གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝུའུ་དབྱིང་ཅེས་གཙོ་གནད་རྣམ་གྲངས་འཆར་འགོད་འཛུགས་སྐྲུན་གྱི་ལས་དོན་ལ་རྟོག་ཞིབ་གནང་བ།

སྤེལ་དུས 2018-10-08 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
          ཟླ་10ཚེས་4ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་གཙོ་གནད་རྣམ་གྲངས་འཆར་འགོད་འཛུགས་སྐྲུན་གྱི་ལས་དོན་ལ་རྟོག་ཞིབ་གནང་ཞིང་། འདི་ནི་ཝུའུ་དབྱིང་ཅེ་དང་བློ་བཟང་རྒྱལ་མཚན་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”གཙོ་གནད་ལས་གྲྭ་དང་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་གཙོ་གནད་རྒྱབ་སྐྱོར་རྣམ་གྲངས་ཏེ་རང་སྐྱོང་ལྗོངས་ལོ་ཆུང་བྱིས་པའི་ཕོ་བྲང་འཛུགས་སྐྲུན་བྱ་ཡུལ་ལ་རྟོག་ཞིབ་གནང་བའི་གནས་ཚུལ་ཡིན་པ།
          ཚེས་4ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་གཙོ་གནད་རྣམ་གྲངས་འཆར་འགོད་འཛུགས་སྐྲུན་གྱི་ལས་དོན་ལ་རྟོག་ཞིབ་གནང་སྐབས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་དེ་བཞིན་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་སྒེར་སེམས་མེད་པའི་རོགས་སྐྱོར་འོག བོད་ལ་འཕྲད་པར་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་ཐོབ་པ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་གཙོ་གནད་རྣམ་གྲངས་མང་པོ་ཞིག་གཏན་འཁེལ་ལག་བསྟར་དང་འཛུགས་སྐྲུན་བྱེད་འགོ་ཚུགས་པའི་ཁྲོད་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་རང་བཞིན་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་སྔར་བས་ཚོར་ཐུབ་པ་བྱུང་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང“གདེང་ཚོད་བཞི”བརྟན་དུ་བཏང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། རྣམ་གྲངས་གལ་ཆེན་དང་དམངས་འཚོའི་རྣམ་གྲངས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། དམངས་འཚོ་དེ་སྲིད་སྐྱོང་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ་དུས་དང་རྣམ་པ་ཀུན་ཏུ་སེམས་ནང་འཇོག་པ་དང་ཕྲག་ཐོག་ཏུ་འཁུར་བ། སྒྲུབ་དགོས་པ་དང་སྒྲུབ་ཐུབ་པའི་བྱ་བ་དངོས་རྣམས་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ལས་ཀའི་ཕན་འབྲས་དངོས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བློ་ཡིད་ཚིམ་པོ་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
          ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡུང་ཙེ་བཅས་ལྷན་དུ་ཕེབས་པ་རེད།
          2017ལོའི་ཟླ་བདུན་པར་འཛུགས་སྐྲུན་བྱེད་འགོ་ཚུགས་པའི་རང་སྐྱོང་ལྗོངས་ལོ་ཆུང་བྱིས་པའི་ཕོ་བྲང་ནི་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”གཙོ་གནད་ལས་གྲྭ་དང་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་གཙོ་གནད་རྒྱབ་སྐྱོར་རྣམ་གྲངས་ཤིག་རེད། ཝུའུ་དབྱིང་ཅེས་ལས་ཡུལ་དུ་ཕེབས་ཏེ་འགྲེམས་པང་ལ་གཟིགས་པ་དང་ཕེབས་ཞོར་དུ་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། རང་སོར་བཞག་པའི་ཀྲུའུ་ཞི་སྡིངས་ཆ་སོགས་ལོ་རྒྱུས་ཀྱི་གནའ་ཤུལ་གཟིགས་སྐབས་ཁོང་གིས་གནས་འདིས་བོད་ལྗོངས་གསར་པའི་ལོ་རྒྱུས་ཀྱི་འཕོ་འགྱུར་ར་སྤྲོད་བྱེད་ལ་དེར་གསར་བརྗེའི་དྲན་ཤེས་ཟབ་མོ་ཡང་ལྡན་པས། ངེས་པར་དུ་མར་ཁེ་སི་རིང་ལུགས་ཀྱི་ལོ་རྒྱུས་ལྟ་བ་བརྟན་པོར་བཙུགས་ཏེ་ཕུལ་བྱུང་གི་ལོ་རྒྱུས་རིག་གནས་རྒྱུན་འཛིན་ཡག་པོ་བྱས་ནས་གཞོན་ནུ་ལོ་ཆུང་ལ་སློབ་གསོ་གཏོང་བའི་ཁྲོད་ཀྱི་དེའི་དམིགས་བསལ་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད། ཝུའུ་དབྱིང་ཅེས་བོད་རང་སྐྱོང་ལྗོངས་ཀྱི་ལོ་ཆུང་བྱིས་པའི་ཕོ་བྲང་དེར་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་གཞོན་ནུ་ལོ་ཆུང་ལ་ཐུགས་ཁུར་ཟབ་མོ་གནང་ལུགས་འདུས་ཡོད་ལ་ཀོང་བོད་ཞིང་ཆེན(རང་སྐྱོང་ལྗོངས)གཉིས་ཀྱི་མཛའ་མཐུན་ཟབ་མོ་ཡང་འདུས་ཡོད།
          རིམ་པ་ཁག་དང་སྡེ་ཚན་ཁག་གིས་གཞོན་ནུ་ལོ་ཆུང་གི་ལས་དོན་སྐོར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མཛུབ་སྟོན་དང་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། རྣམ་གྲངས་འཛུགས་སྐྲུན་བྱེད་པའི་གལ་ཆེའི་དོན་སྙིང་ཤེས་རྟོགས་གཏིང་ཟབ། རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་གྱི་བསམ་བློ་རྣམ་གྲངས་འཛུགས་སྐྲུན་དང་འཁོར་རྒྱུག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ། བསམ་བློའི་སློབ་གསོ་དང་རིག་གནས་སློབ་སྦྱོང་སོགས་ཀྱི་བྱེད་ནུས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་རྣམ་གྲངས་དེ་ཉིད་སློབ་ཕྱིའི་བྱེད་སྒོ་སྤེལ་ས་དང་། ཕུལ་བྱུང་གི་ལོ་རྒྱུས་རིག་གནས་རྒྱུན་འཛིན་བྱེད་ས། རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོར་ཤུགས་སྣོན་རྒྱག་ས། དུས་རབས་གསར་པའི་གཞོན་ནུ་ལོ་ཆུང་གི་ཉམས་འགྱུར་མངོན་ས་བཅས་ཀྱི་གཡུལ་ས་གལ་ཆེན་ཞིག་ཏུ་ཧུར་ཐག་འགྱུར་བར་བྱེད་དགོས་པ་དང་། གཞོན་ནུ་ལོ་ཆུང་ནས་འགོ་བཙུགས་ཏེ་དོན་དངོས་དང་ཟུང་འབྲེལ་གྱིས་ཇུས་འགོད་བྱེད་སྟངས་སྔར་བས་ལེགས་སུ་གཏོང་དགོས་པ་དང་ཐོན་ཁུངས་ཁ་ཐང་བའི་སྔོན་འགྲོའི་ཆ་རྐྱེན་འོག བོད་ཀྱི་དམིགས་བསལ་ཁྱད་ཆོས་དང་དུས་རབས་ཀྱི་ཁྱད་ཆོས་མངོན་གང་ཐུབ་བྱས་ཏེ་སྤུས་ཚད་དང་བྱེད་ནུས་ཀྱི་ཆུ་ཚད་གཉིས་ཀ་ལྡན་པར་བྱེད་དགོས་པ། རང་སྐྱོང་ལྗོངས་ལོ་ཆུང་བྱིས་པའི་ཕོ་བྲང་གི་སྒོ་མོ་འབྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་དོ་དམ་བྱས་ཏེ་འདི་ཉིད་གཞོན་ནུ་ལོ་ཆུང་གི་ལུས་རྩལ་ཐང་དང་མང་ཚོགས་ཀྱི་བྱེད་སྒོ་སྤེལ་ཡུལ་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས་པ། བོད་སྐྱོར་གྱི་ལེགས་ཆ་འདོན་སྤེལ་བྱེད་པ་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་སྤུན་ཟླའི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གྱི་རྒྱབ་སྐྱོར་དེ་བས་ཆེ་བ་ཐོབ་པར་བྱས་ནས་བོད་རང་སྐྱོང་ལྗོངས་ལོ་ཆུང་བྱིས་པའི་ཕོ་བྲང་འདི་ཉིད་མི་རིགས་མཐུན་སྒྲིལ་མཚོན་པའི་རྟེན་གཞི་གལ་ཆེན་ཞིག་ཏུ་འགྱུར་ཐབས་བྱེད་དགོས་ཞེས་བསྟན་གནང་བ་རེད།
          དཔལ་སྟོད་ཡུག་ཁུལ་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭ་ནི་ལྷ་ས་གྲོང་ཁྱེར་གྱི་ཤར་སྣུར་འཐབ་ཇུས་སྔར་བས་དོན་འཁྱོལ་བྱེད་པ་དང་གྲོང་ཤར་ཁུལ་གསར་གྱི་བྱེད་ནུས་སྐོང་བའི་རྨང་གཞིའི་སྒྲིག་བཀོད་ཀྱི་རྟ་སྒ་ཆ་སྒྲིག་གི་འཛུགས་སྐྲུན་ལས་གྲྭ་ཞིག་རེད། ཝུའུ་དབྱིང་ཅེས་ལྷ་སའི་ཉིན་རེར་བཙོག་ཆུ་གཤོང་ཚད་དང་། ཉིན་རེའི་བཙོག་ཆུ་གཙང་གསིང་། ལས་གྲྭའི་རྣམ་གྲངས་འཆར་འགོད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད།
          གྲོང་ཁྱེར་གྱི་ཁོར་ཡུག་སྔར་བས་མཛེས་སུ་གཏོང་བ་དང་སྐྱོན་བྲལ་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད། ལྷ་ས་གྲོང་ཁྱེར་གྱིས་གཙང་འགྲམ་ལམ་དུ་འགྱིག་རྫས་བཏིངས་ནས་ལུས་སྦྱོང་རྐང་ཐང་བགྲོད་ལམ་བཟོས་པ་མ་ཟད། ད་དུང་ལུས་སྦྱོང་རྐང་ཐང་བགྲོད་ལམ་དང་། རླུང་ཙེའི་དབྱིབས་ཀྱི་རྐང་རྩེད་སྤོ་ལོ་རྒྱག་ས། རླུང་ཙེའི་དབྱིབས་ཀྱི་ལན་ཆིའུ་སྤོ་ལོ་རྒྱག་ས། ཕིང་ཕང་སྤོ་ལོ་རྒྱག་ས། མི་མང་ལུས་སྦྱོང་བྱེད་ས་ལ་སོགས་ཀྱང་བསྐྲུན་ཡོད། ཝུའུ་དབྱིང་ཅེས་གཙང་འགྲམ་སྤྱི་གླིང་དུ་ཕེབས་ནས་འཛུགས་སྐྲུན་བྱས་པའི་ལུས་སྦྱོང་སྒྲིག་བཀོད་སྣ་ཚོགས་ལ་གཟིགས་ཤིང་། ཁོང་གིས་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་རྒྱུར་སྟེགས་བུ་སྐྲུན་པ་དང་། རྩལ་འགྲན་ལུས་རྩལ་དང་མང་ཚོགས་རང་བཞིན་གྱི་ལུས་རྩལ་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། ལུས་རྩལ་སྒྲིག་ཆས་མཉམ་སྐྲུན་མཉམ་སྤྱོད་མཐའ་འཁྱོངས་བྱེད་པ། མང་ཚོགས་རང་བཞིན་གྱི་ལུས་སྦྱོང་བྱེད་སྒོ་དང་ལུས་སྦྱོང་རྣམ་གྲངས་རྒྱ་ཁྱབ་ཏུ་སྤེལ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱིས་ལས་བྱེད་པ་དང་། ལས་བཟོ། མང་ཚོགས་བཅས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་རྣམས་ཀྱི་བློ་ཁ་སྐྱོན་བྲལ་ཡ་རབས་དང་ཧུར་སྐྱེད་ཡར་བརྩོན་གྱི་ལུས་རྩལ་རིག་གནས་བྱེད་སྒོར་སྔར་བས་ཕྱོགས་ཐུབ་པ་བྱེད་དགོས་ལ། འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་སེམས་ཤུགས་ཀྱང་འཕེལ་བར་བྱེད་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།
          དོན་གྲུབ་དངུལ་རྩའི་གྲོང་གི་ཐོན་ལས་ཁུལ་དུ་ཝུའུ་དབྱིང་ཅེས་ཁུལ་དེའི་རྣམ་གྲངས་སྣ་ཚོགས་ཀྱི་འཆར་འགོད་ཇུས་འགོད་ལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་རྒྱལ་ཁབ་ཀྱིས་མ་དངུལ་འཇོག་པ་དང་སྤྱི་ཚོགས་ཀྱིས་མ་དངུལ་འཇོག་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བའི་འདུ་ཤེས་ཟབ་ཏུ་གཏོང་བ། གོ་སྐབས་དམ་འཛིན་གྱིས་རང་འགུལ་ངང་བྱས་རྗེས་འཇོག་པ། “གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་ལེ་ལག་ཚང་དུ་གཏོང་བ། ཚོང་གཉེར་གྱི་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་ནས་ཁུལ་དེའི་ཐེག་ནུས་དང་ཡིད་དབང་འཕྲོག་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ལ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་ཀྱང་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།
          རྟོག་ཞིབ་གནང་རིང་ཝུའུ་དབྱིང་ཅེས་སྤུས་ཚད་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་ཨར་ལས་བྱེད་པ་བཅས་ཀྱིས་རྣམ་གྲངས་སྤུས་ཚད་མཐོ་པོ་དང་མྱུར་པོའི་ངང་འཛུགས་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། ཉེན་ཁའི་འདུ་ཤེས་དང་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཆབས་ཅིག་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།