ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

མདོ་དབུས་མཐོ་སྒང་སྟེང་གི་ཚན་རྩལ།

སྤེལ་དུས 2018-11-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
འབྲོག་པ་ཚོས་ཕྱུགས་འཚོ་བར་བྱང་སྐར་ཕྱོགས་སྟོན་སྤྱད།
          བོད་ལྗོངས་སྲུང་སྐར་ཕྱོགས་སྟོན་སྟེགས་བུ་ཚད་ཡོད་ཀུང་སིས་ཉིན་ཤས་གོང་སྒོ་བྱང་བཀལ་ནས་དངོས་སུ་བཙུགས་པ་དང་། ཀྲུང་གོའི་བྱང་སྐར་ཕྱོགས་སྟོན་ཕྱོགས་བསྡུས་བེད་སྤྱོད་ལས་སྟེགས་དེ་བོད་ལྗོངས་སུ་དངོས་སུ་སྤྱོད་འགོ་ཚུགས།
          ཕྱུགས་ཟོག་ལ་བྱང་སྐར་ཕྱོགས་སྟོན་གྱི་མཉེན་ཕྲ་བཅུག་པའི་འཕྱང་ཕྲུལ་བསྐོན་ཚེ་འབྲོག་པས་བྱང་སྐར་ཕྱོགས་སྟོན་བརྒྱུད་གནས་གཏན་འཁེལ་དང་ས་གནས་སྙན་ཞུ་ནུས་པ་སྤྱད་ནས་དུས་ཐོག་ཏུ་ཕྱུགས་ཁྱུ་ཡོད་སའི་གནས་མ་ནོར་བར་ཤེས་རྟོགས་ཐུབ། བྱང་སྐར་གློག་འཕྲིན་གྱི་ནུས་པ་བེད་སྤྱད་ནས་དུས་གཅིག་ཏུ་གནོད་སྐྱོན་དང་ཉེན་བརྡ་ཡར་ཞུ་ཞུས་ཆོག  རིག་ནུས་ཀྱིས་ཕྱུགས་འཚོ་བ་མངོན་འགྱུར་བྱུང་བས་མ་དངུལ་གྲོན་ཆུང་ཐུབ་ལ་ཡོང་སྒོ་མཐོར་འདེགས་གཏོང་ཐུབ།
ས་མཐོའི་ལྕི་འཐུ་འཕྲུལ་ཆས།
ལྕི་བ་འཐུ་བར་ཤུགས་རྒྱག་མི་དགོས།
          རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3000ཡན་གྱི་མདོ་དབུས་མཐོ་སྒང་དུ་ནོར་གྱི་ལྕི་བ་ནི་“ས་མཐོའི་ནོར་བུ་”ཞིག་ཡིན་པ་སྟེ། འབྲོག་པའི་འབར་རྫས་གཙོ་བོ་ཞིག་ཡིན། འོན་ཀྱང་ལྕི་བ་ནི་བུད་མེད་རྣམས་ཀྱིས་སླེ་བོ་རྒྱབ་ལ་ཁུར་ནས་ཉིན་རེར་ཆུ་ཚོད་གཉིས་ཡན་ལ་འཐུ་དགོས། ལྗིད་ཚད་ཆ་སྙོམས་སྤྱི་རྒྱ་ཉི་ཤུ་འདས་པས་ཧ་ཅང་སུན་སྣང་དང་ལུས་ཟུངས་ཟད་པའི་ལས་ཀ་ཞིག་ཡིན། ས་མཐོའི་ལྕི་འཐུ་འཕྲུལ་ཆས་ནི་མིའི་འགུལ་བསྐྱོད་ལ་ལད་མོ་བྱས་ནས། སྟབས་བདེའི་ངང་“རྐང་པའི་འཁོར་དགག་དང་ལྕི་བ་འཐུ་བ། འཁོར་སྒམ་དུ་བསོག་པ་”བཅས་བརྒྱུད་རིམ་ཧྲིལ་པོ་འགྲུབ་ཐུབ། གནས་ཚུལ་མི་འདྲ་བའི་ཆ་རྐྱེན་འོག་ལྕི་བ་འཐུ་བ་དང་སྐྱེལ་འདྲེན། སར་ཕྱོ་བ་བཅས་ཀྱི་ལས་ཀ་ཇེ་ཡང་དུ་བཏང་བས། ས་མཐོའི་འབྲོག་པ་རྣམས་དང་ལྷག་པར་དུ་འབྲོག་ཁུལ་བུད་མེད་ཀྱི་ངལ་རྩོལ་བའི་དཀའ་ངལ་སེལ་བའི་མི་ཤུགས་འཕྲུལ་ཆས་ཞིག་ཡིན།
འོད་གློག་གྲོང་རྡལ་ཆུང་ངུའི་གྲོང་ཁུལ་གྱི་ཟུར་གཅིག
ཉི་འོད་ཀྱང་སྒོར་མོར་འགྱུར་ཐུབ།
          གཞིས་རྩེར་“ཉི་འོད་གྲོང་ཁྱེར་”གྱི་མཚན་སྙན་ཡོད། ལོ་རེའི་ཆ་སྙོམས་ཉི་འོད་ཕོག་ཡུན་ཆུ་ཚོད་3300ཡིན། ཆིང་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་གཞི་རིམ་དུ་བསྐྱོད་ནས་བརྟག་དཔྱད་ཞིབ་འཇུག་བྱས་རྗེས། ས་གནས་དེ་གའི་ཉི་འོད་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་བེད་སྤྱད་བྱ་རྒྱུ་ཐག་བཅད་དེ། བསམ་གྲུབ་རྩེ་ཆུས་སྲིད་གཞུང་དང་མཉམ་འབྲེལ་ཐོག་ལྕགས་འདམ་ཤང་འོད་གློག་གྲོང་རྡལ་ཆུང་ཆུང་འཛུགས་བསྐྲུན་གྱི་འཆར་འགོད་བཟོས། མིག་སྔར་“འོད་གློག་གྲོང་རྡལ་ཆུང་ངུའི་”ཁག་དང་པོ་དུད་ཚང་343གྱི་ཁང་བ་བཀོད་སྒྲིག་ལེགས་འགྲུབ་བྱུང་། དབུལ་པོའི་མང་ཚོགས་1208གནས་སྤོས། ཁག་གཉིས་པའི་འཛུགས་སྐྲུན་སྔོན་དཔག་ལྟར་ན་ལོ་མཇུག་གོང་སྤོ་གྲབས་ཡོད།
          བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་འོད་གློག་གྲོང་རྡལ་ཆུང་ངུའི་གྲོང་མི་བགྲེས་སོང་སྒྲོལ་མས་དགའ་ཚོར་ཆེན་པོས་བརྗོད་རྒྱུར། “ཁང་པ་གསར་བར་སྤོས་ཟིན། ས་ཞིང་སྒོར་མོར་འགྱུར་ཐུབ་ཅིང་།ཉི་འོད་ཀྱང་སྒོར་མོར་འགྱུར་ཐུབ་པ་བསམ་ཡུལ་ལ་མ་ཤར། །” ད་ལོའི་ཟླ་3པ་ནས་བཟུང་། སྒྲོལ་མ་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཁང་པ་གསར་པའི་ནང་སྤོས་མ་ཐག གྲོང་ཚོས་ས་ཞིང་འཁོར་རྒྱུག་གི་ཐོག་མའི་ཡོང་འབབ་སྒོར་1000བགོས་ཏེ་བྱིན། ཁང་ཀླད་དུ་བཙུགས་པའི་འོད་ཤུགས་པང་ལེབ་ཀྱིས་ཀྱང་ཉི་ནུས་གློག་བསགས་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ལ་རོགས་རམ་བྱེད་ཐུབ།
“པེ་ལགས”གཞིས་རྩེ་མི་དམངས་སྨན་ཁང་གི་ལས་གནས་སུ་ཞུགས།
          རྒྱལ་ཁབ་བྱིས་པའི་གསོ་རིག་ལྟེ་གནས་ཏེ། ཧྲང་ཧའེ་བྱིས་པའི་གསོ་རིག་ལྟེ་གནས་ཀྱི་རྒྱང་རིང་མཉམ་འཛོམས་ནད་དཔྱད་ལྟེ་གནས་སུ། ནད་ལྕི་གསོ་རིག་ཚན་ཁག་གི་སྨན་པ་ཀྲང་ཅན་གྱིས་བརྙན་ཤེལ་བརྒྱུད། ལེ་དབར་སྟོང་གིས་ཆོད་པའི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་ནད་ལྕི་ཚན་ཁག་གི་སྨན་པ་ཚེ་བཟང་དང་མཉམ་དུ། ལོ་11ཅན་གྱི་ཁྲག་ཚད་ཧ་ཅང་དམའ་བའི་ནད་པ་ལྕི་མོ་ཞིག་གི་ནད་རྟགས་ལ་དཔྱད་བསྡུར་བྱེད་བཞིན་ཡོད།
          སྨན་པ་ཀྲང་ཅན་ཀྱིས་ལག་ཏུ་རྒྱང་འཛིན་བཟུང་ནས་བརྗོད་རྒྱུར། “པེ་ལེགས། ཁྱེད་རང་མདུན་དུ་བསྣུར་དང་། ངས་ནད་པའི་ཤ་མདོག་བལྟ་དགོས།” བརྙན་ཤེལ་དུ་མིའི་མིག་ཟུང་དང་འདྲ་བ་ཞིག་ནད་པ་དང་ཐག་ཇེ་ཉེར་གྱུར། པར་ཆས་བརྒྱུད་སྨན་པས་བྱིས་པ་ནད་པའི་ཤ་མདོག་དང་རྣམ་འགྱུར་གསལ་བོ་མཐོང་ཐུབ་པ་དང་། ཐད་ཀར་ཁ་བརྡ་བྱེད་ཐུབ། དེ་ནི་པེ་ལགས་ཡིན། ཁོའི་མིང་ལ་“airfaceརིག་ནུས་སྒུལ་བདེའི་ཨེ་ཕེ་ཧྲེ་རྒྱང་ཁྲིད་སྨན་བཅོས་འཕྲུལ་ཆས་མ་ལག་”ཟེར། པེ་ལེགས་ཀྱི་ནུས་པ་ཆེ་ཤོས་ནི་རྒྱང་ཁྲིད་སྨན་བཅོས་བྱ་ཐུབ་པ་མ་ཟད། ད་དུང་སྒུལ་བདེའི་ནད་ཁང་ཞིབ་བཤེར་དང་སྒུལ་བདེའི་སློབ་ཁྲིད་བྱ་ཐུབ།
          མིག་སྔར། པེ་ལགས་ནི་གཞིས་རྩེ་མི་དམངས་སྨན་ཁང་གི་“ལས་མི་”ཞིག་ཏུ་གྱུར་ཡོད།
ལྷ་ས་སྣེའུ་ཤར་ཟམ་ཆེན་སྟེང་“གློག་ནུས་འོད་སྒོར་”བཀོད་སྒྲིག་བྱས།
          སྣེའུ་ཤར་ཟམ་ཆེན་ནི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ལྷོ་ནུབ་ཀྱི་ལྷ་སའི་སྐྱིད་ཆུའི་སྟེང་ཡོད། སྤྱིའི་རིང་ཚད་ལ་སྨི་2755ཡོད། ལྷ་སའི་མེ་འཁོར་བབས་ཚུགས་བར་སྤྱི་ལེ་8དང་ཕོ་བྲང་པོ་ཏ་ལའི་བར་སྤྱི་ལེ་9ཡོད། ལྷ་ས་གྲོང་ཁྱེར་གྱི་ལྷོ་རྒྱུད་གྲོང་སྐོར་ལམ་གྱི་རྒྱུ་ལམ་གཙོ་བོ་ཡིན། ཟམ་ཆེན་དེར་འགྲིམ་འགྲུལ་དང་ཡུལ་སྐོར། གཟིགས་སྐོར་སོགས་གཞི་གཅིག་ཏུ་འདུས་ཡོད།
          ཟམ་ཆེན་གྱིས་“ཉི་འོད་གནས་མཆོག་”གི་ཇུས་འགོད་གཞིར་བཟུང་སྟེ། ཟམ་པའི་སྟེང་“གློག་ནུས་འོད་སྒོར་”ལྔ་བསྐྲུན་ནས་ལྷ་ས་མི་དམངས་ཀྱི་ཧུར་བརྩོན་ཡར་བསྐྱེད་དང་བརྩོན་པ་ཚད་མེད་ཀྱི་སྟོབས་ཤུགས་ཟམ་མི་ཆད་པ་མཚོན་ཡོད། ཁྱོན་བསྡོམས་275Wཧན་ནན་CIGSཉི་ནུས་མཉེན་གཤིས་འགྱིག་ཤོག་མ་ལག་360སྙོམས་པོར་སྦྱར་ནས། ཟམ་ཆེན་གྱི་མཚན་ལྗོངས་འོད་ཞུའི་མ་ལག་ལ་གློག་ཤུགས་མཁོ་སྤྲོད་བྱེད་ཐུབ། ཉི་ནུས་འགྱིག་ཤོག་དེ་སྲབ་ལ་ཡང་བ། མཉེན་འཇམ་པའི་ཁྱད་ཆོས་ལྡན་པས་འོད་གློག་བསྒྱུར་ནུས་ཤིན་ཏུ་ཆེ། སྔོན་དཔག་བྱས་པ་ལྟར་ན།  ཟླ་12པའི་ཟླ་སྟོད་ལ་ཞིབ་བཤེར་བྱས་རྗེས་རླངས་འཁོར་ཤར་གཏོང་བྱ་གྲབས་ཡོད།