གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ངམ་རིང་རྫོང་། རང་བྱུང་གནོད་འཚེར་སྙིང་རྗེ་མེད། སྐོར་སྐྱོད་སྨན་བཅོས་མི་སེམས་གསོས།

སྤེལ་དུས 2018-09-05 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
སྐོར་སྐྱོད་སྨན་བཅོས་བྱེད་གནས།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བསྟུད་མུར་ཆར་བ་བབས་པས་ཡར་ཀླུང་གཙང་པོའི་འགྲམ་ངོགས་སུ་ཆགས་པའི་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་དུ་ཆུ་ལོག་གི་གནོད་འཚེ་བྱུང་། ཁང་པ་མང་པོ་ཆུས་བསྣུབས་པ་དང་། ཟམ་པ་དང་གྲོང་གསེབ་ཀྱི་གཞུང་ལམ་ཆུས་ཁུར།
ངམ་རིང་རྫོང་སྨན་དོན་མི་སྣས་མང་ཚོགས་ལ་སྨན་རྫས་བསྐྱལ་བ་དང་སྨན་བཅོས་བྱས།
             གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་འབྲུབ་འགོག་གེགས་སེལ་བཀོད་འདོམས་པུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། གནོད་འཚེ་ཐེབས་རྗེས་ངམ་རིང་རྫོང་རྫོང་ཨུད་དང་། རྫོང་སྲིད་གཞུང་གིས་འབྲུབ་འགོག་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱས་པ་མ་ཟད། ལས་དོན་ཚོགས་ཆུང་སྒྲིག་འཛུགས་བྱས་ཏེ། འཕྲལ་སྡོམ་ཉེན་སེལ་རུ་ཁག་དང་སྤྱི་བདེ་ལས་བྱེད་པ། དྲག་ཆས་ཉེན་རྟོག་རུ་འབྲིང་བཅས་འཕྲལ་མར་ཡུལ་དངོས་སུ་བསྐྱོད་དེ་ཉེན་སེལ་གུད་སྐྱོབ་དང་། མང་ཚོགས་གནས་སྤོ་བཀོད་སྒྲིག་ལེགས་པོ་བྱས།
མིག་སྔའི་བར། འཕྲུལ་ཆས་རིགས་སྣ་ཚོགས་ཐེངས་360བཏང་བ་དང་། མི་ཐེངས་8752གནོད་སྐྱོབ་ཁྲོད་དུ་ཞུགས། གེགས་སེལ་རས་གུར་240དབོར་འདྲེན་བྱས། ཆུ་རྐ་གཙང་སེལ་དང་ཆུ་ལོག་བསྐྱིལ་བ་སྨི་གྲུ་བཞི་ལྷམ་པ་152670བཤོས། གནོད་འཚེའི་གནས་ཚུལ་ཚོད་འཛིན་ནུས་ཆོད་དང་། མི་སྣ་འཆི་རྨས་གཅིག་ཀྱང་མ་བྱུང་། གནོད་སྐྱོན་གྱི་གྱོང་གུན་ཕོག་ཚད་ཚད་གང་ཆེའི་དམའ་རུ་བཏང་།
ངམ་རིང་རྫོང་སྨན་དོན་མི་སྣས་དུག་སེལ་བྱེད་བཞིན་པ།
             ཉེ་ལམ། ངམ་རིང་རྫོང་འཕྲོད་བསྟེན་ཅུའུ་ཡིས་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཏེ། ངམ་རིང་རྫོང་འཕྲོད་བསྟེན་ཅུས་དང་མི་དམངས་སྨན་ཁང་། ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་སྨན་བཅོས་ཞབས་ཞུ་རུ་ཁག ངམ་རིང་རྫོང་ཆབ་ཁ་གྲོང་རྡལ་ཁ་ཆུང་གྲོང་ཚོར་བསྐྱོད་ནས་“སེམས་པ་གནོད་ཕོག་ས་ཁུལ་ལ་ཕྱོགས་པ་དང་བདེ་ཐང་མཉམ་གནས་”ཀྱི་སྐོར་སྐྱོད་སྨན་བཅོས་བྱེད་སྒོ་སྤེལ། ངམ་རིང་རྫོང་མི་དམངས་སྨན་ཁང་གིས་ཕྱི་བཅོས་ཚན་ཁག་དང་ཁོག་ནད་ཚན་ཁག བུ་སྐྱེ་ཚན་ཁག བྱིས་ནད་ཚན་ཁག ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་སྨན་དོན་མི་སྣ་10སྐོང་འཐེན་བྱས་ཏེ། སྨན་བཅོས་རོགས་སྐྱོབ་ཞབས་ཞུའི་རུ་ཁག་བཙུགས། གནོད་འཚེ་ཕོག་པའི་མང་ཚོགས་ལ་སྨན་བཅོས་རོགས་སྐྱོབ་དང་སྨན་བཅོས་སྨན་སྐྱེལ། རིམས་འགོག་དུག་སེལ་བྱས་པ་མ་ཟད། ཁོ་ཚོར་སེམས་གསོ་བྱས།
ངམ་རིང་རྫོང་སྨན་དོན་མི་སྣས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ལུས་པོར་བརྟག་དཔྱད་བྱེད་བཞིན་པ།
             བཀོད་སྒྲིག་བྱ་ཡུལ་ཁག་ཏུ་སྨན་དོན་མི་སྣས་ངང་རིང་ཞིབ་ཚགས་ཀྱིས་གནོད་འཚེ་ཕོག་པའི་མང་ཚོགས་ལ་ནད་ལྕི་ཞིབ་བཤེར་དང་ཁྲག་ཚད་འཇལ་བ། ནད་གཞི་འདྲི་བ་སོགས་ཀྱི་ལས་དོན་སྒྲུབ། ཀུན་ལ་རྒྱུ་མ་དང་པགས་པའི་ནད་རིགས་སྔོན་འགོག འཐུང་ཆུ་དང་བཟའ་བཅའི་བདེ་ཐང་སོགས་འཕྲོད་བསྟེན་རིམས་འགོག་གི་ཤེས་བྱ་བརྒྱུད་བསྒྲགས་བྱས། ངམ་རིང་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་སྤེན་པས་བརྗོད་རྒྱུར། “གནོད་ཕོག་མང་ཚོགས་ཀྱིས་ཆུས་སྦངས་ཏེ་རུལ་བའི་ཟས་རིགས་དང་སྔོ་ཚལ། ཤིང་ཏོག་ཟ་མི་རུང་བ་དང་། ཆུ་ལོག་གིས་འབག་བཙོག་ཐེབས་པའི་ཆུ་འཐུང་མི་རུང་བ། དུག་སེལ་རྒྱུར་གཟབ་ནན་བྱེད་དགོས་པ་དང་། རྒྱུ་ལམ་གྱི་འགོས་ནད་འགོག་བཅོས། ཟས་རིགས་བཟའ་ཆས་ཅིས་ཀྱང་བསྐོལ་འཁོལ་དགོས་པ། ཟས་དུག་ཕོག་པར་སྔོན་འགོག་བྱ་དགོས་པ་བཅས་ངེས་པར་དུ་ཤེས་སུ་འཇུག་དགོས།” སྨན་དོན་མི་སྣ་ད་དུང་འགྲོ་སྐྱོད་མི་བདེ་བའི་རྒན་རྒོན་དང་རྒྱུན་རིང་ནད་པའི་རས་གུར་ནང་དུ་སོང་ནས་ཁོང་ཚོར་སྨན་བཅོས་དང་། གནོད་འཚེ་ཕོག་པའི་མང་ཚོགས་དང་འཕྲོད་བསྟེན་ས་ཚུགས་ལ་རིན་ཐང་སྒོར་ཁྲི་1ལྷག་གི་སྨན་རྫས་དང་དུག་སེལ་ཡོ་བྱད་སྣ་ཚོགས་སྦྱིན་པ་བཏང་།
ངམ་རིང་རྫོང་གི་གནས་སྐབས་ཀྱི་གེགས་སེལ་བྱ་ཡུལ།
             སྨན་བཅོས་བྱེད་པར་ཡོང་བའི་མང་ཚོགས་ཚོས་བརྗོད་རྒྱུར། “ང་ཚོ་ཡུལ་དང་མ་བྲལ་བར། རིན་སྐར་གང་མ་དགོས་པར། སྨན་པ་སྒོ་རྩར་སླེབས་ཏེ་ང་ཚོར་མཁོ་བའི་སྨན་རྫས་མཁོ་སྤྲོད་བྱས། ཁྱེད་ཅག་གིས་གནོད་འཚེ་ཕོག་པའི་མང་ཚོགས་ལ་དྲོད་འཁོལ་སྦྱིན་པ་དང་། ཏང་དང་སྲིད་གཞུང་བཀའ་དྲིན་ཞུ།”