གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཟླ11པའི་ཚེས1ཉིན་ནས་སང་ལོའི་ཟླ3པའི་ཚེས15ཉིན་བར་དུ་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ག་སོགས་མཛེས་ལྗོངས་ཁུལ་གྱིས་རིན་མི་དགོས་པར་སྒོ་ཕྱེ་རྒྱུ་རེད།

སྤེལ་དུས 2018-09-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
          ཟླ9པའི་ཚེས12ཉིན།  གསར་འགོད་པས་ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་དང་། ནོར་བུ་གླིང་ག་དོ་དམ་ཁྲུའུ་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན། ད་ལོའི་ཟླ11པའི་ཚེས1ཉིན་ནས་ཟླ3པའི་ཚེས15ཉིན་བར་དུ། ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་གཁ་སོགས་མཛེས་ལྗོངས་ཁུལ་གྱིས་རིན་མི་དགོས་པར་སྒོ་ཕྱེ་རྒྱུ་ཡིན་པ་དང་། དེ་དུས་ཡུལ་སྐོར་བ་ཚོས་རང་སོ་སོའི་ཐོབ་ཐང་ལག་ཁྱེར་དང་སྔོན་ཐོན་ལག་ཁྱེར་བཟུང་སྟེ་རིན་མི་དགོས་པར་ལྟ་སྐོར་བྱེད་ཆོག
ཕོ་བྲང་པོ་ཏ་ལ།
          ཟླ11པའི་ཚེས1ཉིན་ནས་བཟུང་། ཕོ་བྲང་པོ་ཏ་ལས“ དགུན་དུས་སུ་བོད་ལྗོངས་ལ་ཡུལ་སྐོར་བྱེད་པ” ཞེས་པའི་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་ལ་གཞིགས་ཏེ། ཡུལ་སྐོར་བར་རིན་མེད་ངང་སྒོ་འབྱེད་པ་དང་། ཡུལ་སྐོར་པས་སྤྲོ་གསེང་བྱེད་ཉིན་དེར་ཐོབ་ཐང་ལག་ཁྱེར་ཁྱེར་སོགས་གོ་སྤྱོད་ཀྱི་ལག་ཁྱེར་བཟུང་སྟེ་ཐད་ཀར་དུ་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་བྱས་ཆོག  རིག་དངོས་གནའ་ཤུལ་ཁག་གི་བདེ་འཇགས་འགན་ལེན་བྱ་ཆེད། ཉིན་རེར་སྣེ་ལེན་ཞུ་ཚད་མི5000 ནང་ཚུན་དུ་ཚོད་འཛིན་བྱས་ཡོད། དགུན་དུས་ཀྱི་ལྟ་སྐོར་བྱེད་ཡུན་ནི་སྔ་དྲོའི་ཆུ་ཚོད་དགུ་པ་ནནས་ཕྱི་དྲོའི་ཆུ་ཚོད་གསུམ་པའི་བར་ཡིན( ཕྱི་དྲོའི་ཆུ་ཚོད་གསུམ་པ་ནི་ཆེས་མཐའ་མཇུག་གི་ཡུལ་སྐོར་བ་ཁག་གཅིག་ཕོ་བྲང་དུ་འགྲོ་བའི་དུས་ཚོད་ཡིན) 
ph1325-p01301.jpg
ནོར་བུ་གླིང་ག
          གསར་འགོད་པས་ནོར་བུ་གླིང་ག་དོ་དམ་ཁྲུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ11པའི་ཚེས1ཉིན་ནས་བཟུང་། ཡུལ་སྐོར་བ་དང་གྲོང་མིས་རིན་མེད་ངང་ལྟ་སྐོར་བྱེད་ཆོག་མོད། འོན་ཀྱང་ནུས་ལྡན་གྱི་ཐོབ་ཐང་ལག་ཁྱེར་འཁྱེར་དགོས།  དགུན་དུས་སུ་ལྟ་སྐོར་དུ་འགྲོ་བའི་དུས་ཚོད་ནི་སྔ་དྲོའི་ཆུ་ཚོད་དགུ་དང་ཕྱེད་ཀ་ནས་ཕྱི་དྲོའི་ཆུ་ཚོད་དྲུག་བར་ཡིན། 
          བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་དང་། ཁྱབ་ཁོངས་ཡོངས་དང་དུས་ངེས་མེད་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་ལེན་དུ་ཤུགས་ཆེན་བསྟར་ཆེད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས2018 ལོའི་ལོ་མཇུག་གི“ དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་བྱེད་པའི” གཟིགས་སྐྱོང་སྲིད་ཇུས་ཁྱབ་བསྒྲགས་བྱས་ཤིང་། 2018ལོའི་ཟླ11པའི་ཚེས1ཉིན་ནས 2019ལོའི་ཟླ3པའི་ཚེས15ཉིན་བར་དུ། ལྗོངས་ཡོངས་ཀྱི་གཞུང་ཁོངས་རིམ་པ3 A ( རིམ་པ3 A ཚུད་པ) ཡན་གྱི་མཛེས་ལྗོངས་ཁུལ་དུ་རིན་པ་མི་དགོས་པར་ལྟ་སྐོར་བྱེད་ཆོག་པ་དང་། རྒྱལ་ཁབ་ལ་དབང་བའི་རིམ་པA 3མན་དང་རྒྱལ་ཁབ་ལ་དབང་བ་མ་ཡིན་པའི་རིམ་པA ཅན་གྱི་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་རིགས་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་སུ་སྤ་སེའི་གོང་ཚད་རྨང་གཞིའི་ཐོག་ནས་ཕྱེད་ཀ་ཉུང་དུ་འགྲོ་རྒྱུ་དང་། དུས་མཚུངས་སུ་གསོལ་མགྲོན་ཁང་དུ་ཞག་སྡོད་དང་། ཡུལ་སྐོར་རླངས་འཁོར། མཁའ་འགྲུལ་ལྕགས་ལམ་སོགས་ལའང་གཟིགས་སྐྱོང་གི་ཐབས་ཤེས་སྤེལ་རྒྱུ་རེད།