ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་རིན་སྤུངས་རྫོང་བྱེ་བ་ཤང་ཕུ་སྣ་གྲོང་ཚོས་མཐུན་སྒྲིལ་བྱས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ།

སྤེལ་དུས 2018-10-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས།
འདི་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་བྱེ་བ་ཤང་ཕུ་སྣ་གྲོང་ཚོའི་ཟུར་ཞིག་ཡིན་པ།
           ལོ་56ལ་སླེབས་པའི་མཱ་པིན་ལིན་མི་རིང་བའི་གོང་ཟླ་བ་གཉིས་ལྷག་ཙམ་རིང་སྨན་ཁང་དུ་ལུས་ནས་སྨན་བཅོས་བྱས་པ་དང་། སྨན་ཁང་ནས་དོན་ཏེ་ཕུ་སྣ་གྲོང་ཚོར་སླེབས་རྗེས་ཀྱི་ལས་ཀ་དང་པོ་ནི་གཟུགས་པོ་ཡག་པོ་གསོ་རྒྱུ་དེ་མིན་པར་གྲོང་ཚོའི་ནང་གི་རྒན་རྒོན་མིག་དམར་སྒྲོལ་མ་དང་ཁོང་གི་ཚ་བོ་ཚ་མོ་ཚོར་དུས་ཚིགས་འདིའི་གྱོན་ཆས་བསྐྱལ་རྒྱུ་དེ་ཡིན་པ་རེད།
           ལོ་12རིང་། བོད་ལྗོངས་རིན་སྤུངས་རྫོང་བྱེ་བ་ཤང་ཕུ་སྣ་གྲོང་ཚོར་རྒྱ་རིགས་དང་། བོད་རིགས། ཧུད་རིགས། ས་ལར་རིགས་སོགས་མི་རིགས་མང་པོའི་མང་ཚོགས་ཀྱིས། ཏང་དང་སྲིད་གཞུང་གི་གཟིགས་སྐྱོང་འོག་ཕན་ཚུན་རོགས་རམ་དང་རྒྱབ་སྐྱོར་བྱས་ནས། མི་སེམས་འགུལ་བའི་མི་རིགས་མཐུན་སྒྲིལ་གྱི་བསྟོད་གླུ་ཞིག་བརྩམས་པ་རེད།
མི་རིགས་མཐུན་སྒྲིལ་གྱི་ཁོར་ཡུག་གཏོད་པས་ཚོང་དུད་འཁོར་བ།
           2006ལོར། བོད་ལྗོངས་རིན་སྤུངས་རྫོང་གི་དུད་ཚང་དབུལ་པོ་45ཕྱོགས་བཞི་མཚམས་བརྒྱད་ནས་བྱེ་བ་ཤང་དུ་སྤོས་ནས་ཕུ་སྣ་གྲོང་ཚོ་བཙུགས་པ་རེད། “སྐབས་དེར་འཚོ་བ་ཧ་ཅང་སྐྱོ་པོ་ཡིན། རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་བསྐྲུན་པའི་སྡོད་ཁང་ལས་གཞན་ཅི་ཡང་མེད”ཅེས་ཕུ་སྣ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བསམ་གྲུབ་ཀྱིས་བརྗོད་པ་རེད།
           གྲོང་ཚོའི་ལས་བྱེད་པར་སེམས་ཁྲལ་དེ་ལས་ཆེ་བ་ཞིག་ཡོད་པ་ནི། སྐབས་དེར་གྲོང་མི་ཚོ་ཕན་ཚུན་མ་འཆམ་པར་ཁ་རྩོད་ཤོར་བ་དང་། ར་བཟི་རྗེས་རྒྱག་རེས་ཤོར་བའི་དོན་རྐྱེན་ཡང་རྟག་ཏུ་ཐོན་གྱི་ཡོད་པ་དེ་རེད།
           གནས་ཚུལ་དེར་འགྱུར་ལྡོག་གཏོང་ཆེད། གྲོང་ཚོའི་ལས་བྱེད་པས་མང་ཚོགས་ཀྱི་བསམ་འཆར་ཐེངས་མང་བསྡུ་ལེན་བྱས་རྗེས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱ་རྒྱུ་དེ་གྲོང་སྲོལ་དམངས་ཆིངས་ནང་བྲིས་པ་དང་། ལོ་གསར་དང་དུས་ཆེན་སྐབས་སུ། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་ཚང་མ་མཉམ་དུ་བསྐོངས་ནས་ཁ་བརྡ་གློད་པ་དང་། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གིས་བདེ་སྐྱིད་བརྗོད་པ། མི་ཚང་མས་སྦ་གསང་མེད་པར་མྱོང་ཚོར་གླེང་བ་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་པས་གྲོང་མི་ཚང་མ་རིམ་བཞིན་འཆམ་མཐུན་དུ་གྱུར་པ་རེད།
           རྒྱལ་ལམ་318ཉམས་གསོ་དང་ལྷ་གཞིས་ལྕགས་ལམ་ལེགས་གྲུབ་བྱུང་བ་དང་བསྟུན་ནས། རྒྱལ་ལམ་རྒྱུད་ཀྱི་ཕུ་སྣ་གྲོང་ཚོས་ཐུན་མོང་མ་ཡིན་པའི་ས་ཁམས་ལེགས་ཆ་དང་མཐུན་སྒྲིལ་རོགས་རེས་ཀྱི་རྣམ་པར་བརྟེན་ནས་ཀན་སུའུ་དང་སི་ཁྲོན་སོགས་ཀྱི་ཚོང་དུད་20ལྷག་དེར་འཁོར་བ་རེད།
           མཱ་པིན་ལིན་ནི་སྐབས་དེར་ཕུ་སྣ་གྲོང་ཚོར་ཡོང་ནས་འགྱིག་འཁོར་ཉམས་བཟོའི་ཚོང་ལས་གཉེར་བ་ཞིག་རེད།
           ཚོང་རིམ་བཞིན་ཡག་ཏུ་ཕྱིན་རྗེས་མཱ་པིན་ལིན་གྱིས་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་རྒན་རྒོན་མིག་དམར་སྒྲོལ་མར་རང་འགུལ་ངང་ལྟ་སྐྱོང་བྱས་པ་རེད།
           ཉེ་ཆར། སློབ་འགོ་ཚུགས་གྲབས་ཡོད་པས། མཱ་པིན་ལིན་གྱིས་ཚོང་དུད་འགའ་དང་མཉམ་དུ་གྲོང་ཚོ་དེའི་ནང་གི་སློབ་ཆེན་ལ་རྒྱུགས་འཕྲོད་པའི་སློབ་མ་ཚོར་འཚམས་འདྲིའི་དངུལ་སྤྲད་པ་དང་། “འདི་ག་ནི་ངའི་ཕ་ཡུལ་གཉིས་པ་ཡིན”ཞེས་མཱ་པིན་ལིན་གྱིས་བརྗོད་ཀྱི་ཡོད།
“ང་ཚོ་ཚང་མ་ཁྱིམ་ཚང་གཅིག་ཡིན”
           མཚོ་སྔོན་ནས་ཡིན་པའི་ས་ལར་རིགས་ཀྱི་ཚོང་པ་མཱ་དབྱི་ལཱ་ཧའེ་སྨི་ཡིས་ཕུ་སྣ་གྲོང་ཚོར་ཐུག་པ་འཐུང་སའི་ཟ་ཁང་ཞིག་གཉེར་ཡོད་པ་དང་། བྲོ་བ་ཞིམ་ལ་རིན་གོང་ཡང་ཁེ་པོ་ཡོད་པས་ཚོང་ཡག་པོ་ཡོད་པ་རེད།
           མཱ་དབྱི་ལཱ་ཧའེ་སྨི་ཡིས་ཕག་ཤ་མི་ཟ་ཡང་། ཟ་ཁང་དུ་ལས་ཀ་བྱེད་མཁན་གྲོང་མི་ཚོས་ཟ་འཕྲོ་འཐུང་འཕྲོ་ཁྱེར་ནས་ཕག་པར་སྟེར་བར་མི་འཐད་པ་ཅི་ཡང་མེད།
           ཕུ་སྣ་གྲོང་ཚོར་འཚོ་བ་ཡག་པོ་སྐྱེལ་རྒྱུ་བྱུང་བའི་མཱ་དབྱི་ལཱ་ཧའེ་སྨི་ཡིས་ན་ནིང་རང་གི་གཅེན་མོ་དང་གཅེན་མོའི་བུ་ཕྲུག་གཉིས་ཀྱང་ཕུ་སྣ་གྲོང་ཚོར་ཁྲིད་ཡོང་བ་རེད། བུ་ཕྲུག་གཉིས་ཀ་ཤང་ལྟེ་བའི་སློབ་ཆུང་དུ་ཡོད་ལ། སློབ་གྲྭས་སློབ་ཡོན་མི་བསྡུ་བའི་ཁར་ད་དུང་སློབ་གྲྭའི་གྱོན་ཆས་དང་དཔེ་དེབ་རིན་མེད་ངང་སྤྲོད་ཀྱི་ཡོད་པ་རེད། “བུ་གཉིས་ཁྱིམ་དུ་ཡོད་སྐབས་རྟག་ཏུ་གཅིག་པུར་བསྡད་དེ་སྨྲ་བ་མང་པོ་མེད་ཀྱང་། བོད་དུ་སློབ་གྲྭ་འགྲིམས་རྗེས་ཁ་གསང་པོར་གྱུར་འདུག”ཅེས་མཱ་དབྱི་ལཱ་ཧའེ་སྨི་ཡིས་བརྗོད་པ་རེད།
           མཱ་དབྱི་ལཱ་ཧའེ་སྨི་དང་འདྲ་བར་གྲོང་ཚོ་དེར་ཁྲོན་ཚལ་ཟ་ཁང་ཞིག་གཉེར་བཞིན་ཡོད་པའི་མོང་ཡུས་མིང་གིས་ཀྱང་ཚོང་ཡག་པོ་བྱུང་རྗེས་གྲོང་ཚོ་དེའི་བོད་རིགས་མང་ཚོགས་བསྡུས་ནས་གཡོས་སྦྱོར་ལག་རྩལ་དང་ཟ་ཁང་གཉེར་སྐྱོང་གི་ཉམས་མྱོང་ཁྲིད་པ་དང་། སྐྱིད་འཛོམས་གཅེན་གཅུང་གཉིས་ཀྱིས་གཡོས་སྦྱོར་ལག་རྩལ་ཡག་པོ་ཤེས་རྗེས་མོང་ཡུས་མིང་གི་ཟ་ཁང་དང་ཐག་མི་རིང་བའི་སར་ཟ་ཁང་གཞན་ཞིག་གཉེར་བར་ཟླ་རེར་ཡོང་འབབ་ཁེ་གཙང་སྒོར་སྟོང་ཕྲག་ཁ་ཤས་ཡོད་པ་རེད།
མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ལ་བདེ་སྐྱིད་ཀྱི་འབྲས་བུ་སྨིན་པ།
           བཟའ་ཟླ་བུ་ཆུང་སྐྱིད་པའི་སྐོར་གླེང་སྐབས། ཕུ་སྣ་གྲོང་ཚོར་ཚོང་ཁང་གཉེར་མཁན་ཧོ་ནན་བ་ཝང་ཤན་ཝེས་དགའ་ཚོར་ཆེན་པོའི་ངང“ཁོང་གིས་ཕྱི་ནང་གི་ལས་ཀ་གང་བྱས་ཀྱང་མི་འཇོན་པ་གཅིག་ཀྱང་མེད། ལོ་གསར་དང་དུས་ཆེན་སྐབས་སུ་ངའི་ཕ་མ་གཉིས་ལ་དངུལ་བསྐུར་བ་དང་། ཕ་མ་གཉིས་ལ་ལྟ་བར་འགྲོ་སྐབས་ཁ་ལག་བཟོ་བ་དང་དཀར་ཡོལ་བཀྲུ་བ་སོགས་བྱས་ནས་ཕ་མ་གཉིས་ལ་བསྙེན་བཀུར་ཡག་པོ་ཞུ་གི་འདུག”ཅེས་བརྗོད་པ་རེད།
           ཁོང་གཉིས་ཀྱིས་བཙུགས་པའི་ཚོང་ཁང་ནང་ཞོག་ཁོག་དང་། སུར་པན། ཤིས་ཀྭ ཁམ་བུ་སོགས་སྔོ་ཚལ་དང་ཤིང་ཏོག་སྣ་ག་ཉི་ཤུ་སུམ་ཅུ་ཙམ་ཡོད། རྒྱུན་དུ་སྤྱོད་པའི་ཤ་སྨན་དང་། སྟབས་བདེའི་བཟའ་བཅའ། བཏུང་བྱ་སོགས་འཚོ་བའི་དངོས་ཟོག་གང་དགོས་ཚང་མ་འཛོམས་ཡོད། ལོ་དེར་བོད་དུ་གླ་པར་ཡོང་མཁན་ཝང་ཤན་ཝེ་ཡིས་བུ་ཆུང་སྐྱིད་པ་ངོ་ཤེས་པ་དང་ཁོང་གཉིས་དབར་བརྩེ་དུང་གི་ལས་འཕྲོའི་མདུད་པ་ཐེབས་ནས་གཉེན་སྒྲིག་བྱས། ཁྱུག་ཙམ་ཞིག་ལ་མི་ལོ་20ཙམ་སོང་ཞིང་། གཉེན་སྒྲིག་བྱས་རྗེས་བཟའ་ཚོ་གཉིས་ཀྱིས་སེམས་ནུས་གཅིག་ཏུ་བསྒྲིལ་ནས་ཚོང་ཁང་ཆུང་ཆུང་ཞིག་གཉེར་བ་དེ་ད་ཆའི་སྒོ་བཞི་ཡོད་པའི་ཚོང་ཁང་དུ་རྒྱ་སྐྱེད་བཏང་བ་དང་ན་ནིང་ཁེ་བཟང་སྒོར་ཁྲི་ཉི་ཤུ་སུམ་ཅུ་ཙམ་བྱུང་བ་རེད།
           བྱེ་བ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཅུན་ཧྭ་ཡིས་བུ་ཆུང་སྐྱིད་པ་དང་ཝང་ཤན་ཝེ་དང་འདྲ་བའི་མི་རིགས་མི་འདྲ་བ་གཉེན་སྒྲིག་བྱས་པའི་ཁྱིམ་ཚང་ཕུ་སྣ་གྲོང་ཚོར་མང་པོ་ཡོད། “རྒྱ་རིགས་བློ་མཐུན་སྤྱང་གྲུང་དོད་པ་དང་བོད་རིགས་བློ་མཐུན་དཀའ་སྤྱད་ལས་ལ་བརྩོན་པས་མི་རིགས་འདི་གཉིས་ལས་གྲུབ་པའི་མཐུན་སྒྲིལ་ཁྱིམ་ཚང་སྤྱིར་ན་ཕྱུག་པོའི་དུད་ཚང་རེད”ཅེས་ངོ་སྤྲོད་བྱས།
           གསར་འགོད་པ་དབྱངས་སྒྲོན་ཁྱིམ་གྱི་དྲོད་ཁང་དུ་སྐྱོད་སྐབས་ཁོང་གིས་བཤོས་མ་ཐག་པའི་ལྕི་བ་དང་ས་རྒྱུ་ཁོད་སྙོམས་བཞིན་འདུག ལོ་བཅུ་གྲངས་གོང་དབྱངས་སྒྲོན་དང་རྒྱ་རིགས་ཕོ་གཞོན་ཤུའེ་དབུན་ཅུན་གཉེན་སྒྲིག་བྱས། ཤུའེ་དབུན་ཅུན་གྱི་རོགས་རམ་འོག དབྱངས་སྒྲོན་གྱིས་དྲོད་ཁང་དུ་ཚལ་འདེབས་པའི་ལག་རྩལ་ཁོང་དུ་ཆུད་ཡོད། རྒྱུན་དུ་ཤུའེ་དབུན་ཅུན་ཕྱིར་ལས་ཀར་སྐྱོད་སྐབས་དབྱངས་སྒྲོན་གྱིས་ཁྱིམ་དུ་ཚལ་འདེབས་ཀྱི་ཡོད། ན་ནིང་ཁྱིམ་ལ་ཡོང་འབབ་སྒོར་ཁྲི་བདུན་བརྒྱད་ཙམ་བྱུང་བ་རེད།
           རྒྱ་རིགས་དགེ་རྒན་ཧྲི་ཅིང་པོ་ཡི་སྣེ་ཁྲིད་འོག ལོ་30ལ་སླེབས་པའི་བསོད་ནམས་ཚེ་རིང་གིས་སྦྲང་གསོའི་ལག་རྩལ་ཁོང་དུ་ཆུད། གོང་རིམ་སྡེ་ཚན་གྱི་རོགས་རམ་འོག ཁོང་གིས་གཞན་དང་མཉམ་དུ་སྦྲང་གསོའི་མཉམ་ལས་ཁང་བཙུགས་པ་དང་སྦྲང་རྩི་དང་སྦྲང་རྩིའི་ཉིང་བཅུད་སོགས་ཐོན་རྫས་བྲིན་ཁ་རྒྱུག་པོ་བྱུང་ཡོད། ན་ནིང་སྦྲང་རྩི་ཁོ་ན་ཏུན་8བཙོངས་པར་ཡོང་འབབ་ཁེ་གཙང་སྒོར་ཁྲི་30ལྷག་ཙམ་ཟིན།
           “གྲོང་ཚོར་མི་རེའི་ཆ་སྙོམས་ཡོང་འབབ་ལོ་12ལ་ལྡབ་8ཙམ་མང་དུ་སོང་བ་དང་འཚོ་བར་ཉིན་ལྟར་འགྱུར་ལྡོག་གསར་པ་འགྲོ་བཞིན་ཡོད། དེ་དག་ཚང་མ་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་དང་ཁ་འབྲལ་ཐབས་མེད། མི་རིགས་ཁག་གི་གཅེན་གཅུང་མིང་སྲིང་གི་ཐུན་མོང་འབད་བརྩོན་འོག རྒྱལ་ཡོངས་ཀྱི་མི་དམངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་ཐུབ་པ་ང་ཚོར་ཡིད་ཆེས་ཡོད”ཅེས་ལིའུ་ཅུན་ཧྭ་ཡིས་བཤད།