ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

དུས་རབས་དང་བསྟུན་ནས་སློབ་གསོར་འདུ་ཤེས་ཡང་དག་པ་འཆང་དགོས།—བོད་ཀྱི་གཞི་རིམ་སློབ་གསོའི་ལས་སྒྲུབ་པ་ཕུར་བུ་དར་རྒྱས་ལ་བཅར་འདྲི་ཞུས་པ།

སྤེལ་དུས 2018-11-16 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
           ད་ལོ་ནི་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བའི་སྐལ་བཟང་གི་དུས་ཤིག་ཡིན་ཞིང་། འདས་ཟིན་པའི་ལོ་ངོ་40རིང་བོད་ཀྱི་རིག་གནས་དང་སློབ་གསོ། གསོ་རིག དཔལ་འབྱོར་སོགས་ཀྱི་ཐད་ལ་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པས། མི་དམངས་དྲ་བའི་གསར་འགོད་པས་གོ་སྐབས་འདི་དང་བསྟུན་ནས་བོད་ལྗོངས་གཞིས་རྩེར་བཅར་འདྲིར་བསྐྱོད་པ་ཡིན།  
           ཕུར་བུ་དར་རྒྱས་ལགས་ནི་སྒྱུར་བཅོས་སྒོ་འབྱེད་བྱས་ཚུན་འཚར་ལོངས་བྱུང་བའི་བོད་ཀྱི་གཞི་རིམ་སློབ་གསོའི་ལས་སྒྲུབ་པ་ཞིག་ཡིན་ཞིང་། སྔ་རྗེས་སུ་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དགེ་འོས་སློབ་གྲྭ་དང་བོད་ལྗོངས་སློབ་ཆེན་སོགས་འགྲིམ་མྱོང་ཡོད་ཅིང་། 2001ལོར་སློབ་གསོའི་བྱ་བར་ཞུགས་པ་དང་། ད་ལྟ་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སློབ་གསོ་ཅུས་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་གི་བོད་སྐད་ཡིག་གི་སློབ་དཔྱོད་པ་དང་། 《གཞིས་རྩེའི་སློབ་གསོ》བོད་ཡིག་དཔར་མའི་དུས་དེབ་ཀྱི་གཙོ་སྒྲིག་པ། བོད་རང་སྐྱོང་ལྗོངས་རིམ་པའི་དགེ་རྒན་གཟབ་སྦྱོང་གི་རིགས་གཅིག་མཁས་དབང་གི་ཁོངས་མི། བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། གཞིས་རྩེ་གྲོང་ཁྱེར་རིག་རྩལ་ལྷན་ཚོགས་ཀྱི་ཨུ་ཡོན་སོགས་ཀྱི་འགན་བཞེས་བཞིན་ཡོད།
ཕྱག་ལས་ལ་ཕེབས་བཞིན་པ།
གཞུང་ལས་ཁང་དུ་ཕྱག་ལས་གནང་བཞིན་པ།
དཔྱད་ཞིབ་བྱེད་སྒོ་སྤེལ་བཞིན་པ།
རྒན་ལགས་ཁོང་གིས་སྣེ་ཁྲིད་དེ་གཞིས་རྩེ་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་སློབ་ཆུང་གི་ཕུལ་བྱུང་དགེ་རྒན་གསོ་སྐྱོང་བྱ་བའི་བྱེད་སྒོ་སྤེལ་བཞིན་པ།
གཞི་རིམ་སློབ་གྲྭར་བོད་སྐད་ཡིག་སློབ་ཁྲིད་གནང་བཞིན་པ།  
གཞི་རིམ་དགེ་རྒན་དང་ལྷན་དུ་བོད་སྐད་ཡིག་སློབ་ཁྲིད་ཀྱི་ནུས་པ་གོང་མཐོར་གཏོང་བའི་སྐོར་ལ་བགྲོ་གླེང་གནང་བཞིན་པ། 
གཞི་རིམ་སློབ་གྲྭར་བོད་སྐད་ཡིག་སློབ་ཁྲིད་གནང་བཞིན་པ།  
གཞི་རིམ་གྱི་སློབ་གྲྭ་ཁག་གི་དགེ་རྒན་གྱིས་སློབ་ཁྲིད་བྱ་ཚུལ་ཐད་ལ་རྟོག་ཞིབ་གནང་བཞིན་པ།   
གཞི་རིམ་དུ་དགེ་རྒན་གྱི་ཀུན་སྤྱོད་སྐོར་གྱི་ཆེད་དོན་འཆད་ཁྲིད་གནང་བཞིན་པ།
2018ལོའི་ལྗོངས་ཡོངས་ཀྱི་སློབ་ཆུང་དགེ་རྒན་གྱི་བོད་སྐད་ཡིག་སློབ་ཁྲིད་འགྲན་རར་དྲན་རྟེན་འདྲ་པར་སྐྱོན་པ།
རང་ཁྱིམ་དུ་དཔེ་ཀློག་གནང་བཞིན་པ།
2000ལོ་ནས་ལས་ཞོར་དུ་རྩོམ་འབྲིའི་བྱ་བར་ཞུགས་གནང་ནས་བརྩམས་སྒྲུང་ཕྱོགས་བསྒྲིགས《རི་གྲོང་གི་གཏམ་རྒྱུད》ཅེས་པ་པར་དུ་སྐྲུན་གནང་ཡོད།
《གཞིས་རྩེའི་སློབ་གསོ》བོད་ཡིག་དཔར་མ།