ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་ཅུས་སོགས་ཐིང་དང་ཅུས་ཁག་གཅིག་གསར་དུ་བཙུགས་ནས་སྒོ་བྱང་བཀལ་བ།

སྤེལ་དུས 2018-11-19 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
           ཚེས་17ཉིན་གྱི་སྔ་དྲོར། ལྷ་སར་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དྲིལ་བསྒྲགས་པུའུ་དང་། བོད་རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས། བོད་རང་སྐྱོང་ལྗོངས་ནགས་ལས་རྩྭ་ཐང་ཅུས། བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་གཞུང་ལས་ཁང་། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཅས་ཀྱི་སྒོ་བྱང་བཀལ་བ་རེད། ཟླ་10ཚེས་29ཉིན། ལྗོངས་ཏང་ཨུད་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པར《བོད་རང་སྐྱོང་ལྗོངས་ཀྱི་ལས་ཁུངས་སྒྱུར་བཅོས་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཡིས་གསར་འགྱུར་དཔེ་སྐྲུན་དང་གློག་བརྙན་གྱི་ལས་དོན་ལ་གཅིག་གྱུར་དོ་དམ་བྱེད་རྒྱུ་དང་ཆབས་ཅིག གསར་འགྱུར་དཔེ་སྐྲུན་གློག་བརྙན་དོ་དམ་གྱི་འགན་འཁྲི་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་ཁོངས་སུ་བཅུག་པ་མ་ཟད། རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་ཅུས་དང་། རང་སྐྱོང་ལྗོངས་པར་དབང་ཅུས། རང་སྐྱོང་ལྗོངས་གློག་བརྙན་ཅུས་བཅས་ཀྱི་སྒོ་བྱང་བཀལ་ཅིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་ལས་ཁང་གི་འགན་འཁྲི་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་ཁོངས་སུ་བཅུག་པ་དང་། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གི་སྒོ་བྱང་རང་སོར་བཞག་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གསར་འགྱུར་གླེང་ཕྱོགས་ཀྱི་ལས་དོན་ལ་གཅིག་གྱུར་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་དང་། གསར་དུ་བཙུགས་པའི་རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས་གླེང་ཕྱོགས་དྲིལ་བསྒྲགས་དང་། བྱ་གཞག་འཛུགས་སྐྲུན། ཐོན་ལས་འཕེལ་རྒྱས། ལས་རིགས་དོ་དམ་བཅས་ཀྱི་འགན་ནུས་འཁུར་རྒྱུ། གསར་དུ་བཙུགས་པའི་རང་སྐྱོང་ལྗོངས་ནགས་ལས་རྩྭ་ཐང་ཅུས་ཀྱིས་ཞིང་འབྲོག་ཐིང་གི་རྩྭ་ཐང་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་འཁུར་རྒྱུ། རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང་དང་། སྡོད་ཁང་འཛུགས་སྐྲུན་ཐིང་། ཆུ་བེད་ཐིང་། ཞིང་འབྲོག་ཐིང་སོགས་སྡེ་ཚན་གྱི་རང་བྱུང་སྲུང་སྐྱོང་ཁུལ་དང་། གྲགས་ཅན་མཛེས་ལྗོངས་ཁུལ། རང་བྱུང་ཤུལ་བཞག་ས་གཤིས་སྤྱི་གླིང་སོགས་དོ་དམ་གྱི་འགན་ནུས་གཅིག་ཏུ་བསྒྲིལ་ནས། གསར་དུ་བཙུགས་པའི་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་གཞུང་ལས་ཁང་གིས་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་གྱི་འགན་ནུས་འཁུར་མི་དགོས་པར། དབུལ་སྐྱོར་ལས་དོན་གྱི་འགན་འཁྲི་དང་ལས་ཀ་གཙོ་བོར་དམིགས་ཏེ་གནད་སྨིན་ཇུས་གཞི་ལག་བསྟར་དང་དབུལ་སྒྲོལ་འགག་སྒྲོལ་ལ་དོ་སྣང་བྱས་ནས་མང་ཚོགས་དབུལ་པོའི་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་རྒྱུ། གསར་དུ་བཙུགས་པའི་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རྒྱལ་དམངས་ཀྱི་བདེ་ཐང་སྲིད་ཇུས་ལག་བསྟར་དོན་འཁྱོལ་གྱི་འགན་འཁུར་རྒྱུ་དང་ཆབས་ཅིག ལྗོངས་ཡོངས་ཀྱི་སྨན་རྫས་འཕྲོད་བསྟེན་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུ་མ་ཟད། སྤྱི་པའི་འཕྲོད་བསྟེན་དང་། སྨན་བཅོས་ཞབས་ཞུ། འཕྲོད་བསྟེན་འཕྲལ་སྡོམ་བཅས་ལ་ལྟ་འདོམས་བྱེད་རྒྱུ། འཆར་ལྡན་བུ་བཙར་དོ་དམ་དང་ཞབས་འདེགས་ཞུ་བའི་ལས་དོན་གྱི་འགན་འཁུར་རྒྱུ། མི་འབོར་ན་རྒས་ཅན་དང་སྨན་བཅོས་རྒན་གསོ་ཟུང་འབྲེལ་སྲིད་ཇུས་དང་བྱ་ཐབས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་བཅས་ཀྱི་གཏན་འབེབས་བྱས་པ་རེད།