ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱི“ལག་ཁྱེར་ལོགས་དབྱེའི”སྒྱུར་བཅོས་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

སྤེལ་དུས 2018-11-13 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། རྡོ་རྗེས་བསྒྲིགས།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པར་རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ནས་ཤེས་རྟོགས་བྱུང་གསལ། བོད་ལྗོངས་ཀྱི“ལག་ཁྱེར་ལོགས་དབྱེའི”སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་དོན་སྤེལ་རིང་། སྒྱུར་བཅོས་བྱས་པ་ལས་ཁེ་ལས་90ལ་ཕན་པ་ཐོབ་ནས་གསར་དུ་ཐོ་འགོད་བྱས་པའི་ཁེ་ལས་གྲངས་འབོར་གྱི་55%ཟིན་ཡོད། སྒྱུར་བཅོས་དང་འབྲེལ་བའི་ལས་དོན་ཁག་118ཀྱི་ཁྲོད་ཁས་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་43ལ་ཕན་པ་ཐོབ་པ་དང་། ཡོངས་བསྒྲགས་རང་བཞིན་དང་སྔོན་དཔག་རང་བཞིན་ཆེ་རུ་བཏང་ནས་ཁེ་ལས་10ལ་ཕན་པ་ཐོབ་པ། འཇུག་འཐུས་དང་ལྟ་སྡོམ་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་65ལ་ཕན་པ་ཐོབ་ཡོད།
          “ལག་ཁྱེར་ལོགས་དབྱེའི”སྒྱུར་བཅོས་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད། བོད་ལྗོངས་ཀྱིས་ཁེ་ལས་ཀྱི་ལག་ཁྱེར་དང་འབྲེལ་བའི་ལས་དོན་གསེད་བཀྲོལ་བྱེད་པ་དང་བོད་ལྗོངས་ཀྱི་འགན་དབང་གསལ་ཐོའི་ལས་དོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལེགས་སྒྲིག་བྱས་པའི་སྲིད་འཛིན་གྱི་ཞིབ་བཤེར་ཆོག་མཆན་གྱི་ལས་དོན་2415གཞིར་བཟུང་ནས་ཚོད་ལྟའི་སྒྱུར་བཅོས་ཀྱི་ཇུས་གཞི་འཆར་ཟིན་བཀོད་ཡོད། དེ་དང་ཆབས་ཅིག་ཆ་འཕྲིན་མཉམ་སྤྱོད་ཀྱི་བརྗེ་རེས་ལས་སྟེགས་ཧུར་ཐག་གཏོད་པ་དང་། སྡེ་ཚན་གྱི་མཉམ་སྒུལ་ལ་ཤུགས་སྣོན་རྒྱག་པ། དེ་མཚུངས་ཀྱི་ལག་ཁྱེར་དང་འབྲེལ་བ་དང་ཞིབ་བཤེར་ཆོག་མཆན་གྱི་རིམ་པ་གསེད་བཀྲོལ་བྱེད་པ། དྲིལ་བསྒྲགས་ཀྱི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་རྣམ་པ་སྣ་ཚོགས་དང་། ཐབས་ལམ་སྣ་ཚོགས། ཟུར་ཚད་སྣ་ཚོགས་བཅས་ཀྱི་སྒོ་ནས“ལག་ཁྱེར་ལོགས་དབྱེའི”སྒྱུར་བཅོས་ཚོད་ལྟའི་ལས་དོན་དྲིལ་བསྒྲགས་བྱས་པ་རེད། མིག་སྔར་སྒྱུར་བཅོས་ཚོད་ལྟའི་ལས་དོན་སྤེལ་བ་བརྒྱུད། བོད་ལྗོངས་ཀྱིས་དེ་སྔའི་སྡེ་ཚན་20ལྷག་ཙམ་གྱི་ཞིབ་བཤེར་ཆོག་མཆན་གྱི་ལས་དོན་ཁག་59ཁེ་ལས་ཀྱི་བརྒྱུད་རིམ་ཧྲིལ་པོའི་གློག་རྡུལ་ཅན་གྱི་ཐོ་འགོད་མ་ལག་ནང་གཅིག་གྱུར་ཐོག་བཅུག་ཡོད། བདག་སྤྲོད་བྱེད་སྟངས་ཐད་དེ་སྔའི“སྐར་ཁུང་མང་པོས་བདག་སྤྲོད”བྱེད་པ་ནས“སྐར་ཁུང་གཅིག་གིས་བདག་སྤྲོད”བྱེད་པའི་བར་བསྒྱུར་ཡོད། ཞིབ་བཤེར་ཆོག་མཆན་སྤྲོད་པའི་ཐད་སྡེ་ཚན་ཁག་གིས“ཆོག་མཆན་གྱིས་དོ་དམ་གྱི་ཚབ་བྱེད་པ”ནས“ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྡོམ”དུ་རིམ་གྱིས་བསྒྱུར་ཁར། བོད་ཀྱི་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་མ་ལག་ལ་བརྟེན་ནས་ཁེ་ལས་དང་འབྲེལ་བའི་རྨང་གཞིའི་གྲངས་གཞིའི་མཛོད་དང་སྡེ་ཚན་གྱི་ཆ་འཕྲིན་བརྗེ་རེས་ཀྱི་མཉམ་སྤྱོད་ལས་སྟེགས་བཙུགས་ནས་ལེ་ལག་ཚང་བའི་ཚན་རིག་དང་མཐུན་པའི་ནུས་ལྡན་གྱི་ལྟ་སྡོམ་ལམ་སྲོལ་ཞིག་ཆགས་ཆེད་རྨང་གཞི་བཏིང་ཡོད།