ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱི་ཤོ་ཕུ་ཤར་མཐའ་མཚམས་ཞིབ་བཤེར་ས་ཚིགས་ནས་རི་སྐྱེས་སྲོ་ལོ་དམར་པོ་སྤྱི་རྒྱ་5.77རྩད་ཆོད་པ།

སྤེལ་དུས 2018-10-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་ཚེས་བསྒྱུར།
རི་སྐྱེས་སྲོ་ལོ་དམར་པོ།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ཤོ་ཕུ་ཤར་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་གིས་རི་སྐྱེས་རྩ་ཆེའི་སྨན་རྩ་སྲོ་ལོ་དམར་པོ་སྤྱི་རྒྱ་5.77རྩད་ཆོད་ཡོད།
          ཉིན་དེའི་ཆུ་ཚོད་18ཙམ་ལ། ས་ཚིགས་དེའི་ལས་སྒྲུབ་དཔོན་དམག་གིས་འཆར་ཅན་གྱི་ཞིབ་བཤེར་བྱེད་སྐབས་དོགས་པ་ཡོད་པའི་ཕི་གཱ་རླངས་འཁོར་ཞིག་མཐོང་བ་དང་སྐོར་ཞིབ་དཔོན་དམག་གིས་དོགས་པ་ཆེ་བའི་རླངས་འཁོར་དེ་ཟུར་དུ་ཁ་བཀག་བཅུག་ནས་ཞིབ་བཤེར་བྱས་ཡོད།
          དཔོན་དམག་གིས་མདུན་དུ་ཡོང་ནས་ཞིབ་བཤེར་བྱེད་སྐབས་རླངས་འཁོར་ནང་གི་སྐྱེས་པ་གཉིས་དངངས་འཚབ་ལང་པ་མཐོང་པས། ཐོབ་ཐང་ལག་ཁྱེར་བསྟན་རྒྱུའི་རེ་བ་བཏོན་པ་དང་། རླངས་འཁོར་དེར་ནན་ཏན་ངང་ཞིབ་བཤེར་བྱས་ཡོད།
          སྐོར་ཞིབ་དཔོན་དམག་གིས་རྐུབ་སྟེགས་འོག་འགྱིག་ཁུག་ནག་པོ་ཞིག་ཡོད་པ་ཤེས་ནས། ཁ་ཕྱེས་ནས་བལྟ་དུས་དེའི་ནང་རི་སྐྱེས་སྲོ་ལོ་དམར་པོ་ཡོད་པ་ཤེས། འདྲི་རྩད་བྱས་པ་བརྒྱུད་ཁ་ལོ་བར་ཁྲིམས་མཐུན་གྱི་ཉོ་སྒྲུབ་འགྲོ་ལུགས་གང་ཡང་འདོན་རྒྱུ་མེད་པས། མཐའ་སྲུང་དཔོན་དམག་གིས་ཁ་ལོ་བ་དང་རི་སྐྱེས་སྲོ་ལོ་དམར་པོ་བཀག་ཉར་བྱས་ནས་སྔར་ལས་ལྷག་པའི་བརྟག་དཔྱད་བྱ་རྒྱུ་ཡིན་པ་རེད།
          བརྟག་དཔྱད་བྱས་པ་བརྒྱུད། ཁ་ལོ་བ་དེ་ནི་ཧོ་ནན་ཞིང་ཆེན་ཡན་ལིན་རྗོང་གི་མི་ཡིན་ཞིང་། བོད་ལྗོངས་ཀྱི་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་གི་ཨར་ལས་བྱ་ཡུལ་ཞིག་ཏུ་ལས་ཀ་བྱེད་ཀྱི་ཡོད། ཁོ་པས་རི་སྐྱེས་སྲོ་ལོ་དམར་པོ་དེ་གནས་ཚུལ་མ་ཤེས་པའི་འོག་ས་གནས་དེ་གའི་གྲོང་མིའི་ས་ནས་ཉོ་སྒྲུབ་བྱས་པ་དང་ཉར་ནས་རང་གིས་བེད་སྤྱོད་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
          གནས་ཚུས་ཤེས་རྟོགས་བྱུང་རྗེས། མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་ལས་སྒྲུབ་དཔོན་དམག་ཚོས་དེར་སྐྱོན་བརྗོད་དང་སློབ་གསོ་བརྒྱབ་པ་རེད། དེ་རྗེས་འཕྲལ་མར་གནས་ཚུལ་སྙན་གསེང་ཞུས་བ་དང་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ནགས་ལས་ཅུས་ལ་གཞོགས་འདེགས་བྱས་ནས་གྱོད་གཞི་དེ་མཚོ་སྣ་རྫོང་ནགས་ལས་སྡེ་ཚན་གྱིས་བརྟག་དཔྱད་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་བྱས་ཡོད།
          ལྷུན་རྩེ་རྫོང་ནགས་ལས་ཅུས་ཀྱི་ཅུས་ཀྲང་བཟང་པོས་ངོ་སྤྲོད་བྱས་པར་གཞིགས་ན། “རི་སྐྱེས་སྲོ་ལོ་དམར་པོ་ནི་རྩ་ཆེའི་སྨན་རྩ་ཡིན་པ་དང་། འབྲེལ་ཡོད་བཅའ་ཁྲིམས་ཀྱི་སྲོལ་ཡིག་ནང་གཏན་འཁེལ་བྱས་པ་ལྟར་ན། མི་སུ་ཞིག་གིས་ཀྱང་རང་དགར་སྔོག་འཐུ་བྱེད་མི་ཆོག རི་སྐྱེས་སྲོ་ལོ་དམར་པོར་སྨན་སྤྱོད་རིན་ཐང་མཐོ་པོ་ལྡན་ཡོད་པ་མ་ཟད། ས་གནས་དེ་གའི་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་ནུས་པ་ངེས་ཅན་ཞིག་ཐོན་གྱི་ཡོད། ས་གནས་དེའི་སྣོད་བཅུད་ཁོར་ཡུག་ཉམས་ཞན་ཡིན་པས་ང་ཚོས་དུས་རྒྱུན་དུ་ཐབས་ཤེས་ཡོད་དགུས་མིའི་དབང་གི་གཏོར་བཤིག་མི་ཕོག་པ་བྱེད་ཀྱི་ཡོད།”
མཐའ་མཚམས་ཞིབ་བཤེར་ས་ཚིགས་སུ་ཞིབ་བཤེར་བྱ་རྒྱུ་སྒུག་ནས་སྡོད་པའི་རླངས་འཁོར།
མཐའ་སྲུང་དཔོན་དམག་གིས་ཁ་ལོ་བར་སྐྱོན་བརྗོད་དང་སློབ་གསོ་བརྒྱབ་པ།
ལྷུན་རྩེ་རྫོང་ནགས་ལས་ཅུས་ཀྱི་འགན་འཁུར་བ(གཡོན)དང་མཐའ་སྲུང་དཔོན་དམག་གིས་ཞིབ་བཤེར་བྱས་པ་བརྒྱུད་ཐོབ་པའི་རི་སྐྱེས་སྲོ་ལོ་དམར་པོར་ལྟ་བཞིན་པ།
ཡར་འགྲོ་མར་འགྲོ་བྱེད་པའི་རླངས་འཁོར་ནང་སྡོད་མཁན་གྱིས་རིམ་པ་ལྟར་སྒྲིག་ལམ་ལྡན་པའི་ངང་མཐའ་མཚམས་ཞིབ་བཤེར་ས་ཚིགས་རྒྱུད་པ།