། རླངས་འཁོར་འགྲོ་དུས་ས་རྡུལ་གྱིས་ཁེངས་པར་བྱེད་པས་པར་བླངས་པའང་བདེ་མོ་ཞིག་མིན། ད་ལྟ་ཡག་པོ་བྱུང་སོང་། ལམ་ཞེང་ཆེ་རུ་སོང་ཞིང་། ཁྱོད་ཀྱིས་ཅུང་ཡག་པའི་གནས་ནས་དུས་དང་རྣམ་པ་ཀུན་ཏུ་རླངས་འཁོར་བསྡད་དེ་པར་བླངས་ཆོག་པས། ཐེ་གཏོགས་བྱེད་པའི་རྒྱུ་རྐྱེན་གཞན་དག་ཐེབས་མི་སྲིད”ཅེས་བཤད། 

རི་མོ་འདི་ནི་ཁྲེ་ཀང་གི《ལྷ་ཡུལ་གྱི་བྱ》ཞེས་པའི་བརྩམས་ཆོས་རེད། 
          ཁྲེ་ཀང་དང་ལས་རིགས་གཅིག་པའི་པར་རྒྱག་མཁས་ཅན་གྱིས་བརྙན་ལམ་བརྒྱུད་དེ་ལམ་བར་གྱི་རྣམ་པ་གསར་པ་དང་། བརྗིད་ཆགས་ཡིད་འོང་གི་རང་བྱུང་ཁམས་ཀྱི་ཡུལ་ལྗོངས་དང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་སྣང་ཚུལ་སྣ་ཚོགས་ཀྱི་ཟིན་བཀོད་དང་འགྲེམས་སྟོན་བྱས་ཤིང་། ཁྲེ་ཀང་གིས“ང་ནི་གང་བྱུང་པར་ལེན་པའི་བརྙན་ལེན་པ་ཞིག་ཡིན་ཞིང་། མི་ལ་ལས་ཡུལ་ལྗོངས་ཁོ་ན་པར་ལེན་པ་དང་། ལ་ལས་གསར་འགྱུར་ཁོ་ན་ལེན་པ། ལ་ལས་མི་སྣ་ཁོ་ན་ལེན། ལ་ལས་ཉེ་འགྲམ་གྱི་དངོས་བྲིས་འབོད་པ་པར་དུ་ལེན། འོན་ཀྱང་ང་ནི་དེ་དང་མི་འདྲ་སྟེ། ངའི་བསམ་པར་བརྙན་ལེན་པ་ཞིག་དུས་ཡུན་རིང་པོར་ས་ཁོངས་གཅིག་ཏུ་འཚོ་བ་རོལ་ཏེ། ཁྱེད་ཀྱིས་མིག་མདུན་དུ་བྱུང་བའི་བྱ་དངོས་གང་རུང་དོར་མི་ཉན་ཞིང་། ང་ཚོས་རང་ཉིད་ཀྱི་པར་ཆས་སྤྱད་ནས་ང་ཚོས་འཚོ་བ་རོལ་སའི་ཡུལ་དང་། བྱ་བ་བསྒྲུབས་པའི་གནས་སུ་བྱུང་བའི་འགྱུར་ལྡོག་ཡོད་ཚད་ཟིན་ཐོར་འགོད་དགོས”ཞེས་བཤད་པ་དང་། ཁོས“ལོས་ཡིན། ང་རང་གིས་སྒྲུབ་འདོད་པའི་བྱ་བ་ནི་མི་གཞན་ལ་བླང་བྱ་འདོན་མི་རུང་སྟེ། མི་རེ་རེར་རང་ཉིད་ཀྱི་སྤྱི་ཚོགས་ཀྱི་འགན་འཁྲི་ཡོད་ཅིང་། མི་ཚང་མར་རང་སོ་སོས་རེ་སྙེག་བྱེད་པའི་དངོས་པོ་ཡོད”ཅེས་བཤད།