གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཧྭ་ཤིས་སྨན་ཁང་གི་ཆེད་ལས་སྨན་པ་ལྷ་སར་སླེབས་ཏེ་ཐུམ་འབུའི་ནད་པར་རིན་མེད་པར་གཤག་བཅོས་བྱས།

སྤེལ་དུས 2018-10-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
          ཟླ་10ཚེས་10ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་དང་ཕྱེད་ཀའི་སྟེང་། ནག་ཆུ་ནས་ཡིན་པའི་ཚེ་དབང་གིས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པར་ཐུམ་འབུའི་ནད་གཤག་བཅོས་ཁང་ནང་དུ་གཤག་བཅོས་བྱས། དེ་སྔའི་ཐུམ་འབུའི་ནད་གཤགས་བཅོས་དང་མི་འདྲ་བ་ཞིག་ནི་ད་ཐེངས་ཀྱི་སྨན་པ་ཚང་མ་ནི་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་གི་ཆེད་ལས་མཁས་པ་ཡིན། ཚེ་དབང་ད་ལོ་ལོ35ཡིན་པ་དང་། 2016ལོའི་ལོ་མཇུག་ཏུ་ཐུམ་འབུའི་ནད་བཤེར་འགོད་བྱེད་སྐབས་ཐུམ་འབུའི་ནད་ཕོག་ཡོད་པ་ཐག་བཅད། ཁྱིམ་ཚང་དབུལ་ཕོངས་ཡིན་པས་སྨན་བཅོས་མ་བྱས་པར་ད་ལྟའི་བར་ལུས། 2017ལོར། ཚེ་དབང་ལ་“ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ནད་བཅོས་”ཀྱི་རོགས་སྐྱོར་ཐོབ་སྟེ། གཤགས་བཅོས་འགྲོ་གྲོན་ཚང་མ་རྩ་ཆག་བཏང་། ནད་ཀྱི་ཚབས་ཆེ་ཆུང་ལ་གཞིགས་ནས་ཚེ་དབང་ད་ལོའི་ཟླ་10ཚེས་10ཉིན་བཤགས་བཅོས་བཀོད་སྒྲིག་བྱས། ཚེ་དབང་ལ་གཤག་བཅོས་བྱེད་པའི་སྨན་པ་གཙོ་བོ་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཚིན་ཡོང་གིས་གཤག་བཅོས་བྱེད་ཞོར་བཤག་བཅོས་བྱེད་སྐབས་དོ་སྣང་བྱ་དགོས་པའི་དོན་ཚན་ངོ་སྤྲོད་བྱས། དུས་ཚོད་དལ་གྱིས་བཞུད། ཆུ་ཚོད་3འགོར་རྗེས་ཚིན་ཡོང་གིས་བརྗོད་རྒྱུར། “གཤགས་བཅོས་ཧ་ཅང་ལེགས་འགྲུབ་བྱུང་སོང་།” གཤག་བཅོས་ཁང་ནང་གི་ཛ་དྲག་གི་རྣམ་པ་རིམ་གྱིས་ལྷོད་གཡེང་དུ་གྱུར།
          གཤག་བཅོས་ཚར་རྗེས། སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་གི་ཆེད་ལས་སྨན་པ་རྣམས་ཀྱིས་ཉིན་གུང་གི་ཁ་ལག་སྟབས་བདེ་ཞིག་ཟས་རྗེས་ལས་ཀར་འབད་པ་བྱས། མ་གཞི་ཕྱི་དྲོའི་ཆུ་ཚོད་3:30སྟེང་ཁོ་ཚོས་ད་དུང་མཆིན་མཁྲིས་ཀྱི་ནད་པར་འོས་འགན་སྨན་བཅོས་བྱ་དགོས། ད་ཐེངས་ཀྱི་འོས་འགན་སྨན་བཅོས་བྱེད་སྒོ་ནི་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པ་དང་། སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་གཉིས་ཀྱིས་མཉམ་འབྲེལ་གྱིས་སྤེལ་བ་ཡིན། རིན་མེད་པར་མཆིན་མཁྲིས་ཀྱི་ནད་པར་ཆེད་ལས་མཛུབ་སྟོན་དང་བློ་འདྲི་བའི་བྱེད་སྒོ་སྤེལ་གྲབས་ཡོད། ད་དུང་ནད་པ་ཁ་ཤས་ལ་གཤག་བཅོས་བྱ་དགོས། འོས་འགན་སྨན་བཅོས་འགོ་མ་བརྩམས་གོང་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པའི་སྒོ་བསྟེན་སྨན་ཁང་གི་སྨན་བཅོས་ཚོམས་ཆེན་དུ་འོས་འགན་སྨན་བཅོས་ལ་སླེབས་པའི་ནད་པས་ཁེངས་ཡོད། གྲོང་མི་སྐལ་བཟང་ཟླ་བས་བརྗོད་རྒྱུར་“ལོ་འདི་གཉིས་ནང་ཁྱིམ་ནང་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད། ཟ་མ་ཅི་ཡིན་རུང་མ་ཟས་གོང་ལག་པ་བཀྲུ་བ་དང་། བྱིས་གཉོར་ཁང་གི་བྱིས་པས་ཉི་མ་རེ་ལ་ལྭ་བ་ཐེངས་རེ་བརྗེ་བ་དང་། ད་དུང་ཁྱིམ་ནང་དུག་སེལ་འཕྲུལ་ཆས་སྤྱོད་བཞིན་ཡོད། གལ་སྲིད་ལག་པ་མ་བཀྲུས་པར་བྱིས་པ་ཡིན་ཡང་ཟ་མ་ཟས་མི་ཆོག” འདི་ལྟ་བུའི་འགྱུར་ལྡོག་ཧ་ལམ་ལོ་གཅིག་རིང་ཁོ་ད་གཟོད་གོམས་ལོབས་སུ་གྱུར། དེ་ནི་ཁོར་ཡུག་གི་ཤུགས་རྐྱེན་དང་སྲིད་གཞུང་གི་བདེ་ཐང་དྲིལ་བསྒྲགས་དང་ཁ་འབྲལ་ཐབས་མེད། རྒྱུན་མཐུད་སློབ་གསོའི་ཕན་འབྲས་དེ་ཞིབ་ཕྲའི་ཁྲོད་གསལ་བོ་མངོན་ཡོད། འོས་འགན་སྨན་བཅོས་བྱེད་པའི་ཡུལ་དངོས་སུ། གསར་འགོད་པས་སྐབས་བསྟུན་གྱིས་གྲོང་མི་འགར་བཅར་འདྲི་བྱས་ཏེ་ཐུམ་འབུའི་ནད་ལ་རྒྱུས་ལོན་བྱས། དྲིས་ལན་མང་ཆེ་བ་གཅིག་མཐུན་ཡིན། ཚང་མས་ནད་རིགས་འདི་ལ་འཇིགས་སྐྲག་མེད་པར། ཧ་ལམ་མི་ཡོད་ཚད་ལ་ནད་བྱུང་རྗེས་ཚང་མས་ཧུར་ཐག་གིས་ནད་བཅོས་བྱས་པ་དང་། ཐ་ན་གཤག་བཅོས་ལའང་དེ་འདྲའི་འཇིགས་སྐྲག་མེད། ཟླ་10ཚེས་10ཉིན་གྱི་ཕྱི་དྲོའི་ཆུ་ཚོད་6པའི་བར་འོས་འགན་སྨན་བཅོས་བྱེད་སྒོ་ལ་ཞུགས་པའི་མི་170ལྷག་ཡོད།
          རང་ལྗོངས་ཀྱིས་“ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་འགག་སྒྲོལ་ནད་བཅོས་”སྤེལ་འགོ་བཙུགས་རྗེས། ལྗོངས་ཡོངས་ནང་རྒྱ་ཁྱབ་ཀྱིས་ཐུམ་འབུའི་ནད་ཕོག་པའི་ནད་པ་བཤེར་འགོད་བྱས་པ་མ་ཟད། ཆེད་དོན་སྨན་བཅོས་སྲོག་སྐྱོབ་ལག་བསྟར་བྱས། ཐུམ་འབུའི་ནད་པ་རེ་ལ་སྨན་བཅོས་ཁ་གསབ་རོགས་དངུལ་སྒོར་ཁྲི་གསུམ་བྱིན། དུས་མཚུངས་སུ་ད་དུང་འགོས་ནད་འབྱུང་ཁུངས་ཀྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་པས་ཐུམ་འབུའི་ནད་འགོས་པའི་རྣམ་པ་གཞི་རྩའི་ཆ་ནས་བཀག་འགོག་ཐུབ། “ཐུམ་འབུའི་ནད་རང་ལྗོངས་སུ་ཁྱབ་རྒྱ་ཆེ་བ་དང་ནད་གཞི་ལྕི་བ། འགོས་ལམ་མང་བས་བདེ་ཐང་ལ་གནོད་པ་ཆེ།” རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པའི་ཀྲུའུ་རེན་སྨན་པ་ཅང་ཀྲིན་ཙུང་གིས་བརྗོད་རྒྱུར། ཁྱི་ནི་ཐུམ་འབུའི་ནད་ཀྱི་འབྱུང་ཁུངས་གཙོ་བོ་ཡིན། མི་ཕྱུགས་མཉམ་གནས་ཀྱིས་ཐུམ་འབུའི་ནད་འགོས་སླ་བའི་རྣམ་པ་ཆགས་ཡོད་ལ། ཐུམ་འབུའི་ནད་ནི་ཞིང་ཕྱུགས་མང་ཚོགས་དབུལ་བོ་དང་ནད་གཞི་རྐྱེན་པས་སླར་ཡང་དབུལ་པོ་ཆགས་པའི་རྒྱུ་རྐྱེན་གཙོ་བོའི་གྲས་ཤིག་ཡིན། དེར་བརྟེན་ཐུམ་འབུའི་ནད་འགོག་བཅོས་ལས་རྣམ་པར་རྒྱལ་བར་ནར་འགྱངས་ཅུང་ཙམ་ཡང་བྱེད་མི་རུང་། རྒྱུས་ལོན་བྱུང་བ་ལྟར་ན། 2017ལོའི་ལོ་མཇུག་བར། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པས་ཐུམ་འབུའི་ནད་ཀྱི་གཤག་བཅོས་ཐེངས་500ལེགས་གྲུབ་ཟིན་པས། ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་ཐུམ་འབུའི་ནད་གཤག་བཅོས་ཐེངས་མང་པོ་བྱས་པའི་སྨན་ཁང་ཡིན་ལ། རང་སྐྱོང་ལྗོངས་ཐུམ་འབུའི་ནད་མཛུབ་ཁྲིད་ལྟེ་གནས་ཀྱིས་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་གཙོ་ཁྲིད་ཀྱི་ནུས་པ་ཐོན་ཡོད།