ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལི་ཁེ་ཆང་སིང་ག་ཕོར་རྒྱལ་ཁབ་ལ་ཐོན་ནས་དངོས་གཞིའི་འཚམས་འདྲི་མཛད་འགོ་བརྩམས།

སྤེལ་དུས 2018-11-14 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
          སིང་ཀ་ཕོར་རྒྱལ་ཁབ་ཀྱི་ཙུང་ལི་ལིས་ཞན་ལུང་གིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར་སིང་ག་ཕོར་རྒྱལ་ཁབ་ལ་ཐོན་ནས་དངོས་གཞིའི་འཚམས་འདྲི་མཛད་འགོ་བརྩམས་པ་དང་། ཨེ་ཤ་ཡ་ཤར་མའི་མཉམ་ལས་ཀྱི་འགོ་ཁྲིད་པའི་གྲོས་ཚོགས་རབ་དང་རིམ་པར་ཞུགས་རྒྱུ་རེད།
          ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སིང་ཀ་ཕོར་རྒྱལ་ཁབ་ཀྱི་ཙུང་ལི་ལིས་ཞན་ལུང་གིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར་སིང་ག་ཕོར་རྒྱལ་ཁབ་ལ་ཐོན་ནས་དངོས་གཞིའི་འཚམས་འདྲི་མཛད་འགོ་བརྩམས་པ་དང་། དེ་ནི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འགན་བཞེས་རྗེས་ཐོག་དང་པོར་སིང་ག་ཕོར་ལ་འཚམས་འདྲི་བྱས་པ་རེད། ཁོང་གིས་སིང་ག་ཕོར་ལ་འཚམས་འདྲི་མཛད་པའི་སྐབས་སུ་ཨེ་ཤ་ཡ་ཤར་མའི་མཉམ་ལས་ཀྱི་འགོ་ཁྲིད་པའི་གྲོས་ཚོགས་རབ་དང་རིམ་པར་ཞུགས་རྒྱུ་རེད།
          ལི་ཁེ་ཆང་བཞུགས་པའི་གནམ་གྲུ་སིང་ག་ཕོར་ལ་ཐོན་རྗེས། སིང་ག་ཕོར་གྱི་ནོར་སྲིད་པུའུ་ཀྲང་ཝང་རོས་ཅེ་དང་སིང་ག་ཕོར་ན་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཧོང་ཞོ་ཡུང་སོགས་གནམ་གྲུ་ཐང་དུ་སོང་ནས་བསུ་མ་བྱས།
          ལི་ཁེ་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་སིང་ག་ཕོར་ནི་མཛའ་མཐུན་ཁྱིམ་མཚེས་དང་མཉམ་ལས་ཀྱི་གྲོགས་པོ་བཟང་བོ་ཡིན། ལོ་མང་པོའི་རིང་ལ་སིང་ག་ཕོར་ཧུར་ཐག་སྒོས་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཀྱི་འཕེལ་རིམ་ཁྲོད་དུ་ཞུགས། ཐེངས་འདིའི་འཚམས་འདྲི་བརྒྱུད་དེ་སིང་ག་ཕོར་ཕྱོགས་དང་མཉམ་དུ་ཉམས་མྱོང་སྤྱི་སྡོམ་བྱེད་པ་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། འཕེལ་རྒྱས་གསར་བར་མཉམ་གྲོས་བྱས་ནས། ཀྲུང་གོ་དང་སིང་ག་ཕོར་གྱིས་བབ་བསྟུན་མདུན་སྐྱོད་བྱེད་པའི་ཁྱོན་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་མཐུན་སྒྲིལ་རོགས་ལས་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་ཤར་ལྷོའི་མནའ་འབྲེལ་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་། ཨེ་ཤ་ཡ་ཤར་མའི་ཁུལ་ཁོངས་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད་ཟེར།
          ལི་ཁེ་ཆང་ད་དུང་ཡོ་རོབ་གླིང་ཤར་ལྷོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་མཉམ་དུ་ཁུལ་ཁོངས་ཁྱོན་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་མཐུན་འགོད་པའི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པར་མ་ཟད་ཚོགས་འདུར་ཞུགས་པའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་སྐོར་ཞིག་ལ་ཐུག་འཕྲད་བྱེད་རྒྱུ་རེད།